Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་རྒྱ་གཞུང་ནས་རྒྱལ་ཚོགས་ལ་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་བཤད་དགོས་པའི་འབོད་སྐུལ་དང་སྦྲགས། བེུད་རང་དབང་སྒེར་ལངས་ཐེངས་ ༥༧ སྲུང་བརྩི་ཞུས་སོང་།

བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༤ པ་འཚོགས་བཞིན་པ།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༤ པ་དེ་བཞིན་ལ་དྭགས་གླེ་གྲོང་ཁྱེར་ལྕོག་ལམ་སར་ཡོད་པའི་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་མཉམ་འབྲེལ་ཚོགས་ཁང་ནང་ཁ་སང་ཕྱི་ཚེས་ ༡ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༥ བར་འཚོག་རྒྱུ་དང་། དེ་རིང་ས་གནས་སོ་སོའི་ལས་བསྡོམས་དང་། དེ་བཞིན་རྩིས་ཁྲ་སྙན་སྒྲོན་དང་ཞིབ་བཤེར་གནང་ཡོད་པ་རེད་འདུགགཞི་རྩའི་ཐེངས་འདིའི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་དེའི་ཐོག་རྒྱ་གར་དང་བལ་ཡུལ། ཨ་རི་དང་ཡོ་རོབ་བཅས་ས་གནས་ཁག་ ༢༨ ནས་རྒྱུན་ལས་མི་གྲངས་ ༧༥ ལྷག་མཉམ་ཞུགས་གནང་ཡོད་པ་དང་། དེའི་སྐབས་གྲོས་གཞི་དོན་ཚན་ཁག་བརྒྱད་ཐོག་བཀའ་བསྡུར་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཡིན་འདུག དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་གསུངས་དོན་དུ་འགན་འཛིན་ལྷན་ཚོགས་དིའི་ཐོག་བཀའ་བསྡུར་གནང་རྒྱུའི་གྲོས་གཞི་གལ་ཆེ་ཤོས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་གནད་དོན་དང། དེ་འབྲེལ་ཆབ་སྲིད་ཀྱི་ལས་དོན་སྤེལ་ཕྱོགས་སོགས་ཀྱི་ཐོག་གྲོས་མོལ་གནང་གི་ཡོད་སྐོར་གསུངས་ཡོད།དེ་བཞིན་ཁོང་གིས་ད་རེས་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༤ པ་དེ་བཞིན་མ་སྒྲིག་ལྷུན་གྲུབ་ལྟ་བུར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ག་ལ་དྭགས་སུ་ཆིབས་བསྒྱུར་དང་བསྟུན་གོ་སྒྲིག་ཞུ་ཐུབ་པ་དེ་ཧ་ཅང་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོེར་ཡང་གསུངས་སོང་། ཡང་ཚོགས་གཙོ་ལགས་སུ་ཨ་རིའི་ནིའུ་འོག་དང་ནིའུ་ཇར་སིའི་ཁུལ་དུ་ས་གནས་བེུད་ལྷན་ཚོགས་ཁག་གཉིས་ཡོད་པའི་སྐོར་འགན་འཛིན་ལྷན་ཚོགས་འདིའི་ནང་བཀའ་མོལ་གནང་འཆར་ཡོད་མེད་སོགས་དྲིས་པས་ཁོང་ནས་གནད་དོན་དེར་དཀའ་ངལ་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་མེད་སྐོར་གསུངས་སོང་།གཞི་རྩའི་བོད་ཀྱི་བེུད་ལྷན་ཚོགས་ནི་ཕྱི་ལོ་ ༡༩༨༤ ལོར་གསར་འཛུགས་བྱས་པ་ཞིག་དང་། བཙན་བྱོལ་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་གྲས་ཞིག་ཀྱང་ཡིན་པ་རེད། ད་ལྟའི་འཆར་ཚོགས་པ་དེའི་ནང་རྒྱ་གར་དང་བལ་ཡུལ་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་བཅས་ས་གནས་ཀྱི་ཡན་ལག་ཁག་ ༥༨...

དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༣ པ་དབུ་འཛུགས།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་དབུས་བོད་ཀྱི་བེུད་ལྷན་ཚོགས་གཙོ་གྱུར་ས་གནས་ཁག་ ༢༥ འི་རྒྱུན་ལས་བཅས་ཁྱོན་ཚོགས་མི་ ༧༣ ཙམ་མཉམ་ཞུགས་ཐོག་འགན་འཛིན་ལྷན་ཚོགས་ཐེངས་ ༡༣ པ་དབུ་འཛུགས་གནང་འདུག ཁ་སྔོན་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་དང་དམིགས་བསལ་སྐུ་མགྲོན་མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས། དགོན་སྡེ་ཁག་གི་མཁན་པོ་རྣམ་པ། ས་གནས་གྲོས་ཚོགས་ཀྱི་ཚོགས་མི་སོགས་ལྷན་འཛོམས་གནང་ཡོད་པ་དང་། མཛད་སྒོའི་ཐོག་འདི་ལོར་བུད་མེད་ལྷན་ཚོགས་ཀྱིས་འགོ་ཁྲིད་འོག་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་སུམ་ཅུར་ཕེབས་པ་དང་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ལོ་ངོ་ ༢༤ ལྷག་འགྲོ་ཡི་ཡོད་སྟབས་རྒྱལ་སྤྱིའི་ཁྲོད་དེ་འབྲེལ་གོ་རྟོགས་དང་རྒྱབ་སྐྱོར་རག་ཐབས། དེ་བཞིན་རྒྱ་གཞུང་ནས་༸སྐུ་ཉིད་མཆོག་གི་གནས་བབ་ཕྱིར་བསྒྲགས་བྱས་པའི་ཁར་གློད་བཀྲོལ་གཏང་དགོས་པའི་དགོས་འདུན་འོག་ཚོགས་མི་བགོད་འགྲེམས་ཀྱིས་རྒྱ་གར་གྱི་ས་གནས་ཁག་ལྔ་ནང་ཞི་བའི་གོམ་བགྲོད་གོ་སྒྲིག་ཞུས་པ་སོགས་དང་འབྲེལ་བའི་སྙན་ཐོའི་ཕྱག་དེབ་དབུ་འབྱེད་གནང་འདུག ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ནས་བུད་མེད་ལྷན་ཚོགས་ཀྱིས་ད་བར་བོད་ཀྱི་རྩ་དོན་སླད་ལས་འགུལ་རབ་དང་རིམ་པ་སྤེལ་བ་དེ་དག་སླད་མར་མུ་མཐུད་གནང་རྒྱུ་དང་བུད་མེད་ནུས་སྟོབས་གོང་འཕེལ་གྱི་ལས་གཞིའི་འོག་བུད་མེད་ཀྱི་ཤེས་ཡོན་ཡར་རྒྱས་སྔར་ལྷག་ཡོང་བར་ཕྱག་ལས་གནང་དགོས་པའི་འབོད་སྐུལ་ཞུས་འདུག འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲ་སྒྲོག་སྦྱང་དང་། ཕྱི་ལོ་ ༢༠༡༨ ལོར་བཞག་པའི་གྲོས་ཆོད་དག་ལ་བསྐྱར་ཞིབ། དེ་བཞིན་༸གོང་ས་མཆོག་གི་༸སྐུ་ཕྱཱ་དང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ། འདི་ལོ་རྒྱ་གཞུང་གིས་བོད་ལ་དབང་སྒྱུར་བྱས་ནས་མི་ལོ་ ༦༠ འཁོར་བ་དང་འབྲེལ་བའི་ལས་འགུལ་སྤེལ་ཕྱོགས་སོགས་གྲོས་གཞི་བཅུའི་ཐོག་གྲོས་བསྡུར་དང་རིམ་བཞིན་གྲོས་ཆོད་གཏན་འབེབས་གནང་རྒྱུ་དང་བཀའ་སྤྱི་གཉིས་ནས་ཕྱི་ཟླ་ ༡༠ པའི་ནང་དམིགས་བསལ་ཚོགས་ཆེན་འཚོགས་རྒྱུའི་ཐོག་དགོངས་འཆར་དང་། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་བོད་མིའི་དབར་གྱི་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐད་གྲོས་བསྡུར་གནང་རྒྱུ་རེད་འདུག རྩ་བའི་འགན་འཛིན་ལྷན་ཚོགས་དེ་ཟླ་ ༨...

