Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པར་བློ་འཚབ་ཆེན་པོ་ཡོད་པ་གསུངས་འདུག

Tibetan News Headlines

  • སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ པ་མཇུག་སྒྲིལ།
  • རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
  • རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
  • སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག
  • ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ Janet Rice ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།
  • མལ་དིལྦ་ནང་འཐུང་ཆུའི་དཀའ་ངལ་སེལ་སླད་བོད་ཀྱི་གཏེར་ཆུ་ཏུན་ ༡༥༠༠ མཁོ་སྤྲོད་བྱས་འདུག

Friday 29/03/2024

  • TPiE concludes 7th session, approves budget of over ₹ 3331 Million
  • China arrests 10 Tibetans from Derge county, whereabouts unknown
  • No breakthrough in India-China dialogue
  • Need of training for educated young Tibetans to influence India’s policy on Tibet: Tenzin Tsundue
  • Tibetans in Australia bid farewell for Senator Janet Rice, welcomes new co-chair for parliamentary Tibet group
  • Now China sends 1,500 tonnes of drinking water from Tibet to Maldives

 

ཡོ་རོབ་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཡོ་རོབ་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གཙོ་བོར་གྱུར་པའི་ཨ་རི་དང་ཁེ་ན་ཌ་སོགས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་རྒྱ་ནག་གཞུང་གིས་རྒྱ་unoནག་སྤྱི་དང་ལྷག་པར་དུ་བོད་དང་ཤིང་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པར་བློ་འཚབ་ཆེན

་པོ་ཡོད་པ་གསུངས་འདུག

དེ་ཡང་ Swiss གྲོང་ཁྱེར་ Geneva ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལྷན་ཚོགས་སྐབས་ ༣༣ ཚོགས་བཞིན་པ་དང་བསྟུན། ཁ་སང་ཡོ་རོབ་ Slovakia རྒྱལ་ཁབ་ཀྱི་སྐུ་ཚབ་ཀྱིས་ཡོ་རོབ་མཐུན་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཚང་མའི་ངོ་ཚབ་གནང་སྟེ། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་སྔར་ལོ་ནས་བཟུང་སྟེ་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཁྲིམས་རྩོད་པ་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། ཁོང་ཚོའི་ནང་མི་རྣམས་ལ་སུན་གཙེར་ཆེན་པོ་བཟོ་བཞིན་པར་བློ་འཚབ་གནང་བཞིན་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་ཁྲིམས་རྩོད་པ་རྣམས་དང་། Liu Xiaobo དང་། Illham Tohti སོགས་མང་གཙོ་དོན་གཉེར་བ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་གསུངས་འདུག

རྒྱ་གཞུང་གིས་ངོས་ནས་རྒྱ་ནག་མི་རིགས་སྤྱི་དང་ལྷག་པར་དུ་བོད་དང་ཤིང་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་གུས་བརྩི་ཞུ་དགོས་པ་མ་ཟད། ས་གནས་ཀྱི་གནས་དོན་རྣམས་དྲག་པོའི་ལམ་ནས་སེལ་ཐབས་བྱེད་པ་Liu_Xiaoboམ་ཡིན་པར་གྲོས་མོལ་གྱི་ཐོག་ནས་སེལ་ཐབས་གནང་དགོས་པའི་སྐུལ་མ་ཡང་གནང་འདུག

