Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ས་ཡོམ།

དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་ཡོམ་ཁྲོད་མི་བདུན་འདས་གྲོངས།

དེ་རིང་བོད་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་གནས་ཀྱི་ཉིན་གུང་ཚོུད་ ༡༢༌༢༥ ཙམ་ལ་ས་ཡོམ་ཤུགས་ཚད་ ༦་༦ བྱུང་བ་དང་། དོན་རྐྱེན་དེའི་ཁྲོད་ད་བར་མི་བདུན་འདས་གྲོངས་སུ་གྱུར་ཡོད་པར་ཤེས་རྟོགས་བྱུང་ཡོད།རྒྱ་ནག་གི་ས་འགུལ་འབྲེལ་མཐུད་བསྟི་གནས་ཁང་གིས་གཞུང་འབྲེལ་བརྒྱུད་ལམ་ཐོག་འགྲེལ་བརྗོད་བྱས་པར་གཏིང་ཚད་སྤྱི་ལེ་ ༡༢ ཅན་གྱི་ས་ཡོམ་དེའི་ཤུགས་རྐྱེན་ཁུལ་དེ་ནས་སྤྱི་ལེ་ ༡༠༠༠ ཙམ་གྱི་སར་ཆགས་པའི་ Changsha གྲོང་ཁྱེར་དང་སྤྱི་ལེ་ ༩༠༠ ལྷག་གི་སར་ཆགས་པའི་ Xian གྲོང་ཁྱེར་དུའང་ཚོར་ཡོད་པ་རེད། རྒྱ་ནག་གི་གཞུང་འབྲེལ་ CCTV བརྙན་འཕྲིན་ཁང་གིས་ས་ཡོམ་དེའི་རྐྱེན་གྱིས་ལྕགས་ཟམ་རྫོང་གཡས་གཡོན་དུ་ས་རུད་བྱུང་བའི་ཁྲོད་མི་བདུན་འདས་གྲོང་སོང་བ་དང་། གྲོང་སྡེ་གཅིག་གི་ས་གནས་མང་ཚོགས་ཀྱི་སྡོད་ཁང་དང་གཞུང་ལམ་སོགས་ལ་གནོད་འཚེ་ཆེས་ཆེར་ཕོག་ཡོད་པ་བཀོད་འདུགབོད་ནང་གི་ས་ཡོམ་གནས་ཚུལ་དེ་དང་འབྲེལ་ཏེ་དེ་རིང་སྤྱི་ཚོགས་དྲ་རྒྱར་ལྕགས་ཟམ་ཁུལ་གྱི་བོད་བཟོའི་ཁང་པ་ཞིག་ཡོད་པ་མངོན་རྒྱུ་འདུག་ལ། བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་ལགས་ཀྱིས་ཁོང་ནས་ས་འགུལ་དང་འབྲེལ་བའི་གནས་ཚུལ་འདི་ཐོས་མ་ཐག་ཏུ་ལྕགས་ཟམ་རྫོང་དུ་རྟེན་གཞིས་བྱས་པའི་གློག་ཁང་འདི་བསམ་བློ་འཁོར་ཡོད་པ་དང་། དེ་སྔ་གློག་ཁང་འདིའི་རྐྱེན་གྱིས་ཉེ་འཁོར་གྱི་ས་རིན་ཆག་རྗེས་ད་ཆ་ས་ཡོམ་གྱིས་ངན་འབྲས་གང་འདྲ་ཞིག་ཡོང་ངམ་སྙམ་པའི་དངངས་སྐྲག་སྐྱེས་ཡོད་སྐོར་གསུངས་འདུག སྤྱིར་དེང་སྐབས་བོད་དུ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་འགྲོ་བའི་ངལ་བ་འཕྲད་བཞིན་པའི་ཁྲོད་ས་གནས་མང་ཚོགས་ཕལ་མོ་ཆེ་བ་ཐེམ་སྤང་བཀའ་རྒྱའི་འོག་གནས་མུས་ཡིན་པ་རེད། དེ་རིང་རྒྱ་ནག་གི་ Xinhua གཞུང་འབྲེལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་ཁྱོན་ཡོངས་སུ་གཉན་རིམས་གསར་པ་ཕོག་མཁན་མི་གྲངས་...