ཤེས་འཇོན་གཉིས་ལྡན་གྱི་བོད་པའི་བེུད་ཁག་ཅིག་ལ་ཆེ་བསྟོད་ཞུ་ཐོག་རྒྱལ་སྤྱིའི་བེུད་ཉིན་མོ་སྲུང་བརྩི།

བཞུགས་སྒར་དུ་བོད་པའི་སྤྱི་ཚོགས་ཁྲོད་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཤེས་འཇོན་གཉིས་ལྡན་གྱི་བེུད་ཁག་ཅིག་གི་པར་རིས་དང་ལོ་རྒྱུས་འགྲེམས་སྟོན་བརྒྱུད་རྒྱལ་སྤྱིའི་བེུད་ཉིན་མོ་སྲུང་བརྩི་ཞུས་སོང་།དེ་རིང་ཕྱི་ཟླ་ ༣ ཚེས་ ༨ ཉིན་ International Women’s Day འམ་རྒྱལ་སྤྱིའི་བེུད་ཉིན་མོ་ཡིན་པ་དང་། དེ་རིང་ཉིན་མོ་འདིར་འཛམ་གླིང་ས་ཕྱོགས་གང་སར་གཞུང་སྒེར་ཚོགས་པ་ཁག་གིས་མང་ཚོགས་ཁྲོད་ཉིན་མོ་འདི་དང་འབྲེལ་བའི་གོ་རྟོགས་ཀྱི་གནང་སྒོ་འདྲ་མིན་སྤེལ་བཞིན་ཡོད་པ་ལྟར། བཞུགས་སྒར་དུ་སྔ་དྲོ་ཚོུད་ ༡༠ ཐོག་དྷ་ས་མེག་གྷན་ཁྲོམ་གཞུང་བཞི་མདོར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདི་ལོའི་བེུད་ཉིན་མོའི་བརྗོད་གཞི་གཙོ་བོ་ Balance for Better འམ་ཕོ་མོ་སྤྱི་སྙོམ་ཡོང་ཐུབ་ཚེ་འཛམ་གླིང་ཇེ་ལེགས་ཡོང་ཞེས་པ་གཏན་འབེབས་གནང་དོན་ལྟར་གོ་རྟོགས་ལས་འགུལ་སྤེལ་ཡོད།སྐབས་དེར་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་བོད་མིའི་སྤྱི་ཚོགས་ཁྲོད་ཆབ་སྲིད་དང་ཤེས་ཡོན། ཆོས་ལུགས་དང་སྒྱུ་རྩལ། དེ་བཞིན་སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཐོག་ནས་ད་བར་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཤེས་འཇོན་གཉིས་ལྡན་གྱི་བེུད་ཁག་ཅིག་གི་བྱས་རྗེས་ལ་ངོས་འཛིན་དང་ཆེ་བསྟོད་ཞུས་ཏེ་ཁོང་རྣམས་ཀྱི་པར་རིས་དང་ལོ་རྒྱུས་འགྲེམས་སྟོན་གནང་ཡོད། བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་སུ་དེ་རིང་གི་ཉིན་མོའི་གལ་གནད་སྐོར་བཅར་འདྲི་ཞུས་པར་ཁོང་གིས་དེ་རིང་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་རྒྱལ་ཚོགས་ཀྱིས་འདི་ལོའི་བརྗོད་གཞི་གཏན་འབེབས་གནང་བ་ལྟར་ལས་འགུལ་སྤེལ་ཡོད་པ་དང་། ལྷག་དོན་སྤྱི་ཚོགས་གང་ཞིག་ལ་མཚོན་ན་ལས་དོན་གང་གི་ཐད་ཕོ་མོ་གཉིས་སྤྱི་སྙོམ་ཡོང་ཐུབ་ཚེ་ཁྱིམ་ཚང་དང་ཚོགས་སྡེ་གང་དུའང་རྩོད་རྙོག་རིགས་ཇེ་ཉུང་སོང་ནས་འཛམ་གླིང་ཡོངས་ལ་བདེ་སྐྱིད་ལྡན་པ་ཡོང་ཐུབ་ངེས་ཡིན་སྟབས། བོད་ཀྱི་བེུད་ལྷན་ཚོགས་ནས་དེ་རིང་གི་ཉིན་མོ་དང་བསྟུན་སྤྱི་ཚོགས་ཁྲོད་བེུད་ལ་གུས་བརྩི་དང་གོ་སྐབས་གང་ཐུབ་བསྐྲུན་དགོས་པའི་རེ་འདུན་ཞུ་ཐོག་སྲུང་བརྩི་ཞུས་ཡོད་སྐོར་གསུངས་སོང་།གཞི་རྩའི་བོད་ཀྱི་བུད་མེད་ལྷན་ཚོགས་ཕྱི་ལོ་ ༡༩༥༩ ཟླ་ ༣...

