Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཐུགས་དམ།

མོན་གྷོ་འདོད་དགུ་གླིང་གི་གཞིས་མི་པཱ་སྤེན་པ་ལགས་ཉིན་གྲངས་ ༡༣ རིང་ཐུགས་དམ་ལ་བཞུགས་མུས།

རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་དགུ་གླིང་གི་གཞིས་གྲོང་ ༧ པའི་ཁང་ལས་ ༡༡ ནང་གནས་བཞུགས་པཱ་སྤེན་པ་ལགས་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༩ དང་བོད་ཚེས་ ༨ ཀྱི་ཉིན་དགུང་ཚོུད་ ༡༌༡༥ ཐོག་རང་ཤག་ཏུ་དགུང་གྲངས་ ༩༥ སྟེང་དགོངས་པ་རྫོགས་ཡོད་པ་དང་། དགོངས་པ་རྫོགས་པའི་ཉིན་ནས་བཟུང་དེ་རིང་ཟླ་ ༢ ཚེས་ ༡༠ བར་ཁྱོན་ཉིན་གྲངས་ ༡༣ རིང་ལ་ཐུགས་དམ་དུ་བཞུགས་མུས་རེད་འདུགའདས་པོ་ཁོང་གི་ནང་མི་ཚོས་ད་བར་ཁོང་ཐུགས་དམ་ལ་བཞུགས་པའི་གནད་དོན་དེ་གསང་རྒྱ་གནང་བཞིན་འདུག་ཀྱང་། ཟླ་བ་སྔོན་མའི་ཚེས་ ༢༩ ཉིན་དགོངས་པ་རྫོགས་པ་ནས་བཟུང་སྐུ་ཕུང་ལ་དྲི་མ་གང་ཡང་མེད་པར་ད་དུང་ཐུགས་དམ་ལ་བཞུགས་མུས་ཡིན་པར་བརྟེན་འདི་ག་རླུང་འཕྲིན་ཁང་གིས་དམ་པ་ཁོང་གི་བུ་གྲགས་པ་རྒྱལ་མཚན་ལགས་སུ་ཁོང་གི་ཕ་དམ་པ་དེ་ཉིད་དགོངས་པ་གཤེགས་ཚུལ་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཁོང་གིས་སྤྱིར་པཱ་ལགས་དམ་པ་ཁོང་ལ་དབུགས་འཚང་ནད་གཞི་ཕོག་པ་ལས་དེ་མིན་བདེ་ཐང་ཡིན་སྐོར་གསུངས་པ་དང་སྦྲགས། དེ་རིང་བར་ཁྱོན་ཉིན་གྲངས་ ༡༣...

༸དཔལ་ལྡན་སྟོད་རྒྱུད་སྔགས་རམས་པ་དགེ་འདུན་ཚེ་རིང་མཆོག་ཉིན་གྲངས་ ༣༧ རིང་ཐུགས་དམ་ལ་བཞུགས་པ།

