Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ Murmu མཆོག་གི་སྐྱེས་སྐར་ཉིན་འཚམས་འདྲི་སྩལ་བ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

དེ་རིང་ཕྱི་ཟླ་ ༦ པའི་ཚེས་ ༢༠ སྟེ། རྒྱ་གར་གྱི་ད་ལྟའི་སྲིད་འཛིན་ Droupadi Murmu མཆོག་དགུང་གྲངས་ ༦༦ ལ་ཕེབས་པའི་སྐྱེས་སྐར་ཉིན་མོ་དང་བསྟུན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྲིད་འཛིན་ཁོང་ལ་སྐུ་གཟུགས་བདེ་ཐང་དང་བདེ་སྐྱིད་ལྡན་པ། དེ་བཞིན་གནའ་བོའི་རྒྱལ་ཁབ་འདིའི་དབུ་ཁྲིད་ཐད་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

༸གོང་ས་མཆོག་གིས་འཚམས་འདྲི་དེའི་ནང་། སྙིང་རྗེ་དང་འཚེ་བ་མེད་པའི་གནའ་བོའི་རིག་གཞུང་གི་གཞི་བརྟན་ཡོད་པའི་ཐོག རྒྱ་གར་རྒྱལ་ཁབ་འདི་བཞིན་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཞིག་ཡིན་པ་བཀའ་སྩལ་དང་འབྲེལ། ལྷག་པར་འཛམ་གླིང་ཞི་བདེ་དང་བདེ་སྐྱིད་ཐད་ལེགས་སྐྱེས་འབུལ་བའི་ནུས་པ་ཆེན་པོ་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནས་འཛམ་གླིང་ནང་རྒྱ་གར་གྱི་སྣེ་ཁྲིད་དང་ནུས་པ་ལ་ཐུགས་མོས་མཛད་ཀྱི་ཡོད་ཅེས་བཀའ་སྩལ་འདུག

ད་དུང་རང་ཅག་བོད་མི་རྣམས་ལ་མཚོན་ན་རྒྱ་གར་ནི་བོད་ཀྱི་རིག་གཞུང་གི་འབྱུང་ཁུངས་ཡིན་ཞིང་འཕགས་པའི་ཡུལ་ལ་ངོས་འཛིན་གནང་གི་ཡོད་པས། ང་ཚོས་རྒྱ་གར་གྱི་སྤུན་ཟླ་ཕོ་མོ་ཚོ་ལ་སྤུན་ཉེའི་འདུ་ཤེས་དང་གུས་བཀུར་ཆེན་པོ་གནང་གི་ཡོད་སྐོར་བཀའ་སྩལ་ཏེ། རྒྱུ་མཚན་འདི་ལ་བརྟེན་ནས་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་སེམས་ཁམས་རིག་པའི་ཤེས་ཡོན་གོང་འཕེལ་ཐད་ཐུགས་ཀྱི་དམ་བཅའ་བརྟན་པོ་ཡོད་པ་མ་ཟད། ཤེས་ཡོན་དེ་དག་ནི་ནང་སེམས་ཀྱི་ཞི་བདེ་ཐོབ་རྒྱུ་དང་། བྱམས་བརྩེ་གོང་མཐོར་ཡོང་བ། དེ་བཞིན་རང་སེམས་མ་རུང་བར་བྱེད་མཁན་ཁོང་ཁྲོ་ལྟ་བུའི་ཉོན་མོངས་ལས་གྲོལ་བའི་གཞི་རྩ་དེ་ཡིན་པ་བཀའ་སྩལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།