རྒྱ་གཞུང་ལ་བོད་རྒྱ་ཞི་མོལ་བསྐྱར་གསོ་དགོས་པའི་དགོས་འདུན་བཏོན་སོང་།

ཁ་སང་ཟླ་ ༩ ཚེས་ ༡༠ ཉིན་སྔ་དྲོ་ཚོུད་ ༩།༣༠ སྟེང་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག དམིགས་གསལ་སྐུ་མགྲོན་བོད་ཀྱི་བེུད་ལྷནཚོགས་ཀྱི་སློབ་སྟོན་པ་དང་ཚོགས་གཙོ་ཟུར་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས། རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས། བེུད་སྤྱི་འཐུས་དང་ལས་ཟུར་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ལྷན་འཛོམས་ཐོག་བཙན་བྱོལ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་གནང་སྟེ་ལོ་ངོ་ ༣༣ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད། སྐབས་དེར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་དོན་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱིས་ལུས་སྲོག་བློས་གཏོང་གནང་མཁན་གྱི་བེུད་སྙིང་སྟོབས་ཅན་རྣམས་ལ་རྗེས་དྲན་ཞུས་པ་དང་སྦྲགས། རྒྱ་གཞུང་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པ་དང། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པ་དང། དེ་བཞིན་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་ལ་བླ་རང་སྒར་དང་ཡར་ཆེན་སྒར་དུ་གཏོར་བཤིག་གི་ལས་དོན་སྤེལ་བཞིན་པ་མཚམས་འཇོག་དགོས་པ། བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་ཡོང་བར་གནོན་ཤུགས་སྤྲོད་དགོས་པ་སོགས་ཀྱི་དོན་ཚན་ ༤ ཅན་གྱི་དགོས་འདུན་ཞིག་ཀྱང་བཏོན་ཡོད་པ་རེད། མཛད་སྒོའི་སྐུ་མགྲོན་གཙོ་བོ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བཀའ་སློབ་སྩལ་དོན། བེུད་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་དང་ལྷག་བསམ་ལ་ཡི་རངས་བསྔགས་བརྗོད་མཛད་པ་དང་འབྲེལ། ཚོགས་པའི་ངོས་ལས་གཞི་གང་ཞིག་སྤེལ་བ་རྣམས་ལས་བསྡོམས་ནང་དུ་འཁོད་ཐུབ་པ་ཙམ་མིན་པར་རྒྱུན་སྐྱོང་ཐུབ་པ་གནང་དགོས་གལ་དང། བེུད་ལྷནཚོགས་ཀྱི་ངོས་ནས་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་པའི་བཙན་བྱོལ་བོད་མི་རྣམས་ཀྱི་དབར་ལ་ཤེས་ཡོན་དང་རིག་གཞུང་གོང་འཕེལ་ཐད་ཕྱག་ལས་གནང་དགོས་གལ་ཡིན་པ་མ་ཟད།...

དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐོག་འོས་བསྡུ་སྒྲིག་གཞི་བསྐྱར་བཅོས་ཐད་གླེང་སློང་ཤུགས་ཆེ་བྱུང་འདུག

དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༢ ཐོག་བཙན་བྱོལ་བོད་མིའི་འོས་བསྡུ་སྒྲིག་གཞི་བསྐྱར་བཅོས་ཐད་ས་གནས་རྒྱུན་ལས་ཚོགས་མི་ཚོས་དགོངས་འཆར་ཕུལ་ཏེ་གླེང་སློང་ཤུགས་ཆེ་གནང་འདུག དེའང་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༢ དེ་ཟླ་འདིའི་ཚེས་ ༨ ཉིན་ནས་དབུ་འཛུགས་ཀྱིས་ཚེས་ ༡༣ བར་རྒྱ་གར་ལྷོ་ཕྱོགས་ནང་རྟེན་གཞི་བྱས་པའི་བོད་མིའི་གཞིས་སྒར་ཧུན་སུར་རབ་རྒྱས་གླིང་ནང་གཟའ་འཁོར་གཅིག་རིང་འཚོགས་ཡོད་པ་རེད། ད་ལན་གྱི་ཚོགས་འདུ་དེའི་ནང་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གཙོས་ས་གནས་ཁག་ ༣༠ ནས་ཆེད་བཅར་ཞུས་པའི་རྒྱུན་ལས་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༠༥ ལྷག་ལྷན་འཛོམས་ཐོག་ཕན་ཚུལ་དབར་གྲོས་བསྡུར་རིམ་པ་གནང་སྟེ་མ་འོངས་པའི་ལས་དོན་གནང་ཕྱོགས་དང་འབྲེལ་བའི་གྲོས་གཞི་མི་འདྲ་བ་ཁག་དགུའི་ཐོག་གྲོས་ཆོད་གཏན་འབེབས་གནང་འདུག དེའང་བོད་ནང་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་ཕྱོགས་དང་། ༸གོང་ས་མཆོག་གི་༸སྐུ་ཕྱྭ་དང་བཀའ་དགོངས་ཚུལ་བཞིན་བསྒྲུབ་ཐབས། དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་སྐྱོང་གནང་རྒྱུ་དང་གོ་རྟོགས་སྤེལ་ཕྱོགས། བོད་མིའི་མི་འབོར་འཕེལ་སྐྱེད་དང་ཕྲུ་གུར་སློབ་ཡོན་རོགས་རམ་གནང་ཕྱོགས། བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྔར་ལྷག་ཚགས་ཚུད་ཡར་རྒྱས་ཡོང་ཐབས། བོད་ཀྱི་བསྟན་སྲིད་ཁོར་ཡུག་དང་བཅས་པ་ཉམས་ཆག་གུད་དུ་འགྲོ་བཞིན་པ་ལས་སྐྱོབ་ཐབས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་མཚོན་པའི་ཤེས་ཡོན་ཡར་རྒྱས་དང་ནུས་སྟོབས་གོང་མཐོར་གཏོང་ཕྱོགས་བཅས་ཡིན་པ་རེད། ཚོགས་གཙོ་སྒྲོལ་མ་དབྱངས་འཛོམས་ལགས་ཀྱིས་ད་ལྟའི་ཆར་བོད་ཀྱི་བེུད་ལྷན་ཚོགས་ནང་དུ་མཐོ་རིམ་སློབ་གཉེར་ཁང་དུ་སྐྱོད་བཞིན་པའི་བོད་ཀྱི་བེུད་གཞོན་སྐྱེས་ཁྲོད་ནས་མཉམ་ཞུགས་གནང་མཁན་ཧ་ཅང་ཉུང་ཉུང་ཡིན་སྟབས། མ་འོངས་པར་བེུད་དེ་དག་བེུད་ཚོགས་པ་ཁག་གི་ནང་མཉམ་ཞུགས་ཐུབ་པ་ཡོང་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན་ཅེས་གསུངས་ཀྱི་འདུག གཞི་རྩའི་བོད་ཀྱི་བེུད་ལྷན་ཚོགས་ནི་དེ་སྔ་ཕྱི་ལོ་ ༡༩༨༤ ལོའི་ཟླ་ ༩ ཚེས་...

དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༢ བོད་མིའི་གཞིས་སྒར་ཧུན་སུར་རབ་རྒྱས་གླིང་དུ་འཚོགས་གཏན་འཁེལ་འདུག

ཟླ་ ༨ ཚེས་ ༨ ཉིན་རྒྱ་གར་ལྷོ་ཕྱོགས་ནང་རྟེན་གཞི་བྱས་པའི་བོད་མིའི་གཞིས་སྒར་ཧུན་སུར་རབ་རྒྱས་གླིང་དུ་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་གཙོས་པའི་ས་གནས་ཀྱི་དགོན་སྡེ་གཉིས་ཀྱི་མཁན་རིན་པོ་ཆེ་གདན་ཞུའི་ཐོག་ཚོགས་ཆེན་དབུ་འཛུགས་གནང་རྒྱུ་ཡིན་འདུག དེའང་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཀྱི་ཚོགས་ཆེན་ཐེངས་ ༡༢ དེ་ཟླ་ འདིའི་ཚེས་ ༨ ནས་དབུ་འཛུགས་ཀྱིས་ ༡༣ བར་བཅས་གཟའ་འཁོར་གཅིག་རིང་འཚོགས་རྒྱུ་ཡིན་འདུག ཐེངས་འདིའི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༢ དེ་བོད་མིའི་གཞིས་སྒར་ཧུན་རབ་རྒྱས་གླིང་དུ་བསྐོང་ཚོགས་གནང་དོན་ནི་སྔ་ལོ་ ༢༠༡༥ ལོའི་ཟླ་ ༥ ནང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཚོགས་ཆེན་ཐེངས་ ༡༡ དེ་བསྐོང་ཚོགས་གནང་སྐབས་མང་མོས་ཀྱིས་ཐག་གཅོད་གནང་དོན་བཞིན། འདི་ལོའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༢ དེ་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་དུ་འཚོགས་ གཏན་འཁེལ་བ་བྱུང་འདུག ད་ལན་གྱི་ཚོགས་ཆེན་ཐོག་བོད་ཀྱི་བེུད་ལྷན...

དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་རྒྱ་གཞུང་ནས་རྒྱལ་ཚོགས་ལ་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་བཤད་དགོས་པའི་འབོད་སྐུལ་དང་སྦྲགས། བེུད་རང་དབང་སྒེར་ལངས་ཐེངས་ ༥༧ སྲུང་བརྩི་ཞུས་སོང་།