མགོ་ལོག་རྨ་སྟོད་རྫོང་དུ་རིམ་པ་ ༧་༤ ཅན་གྱི་ས་འགུལ།

རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་ཕྱོགས་སུ་རིམ་པ་ ༧་༤ ཅན་གྱི་ས་འགུལ་ཞིག་བརྒྱབས་ཏེ་ས་གནས་མང་ཚོགས་ཀྱི་ཁང་པ་རྡིབ་པ་དང་གཞུང་ལམ་ལམ་འགག་པ། ཟམ་པ་རྡིབ་པ་སོགས་བྱུང་བ་མ་ཟད་བརྒྱུད་ལམ་ཁག་ཅིག་ཏུ་མི་གསུམ་གྱི་ཚེ་སྲོག་ཤོར་བ་དང་མི་ཉེར་བརྒྱད་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་བྱུང་འདུག ཁ་སང་ཟླ་ ༥ ཚེས་ ༢༢ ཉིན་གྱི་བོད་ནང་གི་ནམ་གུང་ཡོལ་ཆུ་ཚོད་༢་༤ སྟེང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་ལ་སའི་གཏིང་རིམ་སྤྱི་ལེ་ ༡༧ གྱི་མཚམས་ནས་ཡོང་བའི་རིམ་པ་ ༧་༤ ཅན་གྱི་ས་ཡོམ་བྱུང་ཡོད་པ་དང་ས་ཡོམ་ཁྲོད་ཁང་ཁྱིམ་ ༡༩༢ ལྷག་ཙམ་ལ་གཏོར་སྐྱོན་ཐེབས་འདུག མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་ནང་བཀོད་པར་གཞིགས་ན། དེ་རིང་ཚེས་ ༢༢ ཉིན་གྱི་སྔ་དྲོ་བར་དུ་རྨ་སྟོད་དང་རྨ་ཆེན་རྫོང་ཁོངས་ནས་བསྡོམས་པའི་ས་གནས་ཀྱི་མང་ཚོགས་བརྒྱད་ལ་རྨས་སྐྱོན་ཡང་ཕོག་ཡོད་ཅིང་། མང་ཚོགས་ཀྱི་ཁང་པ་དང་ཕྱུགས་ར་ཁག་ལ་རྡིབ་སྐྱོན་ཤོར་བ། དེ་བཞིན་དུ་ལམ་དང་ཟམ་པ་སོགས་ལ་ཡང་གཏོར་བརླག་ཆེན་པོ་བྱུང་ཡོད་འདུག མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་དཔོན་རིགས་མཱ་ཡུས་ཧུའུ་ཡིས་རྨ་སྟོད་རྫོང་མཁར་དང་མཛོ་རྒན་ར་བར་གྲོང་རྡལ། རྨ་ཆུ་ཡུལ་མཚོ་བཅས་ཀྱི་ཡོམ་ཤུགས་དང་། ཟི་ལིང་གི་ཡོམ་ཤུགས་ཅུང་ཆེ་བ་ལ།...

