Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཨ་རིའི་ནང་དུ་རྒྱ་ནག་གི་གསང་ཉུལ་བ་བོད་མི་ཞིག་འཛིན་བཟུང་།

རྒྱ་ནག་གི་གསང་ཉུལ་བར་དོགས་གཞི་ཡོད་པ་པདྨ་དར་རྒྱས་ངག་དབང་གི་ཁ་མཆུ་ཕྱིར་འཐེན་བྱས་འདུག

ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་གསང་བའི་ལས་ཁུངས་ཀྱིས་བོད་མིའི་ཐོག་སོ་མྱུལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ཉེན་རྟོག་པ་པདྨ་དར་རྒྱས་ངག་དབང་ Baimadajie Angwang ཟེར་བ་དེ་དང་འབྲེལ་བའི་ནག་ཉེས་རྣམས་ཕྱིར་འཐེན་བྱས་འདུག ཉེ་ཆར་ཕྱི་ཚེས་ ༡༤ ཨ་རིའི་ New York Post གསར་ཁང་གིས་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ནིའུ་ཡོག་གྲོང་ཁྱེར་གྱི་ས་གནས་ Brooklyn དུ་ཡོད་པའི་ Breon ཁྲིམས་རྩོད་ལས་ཁུངས་ཀྱིས་ས་གནས་ཁྲིམས་ཁང་གི་ཁྲིམས་དཔོན་སྐུ་ཞབས་ Eric R. Komitee ལགས་སུ་པདྨ་དར་རྒྱས་ངག་དབང་རྒྱ་གཞུང་གི་གསང་ཉུལ་བ་ཡིན་པ་སོགས་དང་འབྲེལ་བའི་ཉེས་འཛུགས་ཀྱི་ཁྲིམས་གཤེར་གནས་སྟངས་ཇི་ཆགས་དང་དཔང་རྟགས་ཁ་གསལ་མེད་པར་ཉེས་འཛུགས་བྱས་པ་རྣམས་ངོས་ལེན་གནང་རྒྱུ་མེད་པ་སོགས་ཀྱི་ཞུ་སྐུལ་བྱས་ཡོད་པ་རེད། སྐབས་དེར་ས་གནས་ཁྲིམས་ཁང་གིས་པདྨ་དར་རྒྱས་ངག་དབང་རྒྱ་གཞུང་གི་གསང་ཉུང་བ་ཡིན་པའི་གནད་དོན་ཐད་འབྲེལ་ཡོད་རྣམས་ནས་ཕུལ་བའི་གནས་ཚུལ་འཕར་མ་ཁག་ལ་ཞིབ་འཇུགས་གནང་རྗེས་ཁོ་པ་དང་འབྲེལ་བའི་ཁ་མཆུ་དེ་ཕྱིར་འཐེན་བྱས་ཟིན་ཡོད་པར་གསུངས་འདུག ས་གནས་ཁྲིམས་ཁང་གིས་པདྨ་དར་རྒྱས་ངག་དབང་དང་འབྲེལ་བའི་ཁ་མཆུ་ཕྱིར་འཐེན་བྱས་ཟིན་ཡོད་པར་གསུངས་པ་ཙམ་ལས་ཞིབ་ཕྲའི་འགྲེལ་བརྗོད་གང་ཡང་གནང་མེད་སྟབས། པདྨ་དར་རྒྱས་ངག་དབང་གི་ཁྲིམས་རྩོད་པ་ John...

