Tibetan Royal Year of 2151 | Year of the Wood Dragon

དྲྭ་ལམ་ནས་༸གོང་ས་མཆོག་གི་བརྙན་མཇལ་བར་དགའ་ཚོར་གནང་རྐྱེན་བོད་པའི་དགེ་རྒན་ཞིག་འཛིན་བཟུང་བྱས་པ་དེ་ཉིད་གློད་བཀྲོལ་ཐོབ་ཀྱང་ལྟ་སྲུང་འོག་གནས་མུས།

Tibetan News Headlines

  • བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྤྱི་མོས་རྒྱབ་སྐྱོར།
  • ཉེན་རྟོག་པས་དམ་བསྒྲགས་འོག་བོད་པའི་དགེ་འདུན་པ་ཞིག་གིས་རང་སྲོག་བཅད་པ།
  • རྒྱ་ནག་ནས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་གཏོར་ཐབས་བྱེད་བཞིན་པ་ཐེར་འདོན།
  • ཨ་རིའི་མི་ནི་སོ་ཊར་ Ocean of Wisdom ཅ་ཊར་སློབ་གྲྭ་གསར་འཛུགས་གནང་རྒྱུའི་ཐོག་བཅར་འདྲི།

Wednesday 17/04/2024

  • US Senate Committee approves Resolve Tibet Act
  • Police harassment and continued surveillance prompts Tibetan monk to commit suicide
  • Whistle blower accuses China of manipulating UN reports and bribing official to serve its interests
  • Ocean of Wisdom: MN Tibetan Charter School

ཉེ་ལམ་༸གོང་ས་མཆོག་གི་བརྙན་མཇལ་ནས་དགའ་ཚོར་གནང་མཁན་གྱི་བོད་པའི་དགེ་རྒན་དེ་ཉིད་གློད་བཀྲོལ་བཏང་ཡོད་ཀྱང་ལས་གནས་ནས་ཕྱིར་འབུད་ཀྱིས་མུ་མཐུད་ལྟ་སྲུང་འོག་གནས་མུས་རེད་འདུག

དེ་ཡང་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་བྱིས་པ་ཞིག་ལ་ཐུགས་བརྩེ་ཆེན་པོས་བྱམས་སྐྱོང་མཛད་ཕྱོགས་ཀྱི་བརྙན་ཐུང་ཞིག་གི་རྐྱེན་གྱིས་བརྒྱུད་ལམ་ཁག་ཏུ་༸གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་མཁན་མང་དག་ཅིག་བྱུང་ཡོད་པའི་ཁྲོད་འདིར་རྒྱ་གཞུང་གིས་བོད་ནང་བརྙན་དེར་བཀག་སྡོམ་མེད་པར་ཁྱབ་སྤེལ་བྱས་པའི་རྗེས་སུ་ཕྱི་ཟླ་ ༤ ཚེས་ ༡༠ ཉིན་རྔ་བ་ཁུལ་གྱི་འབྲིང་རིམ་སློབ་གྲྭ་ཞིག་ནས་འཛིན་བཟུང་བྱས་པའི་བོད་པའི་དགེ་རྒན་ཁོང་གིས་ཞོགས་ཚོགས་ཐོག་ད་ལྟ་རྒྱ་ནག་གི་དྲྭ་ལམ་ཁག་ཏུ་༸རྒྱལ་བ་རིན་པོ་ཆེ་དང་རྒྱ་གར་གྱི་བྱིས་པ་ཞིག་གི་བརྙན་ཐུང་སྤེལ་བཞིན་པ་དེ་སྐལ་པ་བཟང་པོ་རེད། ང་ཚོ་བོད་མི་ཚོར་ཁོང་དངོས་སུ་མཇལ་རྒྱུའི་སྐལ་པ་བཟང་པོ་མེད་ན་ཡང་། ལོག་ཕྱོགས་ནས་ཁོང་གི་བརྙན་མཇལ་རྒྱུ་ཡོད་པ་དེ་ནི་ང་ཚོའི་བསོད་ནམས་རེད། ༸རྒྱལ་བ་རེན་པོ་ཆེ་མགྱོགས་མྱུར་བོད་ལ་ཕེབས་ཐུབ་པའི་རྟགས་མཚན་ཡག་པོ་རེད། དགེ་སློབ་ཚང་མས་གསོལ་བ་སྨོན་ལམ་ཡག་པོ་ཐོབས་དང་། ཁོང་ལ་དངོས་སུ་མཇལ་བ་དང་གཅིག་པ་རེད། མ་གཞི་ཁོང་གི་བརྙན་ཐུང་དེ་ནི་ཁོང་ལ་མི་དགའ་མཁན་ཚོས་བསམ་བཞིན་དུ་བཟོས་པ་ཞིག་ཡིན་པ་ལས་ཁོང་ནི་སངས་རྒྱས་སྐྱོན་གྱིས་མ་གོས་པ་ཞིག་རེད་ཅེས་གསུངས་པར་བརྟེན་ཉིན་དེའི་ཉིན་གུང་ལ་རྒྱ་གཞུང་གིས་ཁོང་སློབ་གྲྭ་ནས་བཙན་བཟུང་བྱས་ཏེ་གཟའ་འཁོར་གཉིས་ཙམ་བཀག་ཉར་བྱས་ཡོད་པའི་ཁྲོད་འདིར། དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་དེ་འབྲེལ་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བར་གཞིགས་ཚེ་རྒྱ་གཞུང་གིས་དེ་སྔོན་འཛིན་བཟུང་བཙན་ཁྲིད་བྱས་པའི་རྔ་བ་ཁུལ་གྱི་འབྲིང་རིམ་སློབ་གྲྭའི་བོད་དགེ་དེ་གཟའ་འཁོར་གཉིས་ཙམ་རིང་ཆ་རྒྱུས་མེད་པའི་ས་ཁུལ་ཞིག་ཏུ་བཀག་ཉར་བྱས་མཐར་གློད་བཀྲོལ་བཏང་ཟིན་ཀྱང་ལས་གནས་ནས་ཕྱིར་འབུད་ཀྱིས་མུ་མཐུད་ལྟ་སྲུང་ནན་པོའི་འོག་བཟང་བཙོན་ལྟ་བུར་གནས་མུས་ཡིན་པར་བཀོད་འདུག

དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གི་དྲ་རྒྱའི་གསང་ཉུལ་དང་དམ་བསྒྲགས་རྐྱེན་གྱིས་གཅོད་གཏུབ་བྱས་པའི་བརྙན་ཐུང་དེའི་ཐད་དྲ་ལམ་དུ་བོད་མི་ཚོས་མངོན་གསལ་དོད་པོས་བསམ་ཚུལ་བཤད་པ་མཐོང་རྒྱུ་མེད་པ་དེ་ལྟར་ནའང་། གནས་ཚུལ་དེ་ཚ་གླེང་བྱེད་བཞིན་པའི་སྐབས་སུ་བོད་མི་མི་ཉུང་བ་ཞིག་གིས་སྤྱན་རས་གཟིགས་ཀྱི་གསོལ་འདེབས་བསྟོད་ཚིག་བྲིས་པ་དང་དེ་བཞིན་ཤོག་བུའི་སྟེང་དུ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན་ནོ་ཞེས་བྲིས་ཏེ་དྲ་ལམ་དུ་སྤེལ་བ་སོགས་མང་དག་ཅིག་མཐོང་རྒྱུ་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག

རྩ་བའི་རྒྱ་ནག་གཞུང་གིས་རྣམ་ཀུན་ནས་བོད་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ལ་བཀག་སྡོམ་ཆེས་ཆེར་བྱས་དང་བྱེད་བཞིན་ཡོད་པས་༸སྐུ་པར་སྒྲིག་གཤོམ་དང་ཉར་ཚགས་གནང་མཁན་བོད་མི་ཚོར་ཁྲིམས་ཆད་ལྕི་མོ་བཏང་བར་མ་ཟད་དྲ་ལམ་དུ་༸གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་བརྒྱུད་སྤེལ་རིགས་ལ་དོ་དམ་ནན་པོ་བྱེད་བཞིན་ཡོད་ཀྱང་། ཉེ་ལམ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་༸གོང་ས་མཆོག་དང་འབྲེལ་བའི་བརྙན་པར་ཞིག་རྒྱ་ཁྱབ་ཏུ་སོང་སྟབས་མགོན་པོ་༸གང་ཉིད་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་མཁན་མང་དག་ཅིག་བྱུང་བའི་ཁྲོད་རྒྱ་ནག་གཞུང་གིས་དེ་འབྲེལ་གྱི་མཆན་དང་པར་རིགས་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱར་ཤུགས་ཆེར་སྤེལ་ཏེ་མགོན་པོ་༸གང་ཉིད་མཆོག་ལ་མཚན་སྨད་མི་མཁན་དང་ལྷག་དོན་བརྙན་ཐུང་དེ་འབྲེལ་སྔ་ཕྱིའི་དོན་དངོས་ཀྱི་གནས་ཚུལ་ཆ་ཚང་སྤེལ་མཁན་ཚོར་མུ་མཐུད་བཀག་སྡོམབྱེད་བཞིན་པར་མ་ཟད། དུས་ཡུན་རིང་པོའི་རྗེས་སུ་དྲ་ལམ་ནས་༸གོང་ས་མཆོག་གི་༸སྐུ་པར་ཐད་ཀར་མཇལ་ཐུབ་པར་དགའ་ཚོར་གནང་མཁན་གྱི་བོད་མི་ཚོར་ཉེས་ཆད་བཀལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།