བོད་དཀར་མཛེས་ཁུལ་དུ་ས་འགུལ་དང་མུ་ལི་ཁུལ་དུ་མེ་སྐྱོན་བྱུང་འདུག

དེའང་ཕྱི་ཟླ་ ༤ ཚེས་ ༡ ཉིན་གྱི་དགོང་མོར་བོད་དཀར་མཛེས་ཁུལ་དུ་ས་འགུལ་རིམ་པ་ ༥་༦ ཅན་ཞིག་བྱུང་དང་དེ་བཞིན་མུ་ལི་བོད་རིགས་རང་སྐྱོང་ལྗོངས་ཁུལ་དང་ཡུན་ནན་བོད་རིགས་རང་སྐྱོང་ཁུལ་བཅས་སུ་ནགས་ཚལ་ལ་མེ་སྐྱོན་ཆེན་པོ་བྱུང་བ་སོགས་ཀྱི་རང་བྱུང་གོད་ཆག་གཉིས་བསྟུད་མར་བྱུང་འདུག དེ་རིང་བོད་ནང་གི་སྐད་འཕྲིན་གྱི་འཕྲིན་སྟེགས་སུ་གནད་ཚུལ་སྤེལ་བར་ཕྱི་ཟླ་ ༤ ཚེས་ ༡ ཉིན་གྱི་དགོང་མོའི་ཚོུད་ ༨་༢༣ སྟེང་སི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་རྫོང་དུ་ས་ཡོམ་ཤུགས་ཚད་ ༥་༦ ཅན་ཞིག་བརྒྱབ་ཡོད་པ་དང་ད་ལྟའི་ཆར་མི་ཕྱུགས་སོགས་ལ་ཉེན་ཚབས་བྱུང་བའི་གནས་ཚུལ་ཐོན་མེད་ནའང་། ས་ཡོམ་དེས་སེར་ཤུལ་རྫོང་གི་ཁང་པ་མང་པོར་སེར་ག་གས་ཡོད་པ་མ་ཟད་ཁུལ་དེ་དང་ས་འབྲེལ་ཡོད་པའི་བོད་རིགས་ཀྱི་ས་ཁུལ་གཞན་ཁག་ཏུ་ཡང་གཡོ་འགུལ་ཐེབས་ཡོད་པར་འཁོད་འདུག གཞན་ཡང་ཁ་སང་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱིས་གནས་ཚུལ་སྤེལ་བར་ཉེ་ཆར་སི་ཁྲོན་ཞིང་ཆེན་གྱི་མུ་ལི་བོད་རིགས་རང་སྐྱོང་རྫོང་གི་རི་སྒང་དུ་མེ་སྐྱོན་ཚབས་ཆེན་ཤོར་ཡོད་པ་དང་མེ་སྐྱོན་ཁྲོད་ད་བར་མེ་གསོད་མི་སྣ་ ༡༩ རྐྱེན་ལམ་དུ་ཤོར་བ་དང་མི་ ༣ ལ་རྨས་སྐྱོན་ཕོག་སྟེ་སའི་རྒྱ་ཁྱོན་མུའུ་གྲི་བཞི་མ་ཆིག་ཁྲི་ལྔ་སྟོང་ལྷག་ཙམ་འཚིགས་ཡོད་པར་འཁོད་འདུག དེ་བཞིན་བོད་ཁུལ་གྱི་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུའང་ནགས་ཚལ་ལ་མེ་སྐྱོན་བྱུང་ཡོད་པས་ས་གནས་ཀྱི་མེ་གསོད་རུ་ཁག་དང་ཁུལ་དེའི་ཡུལ་མི་རྣམས་ཀྱིས་འབད་བརྩོན་ཆེར་བསྐྱེད་ཀྱིས་གནས་སྐབས་སུ་མེ་གསོད་ཐུབ་ཡོར་པ་ཆེད་བཀོད་དང་སྦྲགས། ད་སྐབས་བོད་ཁུལ་གྱི་མཐོ་སྒང་ས་ཆར་ལྗང་མདོག་གི་རྩྭ་དང་རྩི་ཤིང་དཀོན་ཞིང་།...

བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ་ ༥༌༩ ཅན་ཞིག་བརྒྱབ་འདུག

དེ་རིང་རྒྱ་ནག་གི་ས་ཡོམ་ལས་ཁུངས་ཀྱི་དྲྭ་བས་གནས་ཚུལ་སྤེལ་བར་དེ་རིང་སྔ་དྲོ་ཆུ་ཚོད་ ༩༌༣༣ ཐོག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་ཤུགས་ཚད་ ༥༌༩ ཅན་ཞིག་བརྒྱབས་འདུག གསར་འགོད་པས་དྷ་སར་གནས་སྡོད་ཕ་ཡུལ་དིང་རི་ནས་ཡིན་པའི་འབྲེལ་ཡོད་ཅིག་ལ་ཞལ་པར་ཐོག་ནས་བཀའ་འདྲི་ཞུས་པར་ཁོང་གིས་ས་ཡོམ་བརྒྱབ་པའི་གནས་ཚུལ་དེ་བདེན་པ་ཡིན་ཀྱང་། ད་ལྟའི་ཆར་ཁང་པ་ལོག་པ་དང་མི་ཕྱུགས་སོགས་ལ་གོད་ཆག་ཕོག་པའི་གནས་ཚུལ་གང་ཡང་བྱུང་མེད་པར་འགྲེལ་བརྗོད་གནང་སོང་།