དེ་རིང་བཞུགས་སྒར་དུ་ཟླ་ ༣ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་དཔའ་བོ་དཔའ་མོ་དྲན་རྟེན་རྡོ་རིང་མདུན་ཐང་དུ་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེ་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ལྕམ་སྐུ་ཀམ་ལཱ་པཊེལ་མཆོག་དང་དམིགས་བསལ་སྐུ་མགྲོན་ལྷ་སྐུ་རིན་ཆེན་མཁའ་འགྲོ་མཆོག་གཙོས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་དང་རྒྱུན་ལས་རྣམས་པ། དེ་བཞིན་རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མང་ཚོགས་བརྒྱ་སྐོར་འདུ་འཛོམས་ཀྱིས་བོད་ཀྱི་བུད་མེད་ རང་དབང་སྒེར་ལངས་ཀྱི་ཉིན་མོ་ཐེངས་ ༥༧ དང་སྒྲིག་འཛུགས་སླར་གསོ་གནང་སྟེ་ལོ་ངོ་ ༣༢ འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། མཛད་སྒོའི་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་དེ་རིང་གི་ཉིན་མོ་འདི་ནི་བོད་ཕྱི་ནང་གཉིས་སུ་གནས་པའི་བེུད་ཙམ་མ་ཡིན་པར་བོད་མི་ཡོད་དོ་ཅོག་གི་བརྗེད་ཐབས་མེད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་གལ་ཆེན་གྱི་ཉིན་མོ་ཞིག་ཡིན་པ་གསུངས་པ་དང་འབྲེལ། པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་ལྷན་རྒྱས་བཅས་རྒྱ་གཞུང་གིས་བཙན་འཁྲིད་བྱས་ནས་ད་ཆ་ལོ་ངོ་ ༢༠ ཙམ་འགྲོ་བཞིན་པ་དང་། ལྷག་པར་དུ་རྒྱ་གཞུང་གིས་ཁོང་དང་ནང་མི་བཅས་པ་སྐུ་འཚོ་བཞུགས་ཡིན་མིན་གྱི་གནས་ཚུལ་གང་ཡང་བཤད་ཀྱི་མེད་པ་འབུར་སྟོན་གནང་སྟེ། རྒྱ་གཞུང་ནས་རྒྱལ་སྤྱིའི་མང་ཚོགས་ལ་པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ནང་མིའི་གནས་སྟངས་གང་ཡིན་བཤད་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་སོང་། ད་དུང་ཁོང་གིས་རྒྱ་གཞུང་གིས་འདས་ལོ་དེའི་ནང་བོད་ཀྱི་ས་ཁུལ་ཁག་ཏུ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དེ་ཆབ་སྲིད་ལ་འབྲེལ་བ་བཏགས་ནས་བྱེད་སྒོ་སྔ་རྗེས་སུ་སྤེལ་ཡོད་པའི་ཁྲོད།  རྒྱ་གཞུང་གི་ངོས་འཛིན་ཡོད་པའིོ་བླ་སྤྲུལ་ ༨༧༠ ཐོ་གཞུང་གཏན་འབེབས་བྱས་པ་དེར་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་ངོས་ལེན་མེད་པ་མ་ཟད།  བོད་ཀྱི་ཆོས་ཀྱི་གནད་དོན་ཐོག་ལ་ཐད་བྱུས་བྱ་རྒྱུ་ལུགས་མཐུན་མེད་ལ་ཡིད་ཆེས་ཀྱང་མེད་ཅེས་སྐྱོན་བརྗོད་གནང་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེ་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཀམ་ལཱ་པ་ཊེལ་མཆོག་གིས་དེ་རིང་གི་དུས་ཚིགས་འདི་དང་བསྟུན། བོད་ཀྱི་རྒྱལ་གཅེས་དཔའ་མོ་ཚོའི་ཞུམ་པ་མེད་པའི་དཔའ་མཛངས་སྙིང་སྟོབས་ལ་ཆེ་བསྟོད་ཀྱི་ཡི་རངས་བསྔགས་བརྗོད་ཞུས་པ་དང་འབྲེལ། ཁོང་རང་ཉིད་བཞུགས་སྒར་དུ་འཚར་ལོངས་བྱུང་ཞིང་བོད་ཀྱི་གནད་དོན་ཐོག་བརྒྱུད་མངའ་ཡོད་མཁན་ཞིག་ཡིན་སྟབས།...

Latest news

- Advertisement -spot_img