Tibetan Royal Year of 2151 | Year of the Wood Dragon

༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸རྒྱལ་བ་སྨན་རིའི་སྒྲུབ་ཆེན་ཐེངས་ ༣༤ པ་འཚོག་བཞིན་པ།

Tibetan News Headlines

  • Dalai Lama gives audience to Himalayan Buddhists from Rolwa Ling
  • One household and One file: Surveillance ramped up after anti-dam protests
  • GCM Gold Cup Final and Green Book debacle
  • Taiwan’s parliament passes bill pushing pro-China changes
  • East Turkistan government in exile calls on US to pass Uyghur Policy Act
  • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

  • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
  • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
  • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
  • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

༸ཞ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོར་ཁ་སང་ཕྱི་ཚེས་ ༡༡ ཉིན་༸རྒྱལ་བ་སྨན་རི་བའི་སྨན་སྒྲུབ་ཆེན་མོ་འམ་བདུད་རྩི་འོད་ཟེར་འཁྱིལ་བའི་སྨན་སྒྲུབ་དབུ་འཛུགས་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་༸སྐྱབས་རྗེ་ལུང་རྟོགས་ཟླ་བ་དར་རྒྱལ་༸དཔལ་བཟང་པོ་མཆོག་དབུ་བཞུགས་ཐོག སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་ཁྲལ་འབབ་དང་རྩི་ཤིང་རིག་པའི་བློན་ཆེན་ Jagat Singh Negi ཇཱ་གཱཏ་སིངྒ་ནེ་གི་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་དབུས་པའི་བླ་གྲྭ་དགེ་བཤེས་དང་དགེ་བཤེས་མ། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། དེ་བཞིན་བོན་གཞིས་མི་མང་དང་སློབ་ཕྲུག་སོགས་ལྷན་ཞུགས་གནང་ཡོད་པ་རེད།

གཡུང་དྲུང་བོན་གྱི་དྲྭ་ཚིགས།

སྔ་དྲོ་ཕྱག་ཚོད་ཕྱག་ཚོད་ ༨ པ་ཡས་མས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་༸གདན་ས་སྨན་རིའི་སྒྲུབ་ཆེན་དུ་ཕེབས་རྗེས། ༸རྒྱལ་བ་སྨན་རིའི་བླ་བྲང་དུ་སྨན་རིའི་ཁྲི་འཛིན་མཆོག་ལ་མཇལ་བཅར་ཞུས་གྲུབ་མཚམས། རྟེན་གཙོ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྨན་སྒྲུབ་ཀྱི་དཀྱིལ་འཁོར་ལ་མཇལ་བཅར་ཞུས་འདུག

གཡུང་དྲུང་བོན་གྱི་དྲྭ་ཚིགས།

དེའི་རྗེས་སྐུ་མགྲོན་གཙོ་བོ་མཆོག་སྨན་རིའི་གཙུག་ལག་ཁང་ཆེན་མོ་དང་། འཆད་ར་གཡུང་དྲུང་དགའ་ཚལ་གླིང་། དེ་བཞིན་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་སོགས་སུ་གཟིགས་སྐོར་དང་། ༸རྒྱལ་བ་སྨན་རིའི་བླ་བྲང་དུ་སྐུ་མགྲོན་དང་གནད་ཡོད་མི་སྣར་གསོལ་ཚིགས་གྲུབ་མཚམས་ཕྱག་ཚོད་ ༡་༣༠ ཐོག་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་ཡོད་པ་རེད།

གཡུང་དྲུང་བོན་གྱི་དྲྭ་ཚིགས།

སྐབས་དེར་སྐུ་མགྲོན་གཙོ་བོ་ Jagat Singh Negi ཇཱ་གཱཏ་སིངྒ་ནེ་གི་མཆོག་གིས། དེ་རིང་འདིར་སྨན་རིའི་གླིང་དུ་སླེབས་ཐུབ་པ་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་། བོད་ཀྱི་གནའ་བོའི་གྲུབ་མཐའ་གཡུང་དྲུང་བོན་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་གྱིས་དར་སྤེལ་གནང་ཐུབ་པ་དེ་དགའ་འོས་པ་ཞིག་ཡིན་པ་མ་ཟད། ཁོང་རང་ཉིད་ཆུང་དུས་འཚར་ལོངས་དང་སློབ་སྦྱོང་བྱ་ཡུལ་ས་གནས་འདི་གར་ཡིན་པ་དྲན་གསོ་གནང་སྟེ། སྤྱིའི་ཆ་ནས་བཙན་བྱོལ་ནང་གི་བོད་མི་ཚོས་ཆོས་དང་རིག་གཞུང་བདག་གཉེར་བྱེད་སྟངས་ནི་དམིགས་དཔེར་འོས་པ་ཞིག་ཡིན་ཞིང་། སླད་མར་མུ་མཐུད་འབྲེལ་བྱ་དགོས་གལ་ཡིན་པ་སོགས་གསུངས་འདུག

གཡུང་དྲུང་བོན་གྱི་དྲྭ་ཚིགས།

དེ་བཞིན་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། སྨན་སྒྲུབ་ཆེན་མོ་དང་འབྲེལ་ནས་དེའི་ཕབས་རྟ་དང་བརྒྱུད་རིམ་སོགས་གལ་ཆེན་ཡིན་སྐོར་ཙམ་མ་ཟད། སྨན་རིའི་ཁྲི་འཛིན་སྐུ་གོང་མ་དང་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་རྣམ་པ། དེ་བཞིན་མི་རབས་རྒན་པའི་བཀའ་དྲིན་དྲན་དགོས་གལ་སོགས་ཀྱི་ཐོག་ལ་བཀའ་སློབ་གནང་འདུག

