Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་མཐོང་མཆན་མ་གནང་པས་ CONIFA རྩེད་འགྲན་ནང་མཉམ་བཞུགས་གནང་ཐུབ་མི་འདུག

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

བོད་རྒྱལ་ཡོངས་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ནོར་ཝེ་གཞུང་གིས་མཐོང་མཆན་མ་གནང་བའི་རྐྱེན་གྱིས་ ༢༠༢༤ ལོའི་ CONIFA འཛམ་གླིང་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་བསྡུར་ནང་མཉམ་བཞུགས་གནང་ཐུབ་མེད་པ་དེ་ལྟར་ཡང་ལ་དྭགས་རྐང་རྩེད་སྤོ་ལོའི་འགྲན་སྡུར་ནང་མཉམ་ཞུགས་གནང་གཏན་འཁེལ་ནས་དེ་རིང་ཞོགས་པ་རུ་ཁག་ལ་དྭགས་སུ་འབྱོར་འདུག

Conifa Tibetan Women

འདི་ག་རླུང་འཕྲིན་ཁང་ནས་ཉེ་ལམ་ཕྱི་ཟླ་ ༥ ཚེས་ ༣༡ ཉིན་བོད་རྒྱལ་ཡོངས་བེུད་རྩེད་འགྲན་རུ་ཁག་ལ་རྐང་སྤོལ་སྦྱོང་བརྡར་གནང་མཁན་མགོན་པོ་རྡོ་རྗེ་ལགས་སུ་ཞལ་པར་བརྒྱུད་རྩེད་འགྲན་གྱི་གྲ་སྒྲིག་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས་ CONIFA རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་གནང་ཕྱིར་སྐུ་ལས་བསྐྱོན་ཏེ་གྲ་སྒྲིག་ཨང་གསར་ཡོད་ཀྱང་མཐོང་མཆན་གྱིས་རྐྱེན་པའི་རྩེད་འགྲན་ནང་མཉམ་བཞུགས་བྱ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་སྐོར་གསུངས་དོན་ལྟར། ནོར་ཝེ་གཞུང་གིས་མཐོང་མཆན་མ་གནང་བའི་རྐྱེན་གྱིས་ ༢༠༢༤ ལོའི་ CONIFA འཛམ་གླིང་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་སྡུར་ནང་མཉམ་བཞུགས་གནང་ཐུབ་མེད་པ་མ་ཟད། དུས་ད་ལྟའི་རྩེད་འགྲན་པ་ཚོའི་ཕྱིར་བསྐྱོད་ལག་ཁྱེར་རང་ཉིད་ཀྱི་ལག་ཏུ་འབྱོར་མེད་པ་རེད་འདུག

འདི་ག་གསར་འགོད་པས་བོད་རྒྱལ་ཡོངས་བེུད་རྩེད་འགྲན་རུ་ཁག་ལ་རྐང་སྤོལ་སྦྱོང་བརྡར་གནང་མཁན་མགོན་པོ་རྡོ་རྗེ་ལགས་སུ་ དེ་རིང་སླར་ཡང་ཞལ་པར་བརྒྱུད་བཀའ་འདྲི་ཞུས་སྐབས་ཁོང་རྣམ་པ་དེ་རིང་ཞོགས་པ་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་འབྱོར་ནས་རིང་མིན་ཕྱི་ཚེས་ ༨ ནས་ལ་དྭགས་ཀྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་མཉམ་བཞུགས་གནང་རྒྱུ་ཡིན་པ་གསུངས་སོང་། 

Gonpo Dorjee TNSA coach

གཞི་རྩའི་འདི་ལོའི་ཕྱི་ཟླ་ ༣ ནང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ ༢༠༢༤ ལོའི་ CONIFA འཛམ་གླིང་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་སྡུར་ནང་མཉམ་བཞུགས་གནང་ཕྱིར་རྩེད་འགྲན་པ་བསྡུ་རུབ་གནང་རྒྱུ་ཡོངས་གྲགས་གནང་ནས་ཕྱི་ཟླ་ ༤ པའི་ཟླ་མཇུག་གྱི་བར་དུ་རྩེད་འགྲན་པ་བསྡུ་རུབ་ཀྱི་ལས་དོན་གྲུབ་ནས་ཕྱི་ཟླ་ ༥ པའི་ནང་རྩེད་འགྲན་པ་ཡོངས་ལ་དགོས་ངེས་ཀྱི་སློབ་སྟོན་དང་གྲ་སྒྲིག་གནང་བ་མ་ཟད། རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་ནང་དུ་ཕྱི་ཟླ་ ༦ ཚེས ༤ ནས་༨ བར་དུ་བོད་མིའི་རུ་ཁག་ནས་མཉམ་བཞུགས་གནང་རྒྱུ་གྲ་སྒྲིག་ཆ་ཚང་ཟིན་པའི་གནས་སྟངས་ཞིག་ཆགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།