Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ལོ་ངོ་དྲུག་ཅུ་ལྷག་གི་ནང་རྒྱ་ནག་གི་མི་འབོར་ཆེས་ཐོག་མ་ཉུང་དུ་ཕྱིན་འདུག

ལོ་ངོ་དྲུག་ཅུ་ལྷག་གི་ནང་རྒྱ་ནག་གི་མི་འབོར་ཆེས་ཐོག་མ་ཉུང་དུ་ཕྱིན་འདུག

འཛམ་གླིང་ཁྲོད་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་དེ་འདས་ལོར་མི་འབོར་ཆེས་ཇེ་ཉུང་དུ་ཕྱིན་ཡོད་པ་དང་དེ་ནི་ཕྱི་ལོ་ ༡༩༦༡ ལོ་ནས་བཟུང་སྟེ་རྒྱ་ནག་གི་མིའི་གྲངས་འབོར་ཇེ་ཉུང་དུ་ཕྱིན་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ཚེ་རེས་གཟའ་མིག་མར་ཉིན་རྒྱ་ནག་གཞུང་གི་མི་འབོར་སྐྱེ་འཆི་གྲངས་ཐོ་ཕྱིར་བསྒྲགས་བྱས་འདུག་པ་དང་དེའི་ནང་ཕྱི་ལོ་ ༢༠༢༢ ལོ་མཇུག་ཏུ་རྒྱ་ནག་གི་མི་འབོར་ཐེར་འབུམ་ ༡.༤༡༡༧༥  དང་དེ་བཞིན་ཕྲུ་གུ་སྐྱེས་ཚད་དེ་མི་གྲངས་ ༡༠༠༠ རེར་ཕྲུ་གུ་སྐྱེས་པའི་བརྒྱ་ཆ་ ༦.༧༧  ཆགས་ཡོད་སྟབས་དེ་ནི་ཕྲུ་གུ་སྐྱེས་ཚད་ཀྱི་གྲངས་ཚད་དམའ་ཤོས་སུ་གྱུར་འདུག འདས་ལོར་མི་ ༡༠༠༠ རེའི་ཁྲོད་འདས་གྲོངས་སུ་སོང་བའི་གྲངས་ཚད་དེ་བརྒྱ་ཆ་ ༧.༣༧  ཡིན་པ་ཐོ་འགོད་བྱུང་ཡོད་པ་དང་དེ་ནི་ཕྱི་ལོ་ ༡༩༧༦ ནས་བཟུང་སྟེ་འདས་གྲོངས་སུ་གྱུར་བའི་གྲངས་ཚད་མཐོ་ཤོས་ཆགས་ཡོད་པར་བཤད་འདུག རྒྱ་ནག་ནང་ཕྲུ་གུ་སྐྱེས་ཚད་ཀྱི་གྲངས་འབོར་ཇེ་ཉུང་དུ་སོང་ཡོད་པ་དེ་ནི་ཕྱི་ལོ་ ༡༩༨༠ དང་ ༢༠༡༥ ལོའི་བར་དུ་ལག་བསྟར་བྱས་པའི་རྒྱ་ནག་གི་ཕྲུ་གུ་གཅིག་གི་སྲིད་བྱུས་དེའི་རྐྱེན་དང་རྒྱ་ནག་ནང་སློབ་ཕྲུག་གི་ཤེས་ཡོན་ཐད་འགྲོ་གྲོན་ཆེ་དྲག་པའི་རྐྱེན་གྱིས་ཡིན་སྐོར་མངོན་གསལ་གནང་ཡོད། ལྷག་པར་དུ་མི་འབོར་ཞིབ་གཤེར་གྱི་ཆེད་ལས་པས་རྒྱ་ནག་གི་སྐྱེ་འཆིའི་གྲངས་ཚད་ལ་གཉན་རིམས་ཀྱིས་ཤུགས་རྐྱེན་སྤྲད་ཡོད་ཅེས་གསུངས་འདུག་པར་མ་ཟད། རྒྱལ་ཚོགས་ཀྱི་ཆེད་ལས་པས་ཕྱི་ལོ་ ༢༠༥༠...

Latest news

- Advertisement -spot_img