༸དཔལ་ལྡན་སྟོད་རྒྱུད་སྔགས་རམས་པ་རྒན་དགེ་འདུན་ཚེ་རིང་མཆོག་ཟླ་བ་སྔོན་མའི་ཚེས་ ༡༠ ཉིན་སྔ་དྲོ་ཚོུད་ ༤༌༤༠ ཐོག་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་རྒྱུད་སྟོད་གྲྭ་ཚང་གི་རང་ཤག་ཏུ་དགུང་གྲངས་ ༨༧ སྟེང་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་འབྲེལ། དགོངས་པ་རྫོགས་པའི་ཉིན་ནས་བཟུང་ཟླ་བ་འདིའི་ཚེས་ ༡༦ བར་ཁྱོན་ཉིན་གྲངས་ ༣༧ རིང་ལ་ཐུགས་དམ་དུ་བཞུགས་འདུགརྒྱུད་སྟོད་གྲྭ་ཚང་གི་ངོས་ནས་ཟླ་བ་འདིའི་ཚེས་ ༡༧ བར་ཁོང་དགོངས་པ་རྫོགས་པའི་གནད་དོན་དེ་གསང་རྒྱ་གནང་བའི་རྗེས་སུ་ཁ་ཉིན་ཚེས་ ༡༩ ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་ཆོ་གའི་སྒོ་ནས་སྐུ་ཕུང་ཞུགས་འབུལ་དང་སྨོན་ལམ་གསུང་དོན་གནང་འདུག༸དཔལ་ལྡན་སྟོད་རྒྱུད་སྔགས་རམས་པ་རྒན་དགེ་འདུན་ཚེ་རིང་དམ་པ་མཆོག་ཟླ་བ་སྔོན་མའི་ཚེས་ ༡༠ ཉིན་དགོངས་པ་རྫོགས་རྗེས་ཐུགས་དམ་ལ་བཞུགས་ནས་ཉིན་གྲངས་ ༣༧ སོང་མཚམས་སུ་སྐུ་ཕུང་ལ་དྲི་མ་ཅུང་ཙམ་སླེབས་པ་དང་ཕྱི་ཉིན་དེར་སྐུ་གཟུགས་ལ་དྲི་མ་སྔར་ལས་མང་དུ་ཕྱིན་པར་བརྟེན་ཐུགས་དམ་གྲོལ་བར་ངོས་འཛིན་གནང་སྟེ། ཟླ་བ་འདིའི་ཚེས་ ༡༩ སྟེ་ཁ་ཉིན་རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོར་རྒྱུད་སྟོད་གྲྭ་ཚང་གི་༸སྐྱབས་རྗེ་མཁན་བླ་རྣམ་གཉིས་དབུ་བཞུགས་ཀྱིས་འདུས་མང་ཡོངས་ནས་༸དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་ཆོ་གའི་སྒོ་ནས་སྐུ་ཕུང་ཞུགས་འབུལ་གནང་ཡོད་པ་རེད།༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་གངས་དཀར་རིན་པོ་ཆེ་མཆོག་གིས་སྔགས་རམས་པ་རྒན་དགེ་འདུན་ཚེ་རིང་དམ་པ་ཁོང་དགོངས་པ་གཤེགས་ཚུལ་དང་༸སྐུ་ཚེའི་མཛད་རྗེས་སོགས་ཀྱི་ཐོག་ངོ་སྤྲོད་གནང་བ་ཞིག་གནང་བ་ཞིག་གཤམ་དུ་གསན་རོགས་གནང་། གཞི་རྩའི་༸དཔལ་ལྡན་སྟོད་རྒྱུད་སྔགས་རམས་པ་རྒན་དགེ་འདུན་ཚེ་རིང་མཆོག་ནི། མདོ་སྟོད་སྨར་ཁམས་སུ་ཕྱི་ལོ་...

