Tibetan Royal Year of 2151 | Year of the Wood Dragon

Thermo Fisher ཚོང་ལས་ཁང་གི་རྒྱ་ནག་དང་ལག་འབྲེལ་བྱེད་བཞིན་པར་སེམས་འཚབ།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

ཁ་སང་ཚེས་ ༢༣ ཉིན་ Swiss གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ Thermo Fisher ཚོང་ལས་ཁང་གི་གཙོ་འཛིན་ March Casper ལགས་ཀྱི་མཚན་ཐོག་ཏུ་ཡོངས་ཁྱབ་ཕྱག་བྲིས་ཞིག་ཕུལ་འདུག་པ་དང་དེའི་ནང་། ཚོང་ལས་ཁང་གི་ངོས་ནས་རྒྱ་གཞུང་གིས་བོད་ནང་བཙན་གྱིས་བོད་མིའི་རིགས་རྫས་བསྡུ་ལེན་བྱེད་བཞིན་པའི་གནད་དོན་ཐད་རྒྱ་ནག་དང་ལག་འབྲེལ་བྱེད་བཞིན་པར་སེམས་འཚབ་རྣམ་པ་གསལ་བཏོན་གནང་འདུག

ཁ་སང་སུ་བོད་མཛའ་འབྲེལ་ཚོགས་པ་ཞེས་པའི་ Swiss ནང་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲ་གནས་ཐོག་ཡུལ་དེའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ Thermo Fisher ཚོང་ལས་ཁང་ལ་ཕུལ་བའི་ཡོངས་ཁྱབ་ཕྱག་བྲིས་དེ་འདོན་སྤེལ་གནང་བའི་ནང་། གྲོས་ཚོགས་འཐུས་མི་ ༣༠ ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་ངོས་ནས་ Thermo Fisher ཚོང་ལས་ཁང་གིས་བོད་མིའི་རིགས་རྫས་བསྡུ་ལེན་ཐད་རྒྱ་ནག་དང་ལག་འབྲེལ་བྱེད་ཀྱི་ཡོད་སྐོར་བློ་འཚབ་ཡོད་ཅེས་གསུངས་པ་དང་སྦྲགས། Thermo Fisher ཚོང་ལས་ཁང་ནི་ Helsinki ཁྲིམས་སྒྲིག་ལ་བརྩི་བཀུར་ཞུ་མཁན་ཞིག་ཡིན་པ་ལྟར། ཁྲིམས་སྒྲིག་དེའི་ནང་རིགས་རྫས་བསྡུ་ལེན་འདི་བཞིན་རང་དབང་དང་འདོད་མོས་ཐོག་ནས་བྱེད་དགོས་པ་ཞེས་འཁོད་ཡོད་ཀྱང་། བོད་ནང་དུ་བོད་མིའི་རིགས་རྫས་བསྡུ་ལེན་བྱས་སྐབས། བོད་མིའི་འདོད་མོས་སོགས་ལ་བརྩི་བཀུར་ཞུ་པའི་དཔང་རྟགས་གང་ཡང་མེད་སྟབས། བཟང་སྤྱོད་ཀྱི་ཐོག་ནས་ཡོངས་སུ་འགལ་གྱི་ཡོད་པ་འཐེར་འདོན་གནང་བའི་ཐོག ཚོང་ལས་ཁང་ལ་ Helsinki ཁྲིམས་སྒྲིག་དང་མཐུན་པ་ཇི་ལྟར་གནང་གི་ཡོད་ལུགས་སོགས་ཀྱི་སྐོར་དྲི་བ་ཁག་ཅིག་བཏང་སྟེ། ཅི་སྟེ་དྲི་བ་དེ་དག་ལ་ལན་འདེབས་འདོད་བློ་ཁེངས་པ་གནང་མ་ཐུབ་ཚེ། རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་ཚོང་འགྲེམས་བྱ་རྒྱུ་མཚམས་འཇོག་བྱ་དགོས་པ་གསུངས་འདུག

དེ་རིང་ཚེས་ ༢༤ ཉིན་ Thermo Fisher ཚོང་ལས་ཁང་གི་ལོ་འཁོར་ཚོགས་ཆེན་ཚོགས་ཀྱི་ཡོད་པ་དང་བསྟུན། ཁ་སང་ཨ་རིར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བསྟན་འཛིན་དབྱངས་འཛོམས་ལགས་དང་། བོད་མི་ཆབ་སྲིད་བཙོན་ཟུར་ངག་དབང་གསང་སྒྲོལ་ལགས། དེ་བཞིན་ཨིན་ཡུལ་ནང་གི་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གཅིག་བཅས་བོད་མི་ལས་འགུལ་བ་གསུམ་ནས། Thermo Fisher བཟོ་ཚོང་ཁང་དུ་བསྐྱོད་དེ། བོད་མི་དང་བོད་མིའི་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༢༥༠༠༠ ལྷག་གིས་མཚན་རྟགས་འཁོད་པའི་ཞུ་སྙན་འབུལ་ཐབས་བྱེད་ཡོད་ཀྱང་། ཚོང་ལས་ཁང་དེའི་ངོས་ནས་བོད་མི་ལས་འགུལ་བ་རྣམས་ལས་ཁུངས་ནང་བསྐྱོད་རྒྱུར་བཀག་སྡོམ་ཙམ་མ་ཟད། སྙན་ཞུ་ཡང་ངོས་ལེན་བྱེད་མེད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།