Tibetan Royal Year of 2151 | Year of the Wood Dragon

སྤྱི་ལྷན་སྐུ་ཚབ་ཚོགས་ཁག་གསུམ་རྒྱ་གར་བྱང་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཁག་གསུམ་རྒྱ་གར་བྱང་ཕྱོགས་དང་ཤར་ཕྱོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་བོད་དོན་ཞུ་སྐུལ་གྱི་སྐོར་སྐྱོད་གནང་བཞིན་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ད་ལྟའི་ཆར་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་འཐུས་དཀོན་མཆོག་ཡང་འཕེལ་ལགས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་བཅས་ལས་གྲུབ་པའི་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ཚེས་ ༢༥ ནས་ཟླ་བ་རྗེས་མའི་ཚེས་ ༡༠ བར་རྒྱ་གར་པན་ཇབ་དང་ཧར་ཡ་ན། ལྡི་ལི་བཅས་སུ་བོད་དོན་ཞུ་སྐུལ་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

དེ་བཞིན་སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་གནངས་ཚེས་ ༢༦ ཟླ་བ་རྗེས་མའི་ཚེས་ ༩ བར་རྒྱ་གར་གྱི་མངའ་སྡེ་བི་ཧཱར་དང་། ཇཱར་ཁན་ཌི་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་སྐོར་སྐྱོད་གནང་བཞིན་ཡོད་པ་རེད།  

གསར་འགོད་པས་དེ་རིང་བི་ཧཱར་ནང་བོད་དོན་ཞུ་གཏུག་གི་ལས་རིམ་ཆེད་ཕེབས་མཁན་ཁོངས་སུ་ཡོད་པའི་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་སུ་བཅར་འདྲི་ཞུས་པར་ཁོང་རྣམ་གཉིས་ཚེས་ ༢༦  ཉིན་བི་ཧཱར་གྱི་རྒྱལ་ས་པཊ་ནར་དུ་འབྱོར་བ་དང་འབྲེལ་བོད་དོན་ལས་རིམ་དབུ་འཛུགས་གནང་ཡོད་པ་ལྟར་འདས་པའི་ཉིན་གྲངས་ ༣ ནང་བི་ཧཱར་མངའ་སྡེའི་སྲིད་སྐྱོང་མཆོག་དང་མངའ་སྡེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོ། དེ་བཞིན་བོད་དོན་རྒྱབ་སྐྱོར་གནང་མཁན་ས་གནས་ཀྱི་གྲོས་ཚོགས་འཐུས་མི་ལས་ཟུར་རྣམ་པ། དེ་བཞིན་ཆབ་སྲིད་ཚོགས་པའི་འཐུས་མི་བཅས་དང་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་གཏུག་གནང་ཡོད་པ་དང་། སྐབས་དེར་ས་གནས་ཀྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་ཀྱིས་བོད་མི་རྣམས་ལ་བི་ཧཱར་མངའ་སྡེ་དེ་ཉིད་ཆོས་ཕྱོགས་དང་ཆབ་སྲིད་ཀྱི་ས་གནས་གལ་ཆེ་ཞིག་ཆགས་པར་གཞིགས་ཏེ་རིང་མིན་༸གོང་ས་མཆོག་མངའ་སྡེའི་གྲོས་ཚོགས་སུ་གདན་ཞུ་ཕུལ་རྒྱུའི་སྐོར་གླེང་སློང་ཡོད་ཅེས་བཀའ་མོལ་བྱུང་འདུག

སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས། སྤྱི་འཐུས་པདྨ་མཚོ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཚེས་ ༡༩ ནས་དབུ་འཛུགས་ཀྱིས་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁན་ཌི་མངའ་སྡེ་ནང་བོད་དོན་ཞུ་སྐུལ་ལེགས་གྲུབ་རྗེས་ཨུ་ཏྟར་པར་དེ་ཤ་མངའ་སྡེའི་ནང་ཕེབས་ཏེ་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་གནང་མུས་རེད་ཡིན་པ་རེད།

ཨུ་ཏྟར་པར་དེ་ཤ་མངའ་སྡེའི་སྲིད་སྐྱོང་ལྕམ་སྐུ་ Anandiben Patel མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Satish Mahana མཆོག མངའ་སྡེའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ Akhilesh Yadav མཆོག དེ་བཞིན་མངའ་སྡེའི་སོ་ནམ་དང་སོ་ནམ་ཤེས་ཡོན། དེ་བཞིན་སོ་ནམ་ཞིབ་འཇུག་གི་བློན་ཆེན་སྐུ་ཞབས་ Surya Pratap Shahi མཆོག་གིས་དབུས་པའི་གནད་ཡོད་དཔོན་རིགས་མང་དག་ཅིག་དང་མཇལ་འཕྲད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།