གཡུང་དྲུང་བོན་གྱི་དྲྭ་ཚིགས།

རྩ་བའི་དབུས་གཡུང་དྲུང་བོན་གྱི་འཛིན་སྐྱོང་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༨ པའི་ནང་ཐེངས་འདིའི་སྨན་རིའི་སྒྲུབ་ཆེན་འདི་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༩ ནས་ཉིན་གྲངས་བཅུ་དྲུག་རིང་འཚོག་རྒྱུའི་གསལ་བསྒྲགས་སྤེལ་ཟིན་ཀྱང་། ཏོག་དབྱིབས་གཉེན་རིམ་ཁྱབ་གདལ་རྐྱེན་པས་ཕར་འགྱངས་ཀྱིས་ཁ་སང་སྟེ། ཕྱི་ཚེས་ ༡༡ ནས་དབུ་འཛུགས་ཀྱིས་འདི་ཚེས་ ༢༧ བར་ཁྱོན་ཉིན་གྲངས་བཅུ་བདུན་རིང་འཚོགས་ཀྱི་ཡོད་པ་རེད།

འདི་ག་རླུང་འཕྲིན་ཁང་གི་དེའི་སྐོར་བོན་སྤྱི་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། བདུད་རྩི་འོད་ཟེར་འཁྱིལ་བ་ཞེས་པ་དེ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པ་ཞིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་སྨན་རིའི་སྒྲུབ་ཆེན་ནི་དུས་རབས་ ༡༤ ནས་འགོ་བཙུགས་ཏེ། ད་བར་རྒྱུན་སྲོལ་ཉམས་མེད་ཐོག་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་རེ་རེའི་སྐུ་ཐོག་གི་མཛད་འཕྲིན་གལ་འགངས་ཆེ་ཤོས་ཤིག་ཡིན་པ་མ་ཟད། གྲུབ་གཞུང་ནི་བོན་ཀྱི་མདོ་སྔགས་སེམས་གསུམ་ལས་སྔགས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད་ཅིང་། ཐེངས་འདིའི་སྨན་རིའི་སྒྲུབ་ཆེན་ཆེད་དུ་ལོ་གཅིག་གི་སྔོན་ཚུད་ནས་སྨན་གྱི་མཐུན་སྦྱོར་སོགས་གོ་སྒྲིག་ཞུས་ཡོད་པར། དེའི་ཕན་ཡོན་ནི་རིམས་ནད་དང་ཆམ་ནད་སོགས་སྔོན་འགོག་ཐུབ་པ་ལ་གནས་སྐབས་ཀྱི་ཕན་ཐོགས་དང་། མཐར་ཐུག་ས་དང་ལམ་གྱི་རྟོགས་པ་ཐོབ་པ་སོགས་མདོར་ན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐུབ་པ་གསུང་སྲོལ་ཡོད་པ་འགྲེལ་བརྗོད་གནང་སོང་།

གཡུང་དྲུང་བོན་གྱི་དྲྭ་ཚིགས།

མ་ཟད་ཁ་སང་ཉིན་རྒྱབ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་མཆོག་དང་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བླ་གྲྭ་སེར་སྐྱ་མི་མང་ལྷན་འཛོམས་ཀྱིས་སྐུ་གླུད་བསྐྱལ་གྲུབ་མཚམས་སྨན་རིའི་སྒྲུབ་ཁང་དབང་དྲག་ཕོ་བྲང་དུ་ཡི་དམ་ཞི་བ་ཨ་གསལ་གྱི་ཚོགས་མཆོད་ཕུལ་གནང་ཡོད་པ་རེད་འདུག

གཞི་རྩའི་མཛད་རིམ་ལྟར་ན། དེ་རིང་ནས་༸རྒྱལ་བ་སྨན་རིའི་ཁྲི་འཛིན་མཆོག་ནས་ཕྱི་བཤགས་རྣམ་ཀློང་གཉིས་ཀྱི་བཀའ་དབང་དབུ་འཛུགས་དང་། རིམ་པའི་ཞི་ཁྲོ་གཉིས་ཀྱི་བཀའ་དབང་། བོན་འཁོར་ཚིག་བཞིའི་བཀའ་ཁྲིད། དེ་བཞིན་བོན་གཞིས་མི་མང་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་ཡོང་ལ་ཞི་ཁྲོ་སྨན་གསུམ་གྱི་དཔེ་ལུང་དང་ལྗགས་ལུང་བཀའ་དྲིན་སྩལ་རྒྱུ་ཙམ་མ་ཟད། གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་ཐེག་པ་རིམ་པ་དགུའི་མཆོད་རྫས་ཡོ་བྱད་དང་། ཆས་གོས་ཕྱག་ཆ་སོགས་འགྲེམས་སྟོན་གནང་རྒྱུ་ཡིན་འདུག ལྷག་པར་འདི་ཚེས་ ༡༨ དང་ ༡༩ བཅས་ཉིན་གྲངས་གཉིས་རིང་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་སོགས་ཀྱི་མཛད་འཆར་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།