Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་མཆོག་གིས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དབུ་འབྱེད་རབ་གནས་དང་བཀའ་སློབ་བསྩལ་གནང་མཛད་པ།

༸གོང་ས་མཆོག་གིས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནང་ཁང་གི་རྩིག་རྨང་འདིང་འཇོག་མཛད་པ།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེ་ནས་སྤྱི་ལེ་གཉིས་ཀྱི་སར་གསར་སྐྲུན་གནང་རྒྱུའི་༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད་སོང་།ལྟེ་གནས་ཁང་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལས་གྲུབ་པའི་ཤེས་ཡོན་གྱི་ལྟེ་གནས་ཤིག་ཡིན་པ་དང་། འཛམ་གླིང་ས་ཕྱོགས་གང་སའི་གཞོན་སྐྱེས་དང་དོན་གཉེར་ཅན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པར་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་སློབ་གཉེར་དང། ཉམས་ཞིབ། མཚུངས་བསྡུར། འབྲི་རྩོམ་སོགས་ཀྱི་ལས་དོན་ལ་མཐུན་སྦྱོར་ཆེད་དམིགས་པ་ཞིག་རེད་འདུགདེ་རིང་དེ་འབྲེལ་མཛད་སྒོ་དེའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ཀྱི་ངོས་ནས་སངས་རྒྱས་ལ་དད་མོས་དང་སྐྱེ་འགྲོ་སྤྱིའི་བདེ་རྩར་སྨན་པའི་བྱམས་བརྩེའི་བཀའ་དགོངས་ལ་རྩིས་བཀུར་ཞུས་པར་ཐུགས་རྗེ་ཆེ་ཞུ་མཛད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་རྒྱུན་དུ་ང་ཚོས་ཆོས་ལ་ཡིད་སྨོན་བྱེད་པ་ཙམ་མིན་པར་བདེ་བ་འདོད་པར་སྡུག་བསྔལ་གྱི་རྩ་བ་ཤེས་དགོས། ལྷག་པར་ཆོས་ཁས་ལེན་བྱེད་མིན་ལ་ལྟོས་མེད་སེམས་བཟང་པོ་བྱ་རྒྱུ་ནི་ང་ཚོའི་ལས་འགན་ཡིན་པ་མ་ཟད་འབད་བརྩོན་བྱ་དགོས་གལ་དང་། སེམས་བཟང་པོ་བྱ་རྒྱུ་དེ་ཆོས་དང་འཇིག་རྟེན་གཉིས་ཀའི་རྩ་བ་ཡིན་པའི་ལམ་སྟོན་མཛད་སོང་།༸གོང་ས་མཆོག་གིས་ད་དུང་ང་ཚོ་བཙན་བྱོལ་བོད་མི་རྣམས་ལས་དང་སྨོན་ལམ་གྱི་ཐོག་ནས་འཚེ་མེད་ཞི་བ་དང་ཆོས་ལུགས་རིས་མེད་ལྡན་པའི་རྒྱ་གར་རྒྱལ་ཁབ་ནང་གནས་པ་དེ་སྐལ་བ་བཟང་པོ་ཞིག་ཡིན་པར་བཀའ་སྩལ་དང་འབྲེལ། རྒྱལ་ཁབ་འདིའི་ནང་གནས་པ་ཙམ་མ་ཡིན་པར་ཉིན་རེ་བཞིན་གཞན་ལ་འཚེ་བ་མེད་པར་གཞན་ཕན་གཙོ་བོར་བཟུང་སྟེ་མི་ཚེ་བསྐྱལ་དགོས་གལ་ཡིན་པའི་ལམ་སྟོན་མཛད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་དུས་ཚིགས་ཁྱད་པར་ཅན་དང་བསྟུན་བི་ཧཱར་མངའ་སྡེའི་གཞུང་དང་རྒྱ་གར་དབུས་གཞུང་ལ་ཐུགས་རྗེ་ཆེ་ཞུ་མཛད་སོང་།མཛད་སྒོ་དེའི་ཐོག་རྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་སྐུ་ཞབས་ Kiren Rijiju ཀི་རན་རི་ཇི་ཇུ་མཆོག་གིས་དབུས་པའི་བི་ཧཱར་མངའ་སྡེའི་སོ་ནམ་བློན་ཆེན་དང་། རྒྱ་གར་དབུས་གཞུང་གི་ཤེས་རིག་དང་འབྲེལ་བའི་གནད་ཡོད་སྐུ་ཚབ་ཁག་གཅིག་ཆེད་ཕེབས་གནང་འདུག་པ་དང་། གཞན་ཡང་སྐུ་མགྲོན་དུ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་ས་སྐྱ་ཁྲི་འཛིན་ཞེ་གཉིས་པ་དང་ཞེ་གསུམ་པ། དེ་བཞིན་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་དབུས་པའི་ཤར་བྱང་ཆོས་རྗེ་རྣམ་གཉིས་དང་མཁན་བླ་སྤྲུལ་རྣམ་པ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དེ་བཞིན་མི་མང་བཅས་མཛད་སྒོའི་ཐོག་མི་གྲངས་ ༡༠༠༠ ལྷག་ལྷན་ཞུགས་གནང་འདུགརྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་སྐུ་ཞབས་ Kiren Rijiju ཀི་རན་རི་ཇི་ཇུ་མཆོག་གིས་ད་རེས་གནས་ཁྱད་པར་ཅན་དེར་༸གོང་ས་མཆོག་དབུ་བཞུགས་ཐོག་མཛད་སྒོ་འདི་ལྟ་བུར་ལྷན་ཞུགས་གནང་རྒྱུ་བྱུང་བར་ཧ་ཅང་བྱིན་རླབས་ཆེན་པོ་བྱུང་ཡོད་པ་འགྲེལ་བརྗོད་གནང་བ་མ་ཟད།...

