Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ལྷག་དཀར་སྙིང་སྟོབས་ཀྱི་གཟེངས་རྟགས་ཕུལ་བ།

སྒོ་ཤེས་རབ་རྒྱ་མཚོ་ལགས་གཙོས་རྒྱལ་སྤྱིའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་ཞུ་སྐུལ་གྱི་ལས་འགུལ་དབུ་འཛུགས།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་བཙོན་འཇུག་འོག་དཀའ་སྡུག་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་ཡུ་གུར་གྱི་ཆབ་སྲིད་བཙོན་པ་ Ekpar Asat ལགས་རྣམ་གཉིས་ཀྱིས་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་དཀའ་སྡུག་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་འགའི་ལོ་རྒྱུས་སྙིང་བསྡུས་རེ་གསལ་འདོན་དང་སྦྲགས་ཏེ་རྒྱལ་སྤྱིའི་ས་གནས་གང་སར་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པའི་ཞུ་སྐུལ་གྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ད་ཆ་རྒྱལ་སྤྱིའི་ཐོག་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་བསམ་བློ་རྒྱ་སྐྱེད་དང་། ལྷག་པར་གཅིག་སྡུད་རིང་ལུགས་ཀྱི་སྲིད་གཞུང་འོག་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་མཁན་གྱི་མི་སེར་མང་དག་ཅིག་གར་སོང་ཆ་མེད་དུ་གྱུར་བ། དྲང་བདེན་གྱི་གཞི་རྩ་གང་ཡང་མེད་པར་ངེས་མེད་བཙོན་འཇུག་བྱེད་བཞིན་པའི་གནས་སྟངས་དེ་རིགས་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དགོས་གལ་དང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་ཐབས་སུ་ WithoutJustCause འམ་དྲང་བདེན་མ་བྱུང་བའི་གནས་ཚུལ་ཞེས་པའི་ལས་འགུལ་དེ་དབུ་འཛུགས་གནང་སྐོར་གསུངས་ཡོད། ལས་འགུལ་དེ་དང་འབྲེལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ཆབ་སྲིད་བཙོན་པ་ཁག་གཅིག་གི་ལོ་རྒྱུས་མངོན་གསལ་གནང་བའི་ཁོངས་སུ་དེ་སྔ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༨ དང་ ༢༠༠༨ དེ་བཞིན་ ༢༠༡༡ དང་ ༢༠༢༠ བཅས་ཐེངས་བཞི་འཛིན་བཟུང་བཀག་ཉར་བྱས་ཏེ་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༣ ཉིན་རྒྱལ་ཁབ་ཁ་བྲལ་དང་མི་མང་ལ་ངན་སྐུལ་གནང་བའི་ཉེས་འཛུགས་འོག་མི་ལོ་བཅུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་བོད་ཀྱི་ཆབ་སྲིད་བཙོན་པ་རྩོམ་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་ངོ་སྤྲོད་སྙིང་བསྡུས་ཆེད་བཀོད་གནང་བ་དང་སྦྲགས། ཨ་རི་གཞུང་གི་ངོས་ནས་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་འཕྲོད་བསྟེན་གཙོས་སྤྱི་ཡོངས་ཀྱི་གནས་སྟངས་ལ་ཐུགས་འཁུར་གནང་བཞིན་ཡོད་པ་དང་།...

སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ལྷག་དཀར་སྙིང་སྟོབས་ཀྱི་གཟེངས་རྟགས་ཕུལ་བ།

བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་ཞུས་པའི་ལོངས་ཤོག་མཚན་ཚོགས་སྐབས་ལྷག་དཀར་གཟེངས་རྟགས་ཁག་གསུམ་ཕུལ་བའི་ནང་ནས་ལྷག་དཀར་སྙིང་སྟོབས་ཀྱི་གཟེངས་རྟགས་དེ་གཞིས་བཞུགས་རྩོམ་པ་པོ་དང་བོད་ཀྱི་ཆབ་སྲིད་བཙོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ཕུལ་འདུག ཁ་སྔོན་ཕྱི་ཚེས་ ༢༠ ཉིན་ཨ་རིའི་ནིའུ་ཡོག་ནང་གོ་སྒྲིག་ཞུས་པའི་མཚན་ཚོགས་ཐོག ལྷག་དཀར་སྙིང་སྟོབས་ཀྱི་གཟེངས་རྟགས་དང་ལྷག་དཀར་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས། དེ་བཞིན་ལྷག་དཀར་བཙན་བྱོལ་ནང་གི་ལས་འགུལ་བའི་གཟེངས་རྟགས་ཅེས་གཟེངས་རྟགས་ཁག་གསུམ་ཕུལ་བའི་ཁོངས་ནས་ལྷག་དཀར་སྙིང་སྟོབས་ཀྱི་གཟེངས་རྟགས་དེ་བོད་ཀྱི་ཆབ་སྲིད་བཙོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་དགོངས་བཞེས་དང་ཐུགས་རེ། རྒྱ་གཞུང་གིས་འཛིན་བཟུང་ཁྲོད་ཞུམ་པ་མེད་པའི་སྙིང་སྟོབས་དེ་དག་རྒྱུན་གནས་དགོས་གལ་ཡིན་སྟབས་ཁོང་གི་སྙིང་སྟོབས་ལ་ཆེ་བསྟོད་ཞུ་ཕྱིར་དེ་ལྟར་ཕུལ་ཡོད་པ་རེད།སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། རྒྱ་གཞུང་གིས་ཕྱི་ལོ་ ༡༩༩༨ དང་ ༢༠༠༨ དེ་བཞིན་ ༢༠༡༡ དང་ ༢༠༢༠ བཅས་ཐེངས་བཞི་འཛིན་བཟུང་བྱས་ཏེ་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༣ ཉིན་ལྷ་ས་ཁྲིམས་ཁང་ཞིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་མི་མང་ལ་ངན་སྐུལ་གནང་བའི་ཉེས་འཛུགས་འོག་མི་ལོ་བཅུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ད་ཆ་ཁོང་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་འོག་ཡོད་པ་རེད།བོད་རང་བཙན་སློབ་ཕྲུག་ཚོགས་པས་ཐེངས་འདིའི་ལོངས་ཤོག་གི་མཚན་ཚོགས་སྐབས་ལྷག་དཀར་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་དེ་བོད་ཀྱི་འབྲས་ནད་ཚོགས་པར་ཆེ་བསྟོད་ཚུལ་དུ་ཕུལ་ཡོད་པ་དང་། དེ་བཞིན་བཙན་བྱོལ་ནང་གི་ལས་འགུལ་བའི་གཟེངས་རྟགས་དེ་བོད་རང་བཙན་སློབ་ཕྲུག་ཚོག་པའི་ལས་འགུལ་བ་བསྟན་འཛིན་དཀོན་མཆོག་ལགས་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཧོང་ཀོང་ལས་འགུལ་བ་ Joey Sui ལགས་བཅས་ལ་ཕུལ་འདུགདེ་བཞིན་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཧོང་ཀོང་གི་ལས་འགུལ་བ་ཇུ་ཝི་སུ་ལགས་ཀྱིས་ཉེ་བའི་ཆར་རྒྱ་ནག་གི་ཨོ་ལམ་པིག་རྩེད་འགྲན་སྐབས་རྒྱལ་ཁབ་མང་པོས་གཞུང་འབྲེལ་མི་སྣ་ཆེད་གཏོང་གནང་རྒྱུ་བཀག་སྡོམ་གནང་བ་དེ་དག་ལས་ང་ཚོ་མི་རབས་གཞོན་པ་ཚོས་ལས་འགུལ་སྤེལ་བའི་གྲུབ་འབྲས་ཤིག་ཡིན་པ་སོགས་གསུངས་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༨...

Latest news

- Advertisement -spot_img