  སི་ཁྲོན་དུ་ས་འགུལ་བརྒྱབས་ཏེ་མི་བཅུ་གཉིས་རྐྱེན་འདས་སུ་གྱུར་བ།  

དེ་རིང་རྒྱ་ནག་གི་ཆ་འཕྲིན་གྱིས་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་གྲོང་ཁྱེར་ཡཱེ་པཱེན་དུ་རེས་གཟའ་ཟླ་བའི་མཚན་གྱི་ཆུ་ཚོད་ ༡༡ མ་ཟིན་ཙམ་ལ་ཤུགས་ཚད་དྲུག་ཅན་གྱི་ས་འགུལ་ཞིག་བརྒྱབས་ཏེ་མི་རྒྱུ་གཉིས་ལ་གོད་ཆག་བྱུང་སྐོར་གནས་ཚུལ་སྤེལ་འདུག ཐེངས་འདིའི་ས་འགུལ་ཁྲོད་དུ་ད་ལྟའི་བར་དུ་ཤེས་རྟོགས་བྱུང་བར་མི་བཅུ་གཉིས་རྐྱེལ་ལམ་དུ་ཕྱིན་ཡོད་པ་མ་ཟད་མི་ ༡༣༤ ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་སྨན་བཅོས་བྱེད་བཞིན་པ་ལྟར། ཁང་བརྩེགས་ཆིག་ཁྲི་ལྷག་འཐོར་ཞིག་ཏུ་ཕྱིན་ཏེ་ཁྱོན་མི་གྲངས་འབུམ་གཅིག་ལྷག་གི་འཚོ་བར་གོད་ཆག་བྱུང་འདུག ས་གནས་སྲིད་གཞུང་གིས་དེ་རིང་སྤྱི་བསྒྲགས་བྱས་པའི་གནས་ཚུལ་ནང་ས་འགུལ་བརྒྱབས་པར་བརྟེན་གྲོང་ཁྱེར་དང་གྲོང་རྡལ། དེ་བཞིན་གཞི་རིམ་གྱི་གྲོང་གསེབ་སོགས་སུ་ས་ཉིལ་བྱུང་ཡོད་པ་མ་ཟད། མྱུར་ལམ་མང་པོ་ས་ཉིལ་དབང་གིས་འགག་ཡོད་པ་དང་འགྲུལ་ལམ་མང་པོའི་ཟམ་ཆེན་དག་ཀྱང་ཉེན་ཁའི་གནས་སུ་ལྷུང་ཡོད་པ་བོཀད་འདུག རྒྱ་ནག་གི་ས་རྒྱུས་སྨྲ་བས་ཞིབ་འཇུག་བྱས་པར་གཞིགས་ཚེ་ཐེངས་འདིའི་ས་འགུལ་གཏིང་ཚད་ནི་སྤྱི་ལེ་ ༡༠ ཙམ་ལས་མེད་མེད་པར་འགྲེལ་བརྗོད་བྱས་པ་དང་སྦྲགས། དུས་རྒྱུན་ནས་ས་ངོས་ལས་གཏིང་ཚད་ཐུང་བའི་རིགས་ཀྱི་ས་འགུལ་གྱིས་བཟོ་ལས་འཛུགས་སྐྲུན་དང་ཁང་བརྩེགས་ཀྱི་རིགས་ལ་གནོད་མང་ཐེབས་ཡོད་པ་གསལ་ཁ་བཏོན་འདུགགནས་ཚུལ་བྱུང་མ་ཐག་ས་གནས་སྲིད་གཞུང་གིས་གནོད་ཐེབས་མང་ཚོགས་ཀྱི་བདེ་འཇགས་ལ་རོགས་རམ་གྱི་བྱ་འགུལ་སྤེལ་ཏེ་མེ་གསོད་རི་ཁག་མང་པོ་དུས་གཅིག་ཏུ་ས་གནས་ས་ཐོག་ཏུ་བཏང་བ་མ་ཟད་གུར་ཁྱིམ་མང་པོ་མཁོ་སྤྲོད་བྱས་ཡོད་པ་རེད་འདུག རྒྱ་ནག་གི་ནང་ཕྱི་ལོ་ ༢༠༠༨ ལོར་ཤུགས་ཚད་བརྒྱད་ཅན་གྱི་ས་འགུལ་ཞིག་བརྒྱབས་པའི་ཁྲོད་མི་༨༧༠༠༠ ལྷག་རྐྱེན་ལམ་དུ་བཏང་བ་མ་ཟད། མི་ ༣༧༠༠༠༠ ལྷག་ལ་རྨས་སྐྱོན་བྱུང་བ། དེ་བཞིན་མི་ས་ཡ་ལྔ་ཙམ་གྱི་འཚོ་གནས་ལ་གནོད་སྐྱོན་ཐེབས་ནས་ཁང་ཁྱིམ་མེད་པར་གྱུར་ཡོད་པ་རེད། རྩ་བའི་ཐེངས་འདིའི་ས་འགུལ་དེ་རེས་གཟའ་ཟླ་བའི་དགོང་མོར་བརྒྱབས་ཡོད་ནའང་།  དེ་རིང་ཞོགས་པ་ཙམ་ལ་ཡང་ཤུགས་ཚད་༥.༣ ཅན་གྱི་ས་འགུལ་ཞིག་ཡང་བསྐྱར་བརྒྱབས་ཡོད་པར་བརྟེན།  ཤི་རྨས་ཐེབས་པའི་གྲངས་ཚད་རིམ་བཞིན་འཕར་བཞིན་ཡོད་པ་རེད་འདུག