དགའ་བྱང་ཏྲེ་ཧོར་དགེ་བཤེས་བསྟན་པ་དར་རྒྱས་ལགས་ཐུགས་དམ་དུ་བཞུགས་མུས།

དགའ་ལྡན་བྱང་རྩེ་ཏྲེ་ཧོར་ཁང་ཚན་གྱི་དགེ་བཤེས་བསྟན་པ་དར་རྒྱས་ལགས་ཉེ་ཆར་དགོངས་པ་རྫོགས་ནས་ཉིན་གྲངས་བཅུ་དགུ་ལྷག་སོང་ཡང་སྐུ་ཕུང་ལ་དྲི་མ་སོགས་གང་ཡང་མེད་པར་ཐུགས་དམ་ལ་བཞུགས་མུས་རེད་འདུགརྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞིར་བྱས་པའི་བྱེས་ཀྱི་གདན་ས་དགའ་ལྡན་བྱང་རྩེའི་ཏྲེ་ཧོར་ཁང་ཚན་གྱིས་ཁ་སང་དགའ་ལྡན་ལྔ་མཆོད་དང་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་ཁྱད་དང་བསྟུན་དགེ་བཤེས་དམ་པ་ཁོང་གི་ཐོས་དོན་སྒྲུབ་ལ་གཞོལ་བའི་ཉམས་རྟོགས་ལ་ཡིད་སྨོན་གྱིས་རྗེས་དྲན་ཞུས་པའི་ཡོངས་ཁྱབ་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། དགེ་བཤེས་བསྟན་པ་དར་རྒྱས་ལགས་ཉེ་ཆར་དགོངས་པ་རྫོགས་ནས་ཉིན་གྲངས་བཅུ་དགུ་ལྷག་སོང་ཡང་སྐུ་ཕུང་ལ་དྲི་མ་སོགས་གང་ཡང་མེད་པར་ཐུགས་དམ་ལ་བཞུགས་མུས་ཡིན་པ་བཀོད་འདུག དགེ་བཤེས་ལགས་དམ་པ་ཁོང་ནི་མཚན་དང་སྙན་གྲགས་ཀྱི་ཁྱབ་པ་དེ་ཙམ་མིན་ཡང་རྣམ་ཀུན་ནས་གཞན་དང་ལྷན་དུ་དོན་མེད་གྲོགས་འདྲིས་གཏན་ནས་མི་བྱ་བར་ཉིན་གང་པོར་ཞལ་འདོན་དང་སྒོམ་སྒྲུབ་སོགས་ཀྱི་ཉམས་ལེན་ཁོ་ནའི་དུས་ཚོད་འདའ་བར་བྱེད་ཀྱི་ཡོད་པ་མ་ཟད། དམ་པ་ཁོང་གི་སྒོམ་སྒྲུབ་ཉམས་ལེན་དང་ཞལ་འདོན་བྱ་རྒྱུ་དེ་ཡང་ཉིན་རེ་དང་ཟླ་རེ་ཙམ་མིན་པར་རྒྱུན་བསྲིང་ནས་ལོ་ངོ་བཅུ་ཕྲག་མང་པོར་ཉིན་མ་གཅིག་ལྟ་བུ་གནང་གི་ཡོད་པ་བཀོད་འདུག

སེར་སྨད་རོང་པོ་ཁང་ཚན་གྱི་དགེ་བཤེས་ཤིག་ཐུགས་དམ་ལ་བཞུགས་མུས།

སེར་སྨད་རོང་པོ་དགེ་བཤེས་ངག་དབང་དཔལ་བཟང་ལགས་ཉེ་ཆར་ཟླ་བ་འདིའི་ ཚེས་ ༡༧ ཉིན་ཐོ་རེངས་ཚོུད་ ༡༌༣༠ རྒྱ་གར་ལྷོ་ཕྱོགས་སེར་སྨད་རང་ཤག་ཏུ་དགུང་ལོ་ ༨༧ ཐོག་དགོངས་པ་རྫོགས་ནས་དེ་རིང་ཕྱི་ཚེས་ ༢༧ བར་ཁྱོན་ཉིན་གྲངས་ ༡༡ སོང་ཡང་སྐུ་ཕུང་ལ་དྲི་མ་སོགས་གང་ཡང་མེད་པར་ཐུགས་དམ་ལ་བཞུགས་མུས་ཡིན་པ་དང། དགེ་བཤེས་ངག་དབང་དཔལ་བཟང་ལགས་ནི་བྱེས་ཀྱི་གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་རང་ཤག་ཏུ་དགོངས་པ་རྫོགས་པའི་གནས་ཚུལ་དེ་དེ་རིང་བར་གསང་རྒྱ་ནན་པོ་གནང་འདུགགཞི་རྩའི་དགེ་བཤེས་ངག་དབང་དཔལ་བཟང་ལགས་ནི་ཁམས་སྟོང་འཁོར་ཡུལ་དགོན་སྡེ་བདུན་གྱི་ནང་ཚན་ཟླ་ཁོག་ནས་འོག་ཟླ་ཞེས་པའི་གྲོང་དུ་ཕྱི་ལོ་ ༡༩༣༤ ཟླ་ ༦ ཚེས་ ༣ ཉིན་སྐུ་འཁྲུངས་ཡོད་པ་དང་། ཆུང་དུས་ནས་ཁམས་སྟོང་འཁོར་གསང་ཆེན་རྡོ་རྗེ་གླིང་དགོན་དུ་ཆོས་ཞུགས་གནང་། དེ་རྗེས་བོད་དབུས་སུ་ཕེབས་ནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་ལོག་བྱུང་རྗེས་༸གོང་ས་མཆོག་གིས་དབུས་པའི་བོད་མི་མང་དག་ཅིག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་སྐབས་སུ་གཅིག་མཚུངས་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་ཞུགས།...

Latest news

- Advertisement -spot_img