Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་དོན་རྒྱབ་སྐྱོར་བ།

བོད་རིགས་ན་གཞོན་ཚོས་རྒྱ་གར་གྱི་གཞོན་སྐྱེས་ཚོ་དང་འབྲེལ་བ་གནང་གལ་ཆེ། 

ཕྱི་ལོ་ ༡༩༧༠ དོན་གྲངས་ནས་བོད་དོན་ཐོག་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Shri Shyam Gambhir ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་བདེན་དོན་འཐབ་རྩོད་དེ་འཚེ་མེད་ཞི་བ་དང་འབྲེལ་བའི་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་ཐོག་ལམ་སྟོན་མཛད་ཡོད་པ་དང་། དེ་ནི་བོད་མི་ཚོར་རང་དབང་ཡོང་བའི་ཐབས་ལམ་ཉག་གཅིག་པོ་དེ་ཡིན་པར་གསུངས་པ་མ་ཟད་རང་དབང་འཐབ་རྩོད་ཀྱི་ལས་འགུལ་དེ་རྒྱུན་སྐྱོང་ཐུབ་པར་བོད་མི་ཚོས་རྣམ་ཀུན་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་ཁག་ཏུ་ངེས་པར་དུ་མཉམ་ཞུགས་གནང་རྒྱུ། བོད་ཀྱི་གཅེས་ནོར་ཐུན་མིན་ཆོས་རིག་དང་ལེགས་བྱང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་གནང་རྒྱུ། ལྷག་དོན་རྒྱ་གར་ནང་ལ་བཙན་བྱོལ་དུ་ཡོད་པའི་བོད་རིགས་ན་གཞོན་ཚོས་ས་གནས་རྒྱ་གར་གྱི་གཞོན་སྐྱེས་ཚོ་དང་འབྲེལ་བ་གང་མང་གནང་དགོས་གནད་ཆགས་ཡོད་པར་གཟིགས་སྐོར་ལམ་སྟོན་གནང་ཡོད།རེས་གཟའ་པ་སངས་ཀྱི་ཕྱི་དྲོར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་གོ་སྒྲིག་གནང་སྟེ་ཕྱི་ལོ་ ༡༩༧༠ དོན་གྲངས་ནས་བོད་དོན་ཐོག་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་ India Tibet Friendship Society ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྒན་གྲས་སྐུ་ཞབས་ Shri Shyam Gambhir ལགས་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་བོད་མི་དང་འཇལ་འཕྲད་གནང་ཕྱིར་ཕེབས་ཡོད་པ་དང་ལྡི་ལི་ས་གནས་འགོ་འཛིན་གྱི་ཚོགས་ཁང་དུ་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུས་ཡོད་པ་ལྟར་ཁོང་གིས་སྐབས་དེར་ཁོང་ཉིད་དགུང་ལོ་ཆུང་དུས་ནས་བོད་དོན་ཆེད་ཐེངས་མང་བཙོན་འཇུག་གནང་མྱོང་ཡོད་པ་དང་། ཁོང་དང་ཕྱག་སྦྲེལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་པ་དཔེར་ན། སྐུ་ཞབས་ Dr....

གཉན་རིམས་རྐྱེན་གྱིས་འདས་གྲོངས་སུ་གྱུར་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུས་པ།

ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཀྱིས་ད་བར་མི་ས་ཡ་གསུམ་ལྷག་གི་ཚེ་སྲོག་ཤོར་བ་དང་དེའི་ཁྲོད་འདས་པའི་དུས་ཡུན་ནང་བོད་དོན་རྒྱབ་སྐྱོར་བ་ ༡༡ ཙམ་སྐུ་འདས་གྲོངས་སུ་གྱུར་པ་བྱུང་ཡོད་སྟབས་ཧིན་བོད་མཛའ་འབྲེལ་ཚོགས་པས་དྲ་ལམ་བརྒྱུད་ནད་ཡམས་རྐྱེན་གྱིས་འདས་གྲོངས་སུ་གྱུར་མཁན་བོད་དོན་རྒྱབ་སྐྱོར་བ་དང་བོད་ཀྱི་གྲོགས་པོ་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་ཚོགས་འདུ་ཞིག་ཚོགས་འདུགཁ་སྔོན་རེས་གཟའ་ཟླ་བའི་ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་ཞུས་པའི་ཚོགས་འདུའི་སྐབས་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Dr. Anand Kumar ལགས་ཀྱིས་ཚོགས་འདུ་དབུ་འབྱེད་དང་འབྲེལ་ཏེ་འདས་གྲོངས་སུ་གྱུར་བའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་བོད་དོན་སླད་རླབས་ཆེན་གྱི་ཞབས་འདེགས་བསྒྲུབས་པ་དག་ལ་རྗེས་དྲན་དང་སྦྲགས་ཏེ་ཁོང་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུས་འདུག དེ་བཞིན་སྐུ་ཞབས་ Dr. Manoj Kumar ལགས་ཀྱིས་སྐུ་ཚེའི་འཕེན་པ་རྫོགས་པའི་བོད་དོན་རྒྱབ་སྐྱོར་བ་རྣམ་པའི་བོད་དོན་ཐད་ཞབས་འདེགས་བསྒྲུབས་ཁག་འགྲེལ་བརྗོད་ཀྱིས་ཁོང་རྣམ་པའི་ལས་དོན་ལ་རྗེས་སུ་ཡི་རང་གིས་རྗེས་དྲན་ཞུས་འདུག་པ་དང་། གཞན་ཡང་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་འདས་གྲོངས་སུ་གྱུར་པ་རྣམས་ཀྱི་ཆེད་སྨོན་འདུན་གནང་བ་དང་འཇིགས་མེད་ལགས་ཀྱིས་ཁོང་ནས་མི་སྣ་དེ་དག་དང་མཇལ་འཕྲད་བྱུང་བ་ནི་བསོད་ནམས་ཡིན་པ་བཅས་གསུངས་འདུགའདས་གྲོངས་སུ་གྱུར་པའི་བོད་དོན་རྒྱབ་སྐྱོར་བ་མི་སྣ་དེ་དག་གིས་རང་ཉིད་ཀྱི་ཆེད་ལས་ཐད་ཞབས་འདེགས་རླབས་ཆེན་བསྒྲུབས་པ་མ་ཟད་ཁོང་རྣམས་ནས་བོད་དོན་ཐད་ལའང་རྒྱབ་སྐྱོར་དང་བོད་རང་དབང་གི་ལས་འགུལ་ཐོག་ཞབས་འདེགས་བསྒྲུབས་པར་ཡི་རང་བསྔགས་བརྗོད་གནང་འདུགགཞི་རྩའི་ལས་རིམ་དེའི་ཐོག་ཚོགས་ཞུགས་པ་རྣམས་ནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ད་བར་ལས་དོན་གནང་ཁག་སོགས་ཀྱི་ཐོག་གོ་བསྡུར་གནང་འདུག་པ་དངཐེངས་འདིའི་ལས་རིམ་དེའི་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་དང་།བོད་དོན་རྒྱབ་སྐྱོར་བ། དེ་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་བྱེད་བཅས་ནས་མཉམ་ཞུགས་གནང་འདུག བོད་དོན་རྒྱབ་སྐྱོར་བ་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འདས་གྲོངས་སུ་གྱུར་པ་རྣམས་ནི་འཁོར་ཡུག་ལས་འགུལ་བ་སྐུ་ཞབས་ Sunderlal Bahuguna ལགས་དང་སྐུ་ཞབས་ Dr. Dauji Gupta ལགས། སྐུ་ཞབས་ Dr. P.G. Jyotikar ལགས་དང་།...

ཨི་ཊ་ལི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་པ།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་གནང་ཐོག་ཟླ་ ༦ ཚེས་ ༢༩ ནས་དབུ་འཛུགས་ཀྱིས་ཟླ་བ་འདིའི་ཚེས་ ༡ བར་ཡོ་རོབ་གླིང་ཆེན་གྱི་ཨི་ཊ་ལིའི་རྒྱལ་ཁབ་ Bolzano ནང་བོད་དོན་རྒྱབ་སྐྱོར་ཚོགས་ཁག་གི་ལྷན་ཚོགས་ཤིག་ཚོགས་འདུག ཐེངས་འའདིའི་ཚོགས་འདུའི་ཐོག་ཇེ་ནི་ཝའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གཙོས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས། ཡུ་རོབ་ཁུལ་དུ་ཡོད་པའི་ནོར་ཝེ་དང་ཨུ་རུ་སུ། ཨིཛ་རེལ།  སུད་སི། ཌེན་མག ཨོ་སི་ཊོ་ལི་ཡ། དེ་བཞིན་དབྱིན་ཡུལ་སོགས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་རྒྱལ་ཁབ་ཁག་ ༢༠ ནས་མི་གྲངས་ ༤༨ ལྷག་ནས་ལྷན་ཞུགས་གནང་འདུག ཚོགས་འདུའི་ཐོག་ལྷན་ཞུགས་གནང་མཁན་ཚོས་རྒྱ་ནག་རྒྱལ་ཁབ་དེ་ཆབ་སྲིད་དང་དཔལ་འབྱོར་གྱི་ཆ་ནས་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས་དེས་རྒྱལ་སྤྱིའི་ཁྲོད་རྒྱལ་ཁབ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཐད་འཆར་གཞི་དང་ཐག་གཅོད། ལྷག་དོན་འགྲོ་བ་མིའི་ཐོབ་ཐང་ཐད་ཤུགས་རྐྱེན་དང་གནོན་ཤུགས་སྤྲད་པའི་ཐོག་ལས་འགུལ་གང་སྤེལ་དགོས་མིན་དང་། ལོ་རྗེས་མར་བོད་མིའི་རང་དབང་སྒེར་ལངས་གནང་ནས་ལོ་ངོ་ ༦༠ འཁོར་འཁོར་གྱི་ཡོད་པ་དང་བསྟུན་ལོ་འཁོར་མོའི་ནང་བོད་དོན་ལས་འགུལ་སྤེལ་རྒྱུ་མ་ཟད་ཕྱི་ལོ་ ༢༠༢༢...

Latest news

- Advertisement -spot_img