Tibetan Royal Year of 2151 | Year of the Wood Dragon

བོད་ནང་གི་བོད་མི་རྣམས་ཀྱིས་དྲ་ལམ་བརྒྱུད་མངོན་གསལ་མིན་པའི་ཐོག་ནས་སྐུའི་འཁྲུངས་བསུས་འདུག

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

ཁ་ཉིན་ཕྱི་ཟླ་ ༧ པའི་ཚེས་ ༦ སྟེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་གུང་གྲངས་ ༨༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་ཡིན་པ་ལྟར། བོད་ནང་དུ་རྒྱ་གཞུང་གི་དམ་དྲག་ཁྲོད་ཉིན་མོ་དེ་སྲུང་བརྩི་ཞུ་ས་སོགས་རྩ་བ་ནས་མེད་ཀྱང། ཁ་སང་རྒྱ་ནག་གི་ Douyin སྤྱི་ཚོགས་དྲ་ལམ་ཐོག་བོད་མི་རྣམས་ཀྱིས་གང་ཉིད་མཆོག་གི་འཚམས་འདྲིའི་གསུངས་ཡོད་པའི་བརྙན་ཞིག་འརྒྱུད་སྤེལ་ཐོག་རྒྱལ་བའི་འཁྲུངས་སྐར་མངོན་གསལ་མིན་པའི་ཐོག་ནས་སྲུང་བརྩི་ཞུས་པ་མཇལ་རྒྱུ་འདུག

Tibetan netizens

དེ་ཡང་ཁ་སང་ Douyin སྤྱི་ཚོགས་དྲ་ལམ་ཐོག་རྒྱལ་བའི་གསུང་འཁོད་པའི་བརྙན་ཐུང་འདི་ཐོན་པ་དང་འབྲེལ། དྲ་རྒྱའི་མི་སྣ་ ༥༠༠ བརྒལ་བས་མེ་ཏོག་གི་མཆོད་པ་དང་ལག་གཉིས་ཐལ་མོ་སྦྱར་བའི་ཕྱག་རྒྱ། དེ་བཞིན་བསྟོད་ཚིག་འདྲ་མིན་ལྡན་པའི་མཆན་མང་དག་ཞིག་བཀོད་པ་མངོན་རྒྱུ་འདུག

མཆན་དེ་དག་ནང་ཁག་གཅིག་གིས། རླབས་ཆེན་གྱི་བླ་མ་ཁྱེད་ཀྱི་བཀའ་བསྩལ་བ་བཞིན་ང་ཚོ་མ་འོངས་པར་ཕོ་བྲང་པོ་ཏ་ལར་ཞལ་འཛོམས་ངེས་པར་དུ་ཡོང་རྒྱུ་ཡིན་ཞེས་དང་། ཁག་གཅིག་གིས་ཐག་རིང་དུ་ཡོད་པའི་བླ་མ་ཁྱེད་ལོ་རྒྱ་ཐོབ་པར་ཤོག  ངས་སེམས་ནང་གི་ཉི་མ། ཁྱེད་ཀྱི་གསུང་དུས་རྟག་ཏུ་ངས་ཨ་མཆོག་ནང་ཐོས་བཞིན་ཡོད་ཅེས་བཀོད་འདུག་པ་མ་ཟད། ཁྱེད་ཀྱི་གཟུགས་ངས་དམིགས་ངོས་སུ་ཤར་བཞིན་འདུག ཁྱེད་ཀྱི་བཀའ་སློབ་དུས་རྟག་ཏུ་ངས་སེམས་ནང་ཡོད་བཅས་དང།  དེ་བཞིན་ཁག་གཅིག་གིས་ངས་ཁྱེད་ལ་སྐད་ཆ་མང་པོ་ཞུས་ཡག་ཡོད། བཀྲིས་བདེ་ལེགས་ངའི་ཉི་མ། ཡུན་རིང་པོར་ཁྱེད་ཀྱི་གསུང་ཐོས་མ་སོང་བཅས་ཀྱི་གདུང་སེམས་ཀྱི་ཚིག་བརྗོད་མང་དག་ཞིག་བཀོད་འདུག

སྤྱིར་རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་གནོན་ཇེ་ཆེར་ཁྲོད། ༸གོང་ས་མཆོག་གིས་བརྙན་དང་གསུངས་ཆོས་སོགས་ལ་དམ་དྲག་དང་༸གང་ཉིད་ཀྱི་སྐུ་པར་ཉར་བ་ཙམ་གྱི་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད། ལོ་ལྟར་གསུམ་བཅུའི་དུས་དྲན་དང་སྐུའི་འཁྲུངས་སྐར་ཉིན་མོ་སོགས་གནད་འགག་ཆེ་བའི་དུས་ཚིགས་སྐབས་སུ་དམིགས་བསལ་གྱི་དམ་དྲག་ཆེ་བ་བྱས་ཀྱི་ཡོད་པ་ལྟར། འདི་ལོ་ཡང་བོད་ཀྱི་ས་ཕྱོགས་གང་སར་རྒྱལ་བའི་འཁྲུངས་སྐར་ཉིན་མོའི་སྔ་རྗེས་སུ་མི་མང་འདུ་འཛོམས་སོགས་ལ་དམ་དྲག་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པ་རེད་འདུག

