Tibetan Royal Year of 2151 | Year of the Wood Dragon

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དབྱིན་ཡུལ་སྲིད་བློན་གསར་པར་འཚམས་འདྲི་གནང་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལྕམ་ Theresa May མཆོག་དབྱིན་ཡུལ་གྱི་སྲིད་བློན་གསར་པར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་འདུག དེའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་ནས་དབྱིན་ཡུལ་གྱི་ Conservative Party འམ་རྙིང་ཞེན་ཚོགས་པའི་འགོ་ཁྲིད་ལྕམ་ཐེ་རེ་ས་མེ་མཆོག་ཉེ་ལམ་ཁུལ་དེའི་སྲིད103781162-GettyImages-546076016_1.530x298་བློན་གསར་པར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་གནང་པ་དང་ཆབས་ཅིག ལྕམ་སྐུ་མཆོག་གི་ལས་དོན་མཐའ་དག་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུས་པ་དང་། ལྷག་དོན་དབྱིན་ཡུལ་དེ་ནི་བོད་ནང་རྒྱ་ནག་བཙན་འཛུལ་ཇི་ལྟར་བྱེད་ལུགས་ཐད་དཔང་པོ་གལ་ཆེ་ཞིག་ཆགས་ཡོད་སྟབས། ལྕམ་སྐུ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་བའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོང་བའི་ཐུགས་རེ་གནང་བཞིན་ཡོད་ཅེས་སོགས་གསུངས་འདུག
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དབྱིན་ཡུལ་ནས་བོད་དོན་ཆེད་རྒྱབ་སྐྱོར་གནང་བར་བཀའ་དྲིན་སྙིང་བཅངས་ཐོག་ཐུགས་རྗེ་ཞུ་དང་། ཁྱད་པར་དུ་དབྱིན་ཡུལ་གྱི་སྲིད་བློན་ David Cameron མཆོག་གིས་ཕྱི་ལོ་ ༢༠༡༢ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པར་བསྔགས་བརྗོད་ཡོད་སྐོར་ཡང་གསུངས་ཡོད་འདུག
རྩ་བའི་ལྕམ་ Theresa May མཆོག་ནི་ཟླ་ ༧ ཚེས་ ༡༣ ཉིན་དབྱིན་ཡུལ་གྱི་ Buckingham རྒྱལ་ཁང་དུ་དབྱིན་ཇིའི་རྒྱལ་མོ་ Elizabeth མཆོག་དང་མཇལ་བཅར་སྐབས་སྲིད་བློtheresa-mayན་དུ་བསྐོ་གཞག་གནང་བ་ཞིག་ཡིན་པ་རེད། ཁོང་ནས་དེ་སྔོན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་རྙིང་ཞེན་ཚོགས་པའི་འགོ་ཁྲིད་གནང་པ་དང་། དེ་བཞིན་ ༡༩༩༧ ནས་བཟུང་ཁུལ་དེའི་ Maidenhead གྲོང་སྡེའི་གྲོས་ཚོགས་འཐུས་མི་གནང་པ་མ་ཟད། དབྱིན་ཡུལ་གྱི་ནང་སྲིད་དྲུང་ཆེ་དང་ལྷག་པར་དུ་བེུད་དང་འདྲ་མཉམ་གྱི་བློན་ཆེན་སོགས་གནང་སྟེ། ལྕམ་སྐུ་ Margaret Thacher མཆོག་གིས་སྲིད་བློན་གནང་རྗེས་དབྱིན་ཡུལ་གྱི་བེུད་སྲིད་བློན་གཉིས་པ་དེ་ཆགས་ཡོད་པ་རེད།
རྩ་བའི་ལྕམ་སྐུ་མཆོག་ནི་སྲིད་བློན་ David Cameron མཆོག་གློ་བུར་དུ་སྲིད་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་རྗེས། དབྱིན་ཡུལ་གྱི་སྲིད་བློན་གསར་པའི་འོས་བསྡུ་ཁྲོད་ལྕམ་སྐུ་མཆོག་ལ་གྲོས་ཚོགས་འཐུས་མི་ ༡༩༩ ཡིས་རྒྱབ་སྐྱོར་ཐོབ་ནས་ཐེངས་འདིའི་སྲིད་བློན་གྱི་རྒྱལ་ཁ་ཐོབ་པ་ཞིག་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།