བོད་རྔ་བ་ཁུལ་གྱི་ས་ཡོམ་དང་འབྲེལ་བའི་གནས་ཚུལ་རྣམས་རྒྱ་ནག་གཞུང་འབྲེལ་གསར་ཁང་ Xinhua ལ་གཞི་བཅོལ་དགོས་པའི་བཀོད་ཁྱབ།

དེ་ཡང་ China Digital Times ཞེས་པའི་གསར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཁ་སང་རྒྱ་ནག་གཞུང་ནས་ཡོངས་ཁྱབ་བཀོད་ཁྱབ་ཅིག་བཏང་པའི་ནང་རྒྱ་ནག་ནང་ཡོད་པའི་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གཙོས་པའི་རྒྱལ་སྤྱིའི་གསར་ཁང་རྣམས་ནས་ཁ་ཉིན་ཕྱི་ཚེས་ ༨  དགོང་མོ་རྒྱ་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་ཁོངས་སུ་ས་ཡོམ་བརྒྱབ་པའི་གནས་ཚུལ་དང་། ལྷག་པར་དུ་ས་ཡོམ་གྱི་གོད་ཆག་དེའི་ཁྲོད་ཚེ་སྲོག་ཤོར་བོའི་མིའི་ཁ་གྲངས་རིགས་གནས་ཚུལ་རྣམས་རྒྱ་ནག་གཞུང་འབྲེལ་གསར་ཁང་ Xinhua ལ་གཞི་བཅོལ་དགོས་པའི་དམ་བསྒྲགས་བཀོད་ཁྱབ་བཏང་འདུག གསར་ཁང་དེའི་ངོས་ནས་ད་ལྟའི་ཆར་གནས་ཚུལ་ཡོང་ཁུངས་ཀྱི་བདེ་འཇགས་སོགས་ལ་དམིགས་ཏེ། དམ་བསྒྲགས་བཀོད་ཁྱབ་དེ་རྒྱ་གཞུང་གི་ལྷན་ཁང་དང་འགོ་ཁྲིད་སོགས་གང་གིས་བཏང་ཡོད་མེད་གསལ་ཁ་མེད་ཀྱང་།  དེའི་ནང་དུ་རྒྱ་ནག་གཞུང་ནས་མང་ཚོགས་ཁྲོད་ས་ཡོམ་དང་འབྲེལ་བའི་བསམ་ཚུལ་རྣམས་འགོག་ཐབས་སོགས་ལ་ཆེད་དམིགས་ཀྱིས་གསར་ཁང་ཁག་ནས་སྐབས་དེའི་ས་ཡོམ་དང་འབྲེལ་བའི་པར་རིས་དང་བརྙན་ཐུང་རིགས་ཀྱང་གསར་ཁང་གི་དྲ་བ་ཙམ་མ་ཟད། སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་གནས་སོགས་ཀྱི་ཐོག་ལ་འཇོག་རྒྱུར་ཚོད་འཛིན་བྱས་ཡོད་པ་བཀོད་འདུག གཞི་རྩའི་ཁ་ཉིན་ཕྱི་ཚེས་ ༨ ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་ཁོངས་སུ་ས་འགུལ་ཤུགས་ཚད་རིམ་པ་བདུན་ཅན་དེའི་ཁྲོད་དུ་མི་ ༡༩  ལྷག་གི་ཚེ་སྲེག་ཤོར་ཡོད་པ་མ་ཟད། ས་གནས་ཀྱི་སྡོད་ཁང་འབུམ་གཅིག་ལྷག་ལ་གས་རྡིབ་དང་། གཞུང་ལམ་དང་ཁང་པ། གཞུང་ལམ་ཁག་བཅད་པ་སོགས་ཀྱི་གོད་ཆག་བྱུང་ཡོད་པ་རེད།  དེ་རིང་ཚེས་ ༡༠ ཉིན་བརྒྱུད་ལམ་ཁག་ཏུ་མུ་མཐུད་དེ་འབྲེལ་གནས་ཚུལ་ཐོན་པར་གཞིགས་ན། དོན་རྐྱེན་དེའི་ཁྲོད་མི་བརྒྱ་ལྷག་གི་ཚེ་སྲོག་ཤོར་བ་དང་།  ༡༥༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པར་ཚོད་དཔག་གནང་བཞིན་འདུག ལྷག་པར་དུ་ས་ཁུལ་དེ་ནི་རྒྱུན་ལྡན་ནས་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་འགྲོ་ཡུལ་གྱི་ས་ཚིགས་གཙོ་བོ་ཞིག་ཆགས་ཀྱི་ཡོད་སྟབས།...

Latest news

- Advertisement -spot_img