མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2151 | Year of the Wood Dragon
中文
Facebook
RSS
Soundcloud
Twitter
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
- Advertisement -
TAG
ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་གསར་པར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཐུགས་འགན་ཆེ་བཞེས་དགོས་པའི་ཞུ་སྐུལ།
གསར་འགྱུར།
ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་གསར་པར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཐུགས་འགན་ཆེ་བཞེས་དགོས་པའི་ཞུ་སྐུལ།
vot.org
-
13/01/2023
ཉེ་ལམ་ཟླ་ ༡ ཚེས་ ༡ ཉིན་ཡོ་རོབ་སུ་ཝི་ཌན་རྒྱབ་ཁབ་ཀྱིས་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་གྱི་ཐུགས་འགན་བཞེས་རྒྱུ་དངོས་སུ་དབུ་འཛུགས་གནང་བ་དང་བསྟུན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་སུ་ཝི་ཌན་བོད་རིགས་ཚོགས་པ་གཉིས་ཐུན་མོང་གིས་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་གསར་པའི་ལས་ཡུན་ཁྲོད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཐུགས་འགན་ཆེ་བཞེས་དགོས་པའི་ཞུ་སྐུལ་གནང་ཡོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་སུ་ཝི་ཌན་བོད་རིགས་ཚོགས་པ་གཉིས་ཀྱིས་སུ་ཝི་ཌན་གཞུང་གིས་དེ་སྔ་ནས་རྒྱ་ནག་དང་ལྷན་འབྲེལ་བ་གནང་སྐབས་ཡོ་རོབ་མཐུན་ཚོགས་དང་སུ་ཝི་ཌན་རྒྱལ་ཁབ་ཀྱི་ཐུན་མོང་མ་ཡིན་པའི་རིན་ཐང་གཞི་རྩར་བཟུང་སྟེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་ཆེན་པོའི་ཐོག་ནས་གླེང་སློང་གནང་གི་ཡིན་ཞེས་གསུངས་ཡོད་པ་ལྟར་ད་རེས་སུ་ཝི་ཌན་གཞུང་ནས་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་གསར་པའི་ཐུག་འགན་བཞེས་རྒྱུའི་འགན་དབང་ཡོད་པ་འདིས་རྒྱ་ནག་སྤྱི་དང་ལྷག་པར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ནུས་པ་སྔར་ལྷག་འདོན་རྒྱུའི་གོ་སྐབས་གསར་པར་ངོས་འཛིན་གནང་དགོས་ཞེས་གསུངས་འདུག ཞུ་སྐུལ་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་ལ་དྲག་པོའི་སྲིད་བྱུས་སྣ་ཚོགས་ལག་བསྟར་བྱས་ཏེ་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་པའི་བོད་མིའི་ངོ་བོ་མཚོན་པའི་རིག་གཞུང་ཁག་རྩ་མེད་དང་མང་ཚོགས་ཀྱི་ཆོས་དད། འདུ་འཛོམས། སྨྲ་བརྗོད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས། ད་བར་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པར་བོད་མི་ ༡༦༠ ལྷག་གིས་སྐུ་ལུས་ཞུགས་འབུལ་གནང་བའི་གནས་ཚུལ་ཁག་ཞིབ་རྒྱས་སུ་ངོ་སྤྲོད་གནང་བ་དང་ཆབས་ཅིག་སུ་ཝི་ཌན་རྒྱལ་ཁབ་ནས་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་གནང་བའི་རིང་ལ་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་བོད་ཀྱི་གནས་བབ་ལ་ངོས་འཛིན་གནང་ཕྱོགས་ཁ་གསལ་བཟོ་དགོས་པར་མ་ཟད། རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་བཞིན་པར་ངོས་ལེན་མེད་པའི་གྲོས་ཆོད་གཏན་འབེབས་གནང་དགོས་པ། དེ་བཞིན་ཡོ་རོབ་མཐུན་ཚོགས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་རྒྱུ་གཙོས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་ཐུགས་འགན་ཆེ་བཞེས་གནང་དགོས་ཞེས་གསུངས་འདུག བོད་ནང་དྲག་པོའི་སྲིད་བྱུས་ལག་བསྟར་བརྒྱུད་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་ཆབ་སྲིད་ཀྱི་ཆད་པ་དྲག་པོ་གཅོད་དགོས་པ་དང་བོད་ནང་གི་དངོས་ཡོད་གནས་སྟངས་ཁག་ཤེས་རྟོགས་ཐུབ་ཐབས་དང་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་སོགས་ལ་དམིགས་ཏེ་རྒྱལ་སྤྱིའི་ཚན་རིག་མཁས་པ་དང་ཉམས་ཞིབ་པ་རྣམས་བོད་ནང་རང་དབང་ལྡན་པའི་ཐོག་ནས་ཕེབས་ཐུབ་པར་འབད་བརྩོན་གནང་དགོས་པ་སོགས་གསུངས་ཡོད། རྩ་བའི་ཡོ་རོབ་མཐུན་གྱི་གཙོ་འཛིན་དེ་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༢༧ ཡོད་པ་རྣམས་རེས་མོས་གནང་སྟེ་ཟླ་བ་དྲུག་རིང་གཙོ་འཛིན་གྱི་ཐུགས་འགན་བཞེས་ཀྱི་ཡོད་པ་དང་། སུ་ཝི་ཌན་རྒྱབ་ཁབ་ཀྱི་ཐུགས་འགན་མ་བཞེས་སྔོན་ལ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཞེས་ཡོད་པ་རེད།
Latest news
རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
29/03/2024
རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
29/03/2024
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
28/03/2024
མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
28/03/2024
རེས་གཟའ་ཕུར་བུ། ༢༠༢༤།༠༣།༢༨
28/03/2024
- Advertisement -