Tibetan Royal Year of 2150 | Year of the Water Rabbit

༸གོང་ས་མཆོག་གི་བོད་ལོ་གསར་པའི་ནང་གི་མཛད་འཆར་ཁག་ཅིག་གསལ་བསྒྲགས་གནང་བ།

Tibetan News Headlines

  • གཞས་པ་བསྟན་འཛིན་རབ་རྒྱས་ལགས་ཀྱི་ངོ་སྤྲོད།
  • མདུན་ལམ་སློབ་སྟོན་པ་གཉིས་ལ་བཅར་འདྲི་ཞུས་པའི་ཆེད་སྒྲིག་གི་ལས་རིམ།

Saturday 23/09/2023

  • Artist in Focus: Interview with Tenzin Rabgyal, ‘Tenzin La’ singer and songwriter.
  • Tibetan school counselors on skills for adolescents

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གི་བོད་ཟླ་དང་པོའི་ནང་གི་མཛད་འཆར་ཁག་ཅིག་གསལ་བསྒྲགས་གནང་འདུག༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་ཚིགས་ཐོག་༸རྒྱལ་བ་རིན་པོ་ཆེའི་མཛད་འཆར་ཁག་ཅིག་ཡོངས་བསྒྲགས་གནང་བར་གཞིགས་ན། བོད་རྒྱལ་ལོ་ ༢༡༥༠ བོད་ཟླ་ ༡ པོའི་ཚེས་ ༡༥ འམ་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༧ སྟེ་ཆོ་འཕྲུལ་དུས་ཆེན་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་གྱི་སྔ་དྲོ་ཕྱག་ཚོད་ ༨།༠༠ ཡས་མས་ཐོག་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད་འདུག

དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༣ པའི་ཚེས་ ༨ དང་ ༩ བཅས་ཉིན་གྲངས་གཉིས་རིང་༸གོང་ས་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་པོའི་ Ulaanbaatar ཨུ་ལན་པཱ་ཐར་གྱི་དགའ་ལྡན་ཐེག་ཆེན་གླིང་དགོན་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བདེ་མཆོག་ནག་པོ་བའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་འདུག

དེ་ཡང་ཕྱི་ཚེས་ ༨ ཉིན་བདེ་མཆོག་ནག་པོ་བའི་བཀའ་དབང་གི་སྟ་གོན་དང་། ཕྱི་ཚེས་ ༩ ཉིན་བདེ་མཆོག་ནག་པོ་པའི་དབང་གི་དངོས་གཞི་བཅས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད་འདུག བཀའ་ཆོས་སྐབས་སུ་ཆོས་ཞུ་བ་རྣམས་ནས་ངེས་པར་དུ་ཁ་རས་གྱོན་ནས་ཕེབས་དགོས་པའི་ལམ་སྟོན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།