Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ལ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་རྒྱ་འབྲེལ་མོལ་སླར་གསོ་དགོས་པའི་སྐུལ་མ་གནང་འདུག

Tibetan News Headlines

  • བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྤྱི་མོས་རྒྱབ་སྐྱོར།
  • ཉེན་རྟོག་པས་དམ་བསྒྲགས་འོག་བོད་པའི་དགེ་འདུན་པ་ཞིག་གིས་རང་སྲོག་བཅད་པ།
  • རྒྱ་ནག་ནས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་གཏོར་ཐབས་བྱེད་བཞིན་པ་ཐེར་འདོན།
  • ཨ་རིའི་མི་ནི་སོ་ཊར་ Ocean of Wisdom ཅ་ཊར་སློབ་གྲྭ་གསར་འཛུགས་གནང་རྒྱུའི་ཐོག་བཅར་འདྲི།

Wednesday 17/04/2024

  • US Senate Committee approves Resolve Tibet Act
  • Police harassment and continued surveillance prompts Tibetan monk to commit suicide
  • Whistle blower accuses China of manipulating UN reports and bribing official to serve its interests
  • Ocean of Wisdom: MN Tibetan Charter School

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་རྒྱ་གཞུང་གིས་བོད་དེ་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་བཞིན་པ་དེ་ལོ་རྒྱུས་ཀྱི་ཐོག་ནས་གཞི་རྩ་མེད་པ་དང་། ལྷག་པར་དུ་དེ་ནི་བོད་རྒྱ་གཉིས་དབར་དོན་དམ་གྱི་གྲོས་མོལ་ཡོང་བར་འགོག་རྐྱེན་བཟོ་གཞི་ལས་མ་འདས་པ་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། རྒྱ་གཞུང་ལ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་རྒྱ་འབྲེdlལ་མོལ་སླར་གསོ་དགོས་པའི་སྐུལ་མ་གནང་འདུག
དེའང་ཟླ་ ༩ ཚེས་ ཚེས་ ༨ ཉིན་བྷེལ་ཇམ་གྱི་རྒྱལ་ས་ Brussels ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དབུ་འབྱེད་བཀྲིས་བསྐྱངས་པ་གཙོས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་ ༥༠ ལྷག་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོགས་པ་སྒྲིག་འཛུགས་ཁག་གི་ཆེད་བཅར་ཞུས་པའི་བོད་དོན་རྒྱབ་སྐྱོར་བ་ ༢༥༠ ལྷག་དང་། བོད་ཀྱི་སྐུ་ཚབ་དོན་གཅོད་ཁག་དང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད་པ་རེད། ལྷག་དོན་ཁོང་རྣམས་ཚོགས་ཆུང་བཞི་ལ་ཆ་བགོས་ཀྱིས་བོད་ཀྱི་ཁོར་ཡུག་དང་ཆབ་སྲིད་གནས་བབ། དེ་བཞིན་བོད་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་གྲོས་གཞི་དོན་ཚན་བཞི་ལ་བཀའ་བསྡུར་རིམ་པ་གནང་སྟེ་ཡོངས་ཁྱབ་སྤྱི་བསྒྲགས་ཤིག་སྤེལ་བའི་བརྒྱུད་ཚོགས་ཆེན་མཇུག་སྒྲིལ་གནང་ཡོད་པ་རེད།
སྤྱི་བསྒྲགས་དེའི་ནང་རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དེ་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་གསལ་བསྒྲགས་གནང་དགོས་པའི་ཆ་རྐྱེན་བཏོན་པ་དེ་ནི་དང་ལེན་ཐུབ་ཐབས་མེད་པ་ཞིག་དང་། རྒྱ་གཞུང་གིས་༸གོང་ས་མཆོག་ལ་གནོན་ཤུགས་དེ་ལྟར་སྤྲོད་པ་དེས་རྒྱ་གཞུང་ལ་བོད་ཀྱི་བདག་དབང་ཡོད་img_0429ཚུལ་བརྗོད་པ་དེ་ཁྲིམས་མཐུན་བཟོ་ཐབས་ཡོད་མ་རེད་ཅེས་བརྗོད་པ་མ་ཟད། རྒྱ་གཞུང་ལ་སྔོན་འགྲོའི་ཆ་རྐྱེན་རིགས་གང་ཡང་མེད་པར་བོད་རྒྱ་འབྲེལ་མོལ་སླར་གསོ་དགོས་པའི་སྐུལ་མ་དང་། ལྷག་དོན་རྒྱལ་སྤྱིའི་གཞུང་ཁག་གིས་རྒྱ་གཞུང་གི་འགོ་ཁྲིད་ཚོར་གནོན་ཤུགས་སྤྲོད་དེ་ངོ་ཚ་ཁྲལ་གཞུང་མེད་པའི་ཆ་རྐྱེན་དེ་རིགས་དོར་དགོས་པའི་འབོད་སྐུལ་ཞུས་འདུག