གཞན་ཡང་སྐབས་དེར་ཨ་མི་རི་ཀའི་སྐུ་ཚབ་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་ཞི་རིམ་མི་དམངད་ཀྱི་རང་དབང་ཐོག་ལ་ཚོད་འཛིན་ཤུགས་ཆེ་བྱེད་པ་ཙམ་མ་ཡིན་པར། མང་ཚོགས་ཀྱི་ཆོས་ཕྱོགས་ལས་དོན་ཐོག་ལའང་ཐེ་བྱུས་བྱ་རྒྱུ་རྒྱ་སྐྱེས་གཏོང་བཞིན་པར་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པ་གསུངས་པ་མ་ཟད། ཁེ་ན་ཌའི་སྐུ་ཚབ་ཀྱི་ངོས་ནས་ཀྱང་རྒྱ་གཞུང་གིས་མུ་མཐུད་འགྲོ་བ་མིའི་ཐོབ་ཐོག་ཕྱག་ལས་གནང་མཁན་རྣམས་འཛིན་བཟུང་བཙན་ཁྲིད་བྱེད་བཞིན་པ་དེས་རྒྱ་གཞུང་གིས་རྒྱལ་སྤྱི་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་ཀྱི་མེད་པར་སྐྱོན་བརྗོད་ཤུགས་ཆེ་གནང་པ་ཆབས་ཅིག  རྒྱ་ནག་གཞུང་དང་གཞི་རིམ་མི་དམངས་དབར་ལ་འབྲེལ་བ་བཟང་པོ་ཞིག་བྱུང་བར་རྒྱ་གཞུང་གི་ངོས་ནས་ཞི་བའི་ལས་འགུལ་བ་རྣམས་འཕྲལ་མར་གློག་བཀྲོལ་གཏོང་དགོས་པ་གསུངས་འདུག

ཉེ་ཆར་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁོངས་ནས་ཕྱིར་འཐེན་གནང་པའི་དབྱིན་ཡུལ་སྐུ་ཚབ་ཀྱི་ངོས་ཀྱང་དེ་མཚུངས་སུ་རྒྱ་ནག་ནང་གི་ཆོས་དད་དང་སྨྲ་བརྗོད་རང་དབང་ཐོག་བློ་འཚབ་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་པ་མ་ཟད། ཉེ་དུས་སུ་རྒྱ་གཞུང་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་དོན་གནང་ཕྱོགས་ལ་སྟངས་འཛིན་ཐུབ་ཐབས་སུ་གཏན་འབེབས་ཟིན་པའི་ཁྲིམས་ལུགས་གསར་པ་དེ་དག་གིས་མང་ཚོགས་ཀྱི་རང་དབང་ལ་དོ་ཕོག་ཤུགས་ཆེ་གཏོང་བཞིན་པར་སྐྱོན་བརྗོད་ནན་པོ་གནང་འདུག

ལྷག་པར་དུ་འཇར་མ་ནིའི་སྐུ་ཚབ་ཀྱིས་རྒྱ་གཞུང་གི་སྲིད་བྱུས་འོག་བོད་དང་ཤིང་ཅང་གཙོ་བོར་གྱུར་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ཡོད་པ་འགྲེལ་བརྗོད་དང་སྦྲགས། ད་ཆ་རྒྱ་གཞུང་གིས་དྲ་པོའི་སྲིད་བྱུང་འོག་ཞི་བའི་ལས་འགུལ་བ་དང་ཁྲིམས་རྩོད་པ་མང་པོ་ཞིག་འཛིན་བཟུང་བཙན་འཁྲིད་བྱེད་བཞིན་པ་དེ་ནི་ཆེས་ཞན་པའི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་རེད་ཅེས་སྐྱོན་བརྗོད་བསྐྱར་ནན་གནང་པ་མ་ཟད། རྒྱ་ནག་གཞུང་གིས་ཞི་རྒོལ་བ་དང་ཁྲིམས་རྩོད་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་གསུངས་འདུག

གཞི་རྩའི་ད་རེས་ཀྱི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལྷན་ཚོགས་སྐབས་ ༣༣ པ་དེ་བཞིན་ཟླ་འདིའི་ཚེས་ ༡༣ ནས་འགོ་འཛུགས་ཀྱིས་ཚེས་ ༣༠ བར་ཚོགས་གནང་གི་ཡོད་པ་མ་ཟད། ལྷན་ཚོགས་དེའི་ཐོག་སྤྱིའི་རྒྱལ་ཁབ་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་ཆབ་སྲིད་དང་སྐྱབས་བཅོལ་བའི་གནད་དོན་སོགས་ཀྱི་ཐོག་ལ་གྲོས་བསྡུར་སྦྱང་ཤེས་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།