ཨ་རིའི་ནང་དུ་རྒྱ་ནག་གི་གསང་ཉུལ་བ་ཞིག་འཛིན་བཟུང་།

ཨ་རི་ནིའུ་ཡོག་གྲོང་ཁྱེར་གྱི་ཉེན་རྟོག་པ་ཞིག་གིས་ཨ་རི་གནས་སྡོད་བོད་མི་རྣམས་ཀྱི་གནས་ཚུལ་རྒྱུས་ལོན་གྱིས་རྒྱ་ནག་གཞུང་ཚབ་ལ་མཁོ་སྤྲོད་བྱས་ཡོད་པར་བརྟེན་རྒྱ་ནག་གི་སོ་མྱུལ་ལས་དོན་སྤེལ་བའི་ནག་ཉེས་འོག་འཛིན་བཟུང་བྱས་འདུགཁ་སང་ནིའུ་ཡོག་དུས་བབ་ཀྱི་གསར་ཁང་གཙོས་བརྒྱུད་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་ཁག་ལ་གཞིགས་ན་སོ་མྱུལ་གྱི་ལས་དོན་སྤེལ་མཁན་གྱི་ཉེན་རྟོག་པ་དེའི་མིང་ལ་ Baimadajie Angwang ( པད་མ་དར་རྒྱས་ངག་དབང་) ཞེས་བརྗོད་ཀྱི་འདུག་པ་དང་། ཁོ་པ་བོད་རིགས་ཤིག་དང་ད་ཆ་ལོ་ན་ ༣༣ སོན་པའི་ཉེན་རྟོག་པ་ཞིག་ཆགས་ཀྱི་འདུག རེས་གཟའ་ཟླ་བའི་ཉིན་ཉེན་རྟོག་པས་ནིའུ་ཡོག་གནས་སྡོད་བོད་མི་རྣམས་ཀྱི་ལས་དོན་དག་ལ་གནས་ཚུལ་རྒྱུས་ལོན་གྱིས་ནིའུ་ཡོག་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལ་དེ་འབྲེལ་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པའི་ནག་ཉེས་འོག་འཛིན་བཟུང་བྱས་འདུག ཁོས་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་གཉིས་དང་མཉམ་དུ་ཁ་པར་བརྒྱུད་དུས་རྒྱུན་འཆར་ཅན་འབྲེལ་བ་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༥ པའི་ནང་ཁོས་རྒྱ་ནག་གཞུང་ཚབ་ཀྱི་མི་སྣར་རྒྱ་ནག་གི་སོ་མྱུལ་ལས་དོན་སླད་བོད་མི་ཨ་རིའི་མི་སེར་ཡིན་པ་གསར་ཞུགས་བྱེད་རྒྱུའི་ཐབས་ལམ་གཅིག་ནི་བོད་མི་དེར་རྒྱ་ནག་ནང་སྐྱོད་པར་ལོ་བཅུའི་རིང་མཐོང་མཆན་གྱི་ལེགས་སྐྱེས་སྤྲོད་དགོས་པ་བརྗོད་འདུག ཁོས་ཁོ་པའི་ལས་གནས་དེ་རྒྱ་ནག་ལ་རིན་ཐང་ཅན་ཞིག་ཆགས་ཀྱི་ཡོད་པ་མ་ཟད་ཁོས་ལས་གནས་དེའི་བརྒྱུད་ཉེན་རྟོག་ལས་ཁུངས་ཀྱི་ནང་མོལ་གནད་དོན་རྣམས་མཁོ་སྤྲོད་བྱེད་ཐུབ་ཀྱི་རེད་ཅེས་ཀྱང་བརྗོད་ཡོད་པ་རེད་འདུག ཁོས་རྒྱ་ནག་གི་གཞུང་ཚབ་མི་སྣ་ནིའུ་ཡོག་ཉེན་རྟོག་ལས་ཁུངས་ཀྱི་མཛད་སྒོར་མགྲོན་འབོད་ཀྱིས་ཉེན་རྟོག་པ་བགྲེས་པ་ཚོ་དང་ཐུག་འཕྲད་སོགས་བྱེད་བཅུག་འདུག་པ་དང་སྦྲགས་ཏེ་ཁོས་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་དང་མཉམ་དུ་ཕྱི་ལོ་ ༢༠༡༤ ཙམ་ནས་འབྲེལ་བ་བྱས་པ་དང་སྒོས་ཕྱི་ལོ་ ༢༠༡༨ ཟླ་ ༦ ནས་ཕྱི་ལོ་ ༢༠༢༠ ཟླ་...

Latest news

- Advertisement -spot_img