༸གོང་ས་མཆོག་གིས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དབུ་འབྱེད་རབ་གནས་དང་བཀའ་སློབ་བསྩལ་གནང་མཛད་པ།

རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་སྦེང་ལོར་གྲོང་ཁྱེར་ནང་གི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་༸གང་ཉིད་མཆོག་ལ་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་དོ ན་ལྟར།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཏཱ་ལའི་བླ་མ་མཐོ་སློབ་ཁང་དབུ་འབྱེད་རབ་གནས་བཀྲིན་ཆེ་བ་བསྐྱངས་པ་དང་དགེ་ལས་སློབ་གཉེར་བ་དང་སྐུ་མགྲོན་རྣམ་པར་བཀའ་སློབ་བསྩལ་ཡོད་པ་རེད། དེ་རིང་ཟླ་ ༡༢ ཚེས་ ༡༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་༸ཞབས་སོར་བདེ་བར་འཁོད་ནས་སློབ་གཉེར་ཁང་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་པ་དང་འབྲེལ། སྐུ་མགྲོན་གཙོ་བོ་ཀ་ན་ཊ་ཀའི་ནང་སྲིད་བློན་ཆེན་སྐུ་ཞབས་ Dr G Parameshwara མཆོག་གིས་དབུས་པའི་དམིགས་བསལ་སྐུ་མགྲོན་དུ་མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ K.S Rangappa མཆོག་དང་གནད་ཡོད་མི་སྣ་ཁག་ཅིག བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག ཕྱོགས་བཞུགས་སྤྱི་འཐུས་རྣམ་པ། ས་འགོ་རྣམ་པ་གཙོས་པའི་ས་གནས་མང་ཚོགས། ཕྱི་ནང་གི་སྐུ་མགྲོན་རྣམ་པ་དང་དེ་བཞིན་དགེ་ལས་སློབ་གཉེར་བ་བཅས་ཁྱོན་མི་གྲངས་ ༡༠༠༠ ལྷག་ལྷན་འཛོམས་གནང་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བསྩལ་ཡོད་པ་རེད། མཛད་སྒོ་དེའི་ཆེས་ཐོག་མར་མཐོ་སློབ་དེའི་སློབ་སྤྱི་བོུ་ཚེ་རིང་ལགས་ཀྱིས་མཐོ་སློབ་ཁང་དེ་ ༢༠༠༦ ལོར་༸གོང་ས་མཆོག་གིས་འཛུགས་བསྐྲུན་རྨང་གཞིའི་ས་བོན་འོག་དབུ་འཛུགས་གནང་པ་ནས་བཟུང་ད་བར་ལོ་བཅུ་ཙམ་འགྲོ་བཞིན་ཡོད་པ་དང་། སློབ་གཉེར་ཁང་འདི་ནི་ཤེས་ཡོན་ཁོ་ན་ཙམ་མིན་པར་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་བཅས་ལ་ཆེད་དམིགས་གནང་པ་ཞིག་ཡིན་པ་གསུངས་ཡོད་པ་རེད། ༸གོང་ས་མཆོ་གིས་མཛད་སྒོར་བཅར་བའི་སྐུ་མགྲོན་དང་དགེ་ལས་སློབ་གཉེར་བ་རྣམས་ལ་འཚམས་འདྲི་གནང་པ་དང་སྦྲགས། ད་བར་བོད་མིའི་ཐུན་མིན་ཆོས་རིག་གསོན་པོ་གནས་ཐུབ་པ་བྱུང་བ་འདི་ནི་གཞིགས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ཁོ་ནར་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་བཀའ་སྩལ་གནང་སོང་བ་དང་། དེ་མིན་ཕྱོགས་མང་པོ་ཞིག་ནས་གནོན་ཤུགས་ཧ་ཅང་སྤྲོད་བཞིན་ཡོད་པས་ད་ལྟའི་བོད་རིགས་གཞོན་སྐྱེས་ཚོར་བོད་ཀྱི་ཆོས་རིག་མི་ཉམས་རྒྱུན་གནས་ཐུབ་ཐབས་སུ་འགན་འཁྲི་ཆེན་པོ་ཡོད་པ་བཀའ་བསྩལ་ཡོད། དེ་བཞིན་༸གོང་ས་མཆོག་གིས་འཕགས་བོད་གཉིས་ཟེར་ནས་ལོ་རྒྱུས་ཐོག་ནས་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད།...

Latest news

- Advertisement -spot_img