སྤྱི་བསྒྲགས་དེའི་ནང་གཞན་ཡང་བོད་ནང་གི་ཛ་དྲག་ཆེ་བའི་ཁོར་ཡུག་གནས་སྟངས་ཐོག་ལ་སེམས་འཚབ་དང་འབྲེལ། རྒྱ་གཞུང་གིས་བོད་ནང་གང་བྱུང་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་གསར་འཛུགས་ཀྱི་ལས་གཞི་སྣ་མང་སྤེལ་བཞིན་ཡོད་པ་དེ་དག་གིས་བོད་མཐོ་སྒང་གི་ཁོར་ཡུག་གཙོས་པའི་བོད་ཀྱི་ཆུ་རྒྱུན་ལ་བརྟེན་པའི་ཨེ་ཤེ་ཡའི་ཆུ་བོ་ཁག་ལ་གནོད་འཚེ་ཆེན་པོ་བཟོས་པ་མ་ཟད། གོ་ལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ལ་དོ་ཕོག་ཆེན་པོ་བཟོ་བཞིན་ཡོད་པ་སོགས་གསལ་བཏོན་གནང་འདུག ཚོགས་བཅར་བ་ཡོངས་ཀྱིས་བོད་མིའི་རང་དབང་དང་གཞི་རྩེའི་འགྲོ་བ་མིའི་ཐོབ་ཐང་སླར་གསོ་ཡོང་བར་འཚེ་མེད་ཞི་བའི་འཐབ་རྩོད་ལ་ཆེད་སེམས་བརྟན་པའིhhdl་རྒྱབ་སྐྱོར་ཡོད་པ་བསྐྱར་བརྗོད་དང་ཆབས་ཅིག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་ཀྱི་གནད་དོན་དེ་འདོད་བློ་ཁེངས་པའི་སྒོ་ནས་སེལ་མ་ཐུབ་བར་རྒྱབ་སྐྱོར་ཡོད་པ་ཡང་མངོན་གསལ་གནང་འདུག
ད་རེས་ཀྱི་སྤྱི་བསྒྲགས་དེའི་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་དོན་ཚན་བཞི་ཅན་ཞིག་བཀོད་འདུག་པ་དེའི་ནང་། འགྲོ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་ཕྱོགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ། རྒྱ་མི་རིགས་ལ་འབྲེལ་བ་རྒྱ་སྐྱེས་གནང་རྒྱུ་
དང་བདེན་པ་བསྐྱར་ནན་གནང་རྒྱུ་སོགས་ཡོད་པ་མ་ཟད། དེའི་ཁྲོད་བླ་རུང་སྒར་གཏོར་བཤིག་ལ་སོགས་པའི་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་རྒྱུ་གཙོས། བོད་མི་བདེན་དཔང་གི་ཚིག་ཐོག་དང་ལོ་རྒྱུས་རྣམས་བོད་ཡིག་ཐོག་ཕབ་བསྒྱུར་གྱིས་རྒྱ་རིགས་མང་ཚོགས་ལ་འགྲེམས་སྤེལ་ཞུ་དགོས་པ་སོགས་འཁོད་ཡོད་པ་རེད།
གཞི་རྩའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྲིན་བསྐྱངས་པ་དང་ཆབས་ཅིག ཚོགས་ཆེན་ཐོག་བཅར་བའི་རྒྱ་རིགས་གཙོ་བོར་གྱུར་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མགོན་པོ་མཆོག་ནས་བོད་ཀྱི་ཆོས་དང་རིག་གཞུང་ཁྱད་པར་བ་ཞིག་ཡོད་པ་དེ་འཛམ་གླིང་སྤྱི་ལ་ཕན་བདེ་བསྐྲུན་པའི་ནུས་པ་ཡོད་ཞིག་ལ་ངོས་འཛིན་གནང་པའི་ཐོག་ནས་བོད་མིའི་རྩ་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་སྐུལ་མ་གནང་པ་དང་། ད་བར་བོད་དོན་ཐོག་དོན་དམ་གྱི་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་པར་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དེ་བརྒྱུད་རྒྱ་ནག་གཞུང་ལ་བོད་དོན་འཐབ་རྩོད་ཁྲོད་བོད་མི་རྣམས་ཁེར་རྐྱང་མིན་པའི་བརྡ་ལན་ཤུགས་ཆེ་སྤྲོད་བཞིན་ཡོད་ཅེས་གསུངས་འདུག་པ་མ་ཟད། ཚོགས་ཆེན་མཇུག་བསྡོམས་ཐོག་ལ་ཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་ Claudia Roth མཆོག་དང་ཡོ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Csaba Sogor རྣམ་གཉིས་དབུས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁག་དང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཆེད་ཕེབས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།