རྩ་བའི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་སྐབས་ཨ་རིའི་ནང་ཞབས་པུས་སྨན་བཅོས་དང་འབྲེལ་སྐུ་ལྷོད་བཞུགས་གནང་བཞིན་པའི་ཁྲོད་ཁ་ཉིན་མགོན་པོ་༸གང་ཉིད་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ལ་ཕེབས་པའི་སྐལ་བཟང་གི་དུས་སྐབས་དེའི་ཁྲོད་ཨ་རི་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་གཞུང་འབྲེལ་མཛད་སྒོ་དང་མངར་བཟས་ཀེཀ་བགོས་འགྲེམ། དེ་བཞིན་བོད་ཀྱི་གཞས་སྣ་འཁྲབ་སྟོན་དང་མཚན་ཚོགས་སོགས་ཀྱི་བརྒྱུད་ནས་ཉིན་མོ་དེ་སྔར་ལས་ལྷག་པས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།

Antony Blinken

དེ་ཉིན་ཨ་རིའི་ཕྱི་སྲིད་བློན་ཆེན་ Antony Blinken མཆོག་གིས་ Twitter (X) དྲ་ལམ་བརྒྱུད་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ༸གང་ཉིད་ཀྱིས་འཚེ་མེད་ཞི་བ་དང་སྙིང་རྗེ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་མཛད་རྗེས་ནི་བོད་མི་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་ལ་སེམས་འགུལ་ཐེབས་དགོས་པའི་གཞི་གཅིག་ཡིན་པ་གསུངས་ཡོད། ཕྱོགས་མཚུངས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya ལགས་ནས་ཀྱང་༸གོང་ས་མཆོག་ལ་འཚམས་འདྲི་དང་འབྲེལ། ༸གོང་ས་མཆོག་དབུས་པའི་བོད་མི་རྣམས་ནས་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་སྲུང་སྐྱོབ་ཆེད་དུ་འཐབ་རྩོད་གནང་བཞིན་པ་དེར་ཨ་རིའི་ངོས་ནས་རྒྱབ་སྐྱོར་ཡོད་པ་གསུངས་ཡོད།

མ་ཟད་རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་གིས་ Twitter (X) དྲ་ལམ་ཐོག་༸གོང་ས་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲི་དང་༸གང་ཉིད་ཀྱི་ཞབས་པུས་སྨན་གཅོས་གང་མྱུར་དྲགས་སྐྱེད་དང་སྐུ་གཟུགས་གསལ་ཐང་ངང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུས་ཡོད་པ་རེད།

Modi

དེའི་བར་ན་ཁ་སང་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Sujeet Kumar ལགས་ཀྱིས་ The Sunday Guardian གསར་ཤོག་དཔྱད་གཏམ་ཞིག་སྤེལ་བའི་ནང་དུ། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རླབས་ཆེན་མཛད་རྗེས་དག་ལ་ཆེ་བསྟོད་དང་འབྲེལ། ༸གོང་ས་མཆོག་ནི་བོད་མི་གཙོས་ཧི་མ་ལ་ཡའི་ས་ཁུལ་ཙམ་མ་ཡིན་པར་འཛམ་གླིང་གི་ས་ཕྱོགས་གང་སར་ཤུགས་རྐྱེན་ཆེན་པའི་ཡོད་པའི་ནང་བསྟན་གྱི་མཚོན་བྱེད་གསོན་པོ་ཞིག་ཡིན་པ་དང། མགོན་པོ་༸གང་ཉིད་ནི་འགྲོ་བ་མིའི་རིན་ཐང་དང་། ཆོས་ལུགས་མཐུན་སྒྲིལ་གོང་འཕེལ། བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ། དེ་བཞིན་དཔལ་ནཱ་ལེན་ཌའི་གནའ་བོའི་སྲོལ་རྒྱུན་བསྐྱར་གསོ་བཅས་ཀྱི་ཐོག་ལ་འབད་བརྩོན་གནང་ཞིང་། གྲོས་མོལ་གྱི་ལམ་ནས་རྩོད་རྙོག་སེལ་བའི་ཐབས་ལམ་དར་སྤེལ་གཏོང་བའི་༸གང་ཉིད་ཀྱི་མཛད་འཕྲིན་འདི་ནི། འཛམ་གླིང་ཞི་བདེ་དང་འཆམ་མཐུན་གྱི་མངོན་འདོད་དང་མཐུན་གྱི་ཡོད་པ་བཅས། ༸གོང་ས་མཆོག་ནི་རྒྱ་གར་གྱི་འཇམ་པོའི་སྟོབས་ཤུགས་ཁྱད་པར་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག

Sujeet Kumar

སྐུ་ཞབས་ Kumar ལགས་ཀྱིས་ད་དུང་༸གོང་ས་མཆོག་གང་ཉིད་རྒྱ་གར་ས་ཐོག་ཏུ་སྐུ་བཞུགས་ཐོག་རྒྱལ་སྤྱིའི་ཁྱོན་དུ་ཡུལ་འདིའི་རྩ་ཆེའི་རིན་ཐང་གོང་འཕེལ་མཛད་བཞིན་པ་ནི་དབུ་རྒྱན་སྟེང་གི་ཕ་ལམ་བཞིན་རྒྱ་གར་ལ་མཚོན་ན་ཧ་ཅང་གནད་འགག་ཡིན་པ་འགྲེལ་བརྗོད་དང་འབྲེལ། རྒྱ་གར་གཞུང་ངོས་ནས་ད་རེས་རྒྱལ་བའི་འཁྲུངས་སྐར་གྱི་དུས་ཚིགས་དང་བསྟུན་ཡུལ་དེའི་ཆེས་མཐོའི་མི་མང་གི་གཟེངས་རྟགས་ Bharat Ratna ཞེས་པ་དེ་ཕུལ་དགོས་པའི་འབོད་སྐུལ་བསྐྱར་ནན་དང་སྦྲགས། ༸གོང་ས་མཆོག་ལ་གུས་བཀུར་ཞུས་པ་ནི་རྒྱ་གར་གྱིས་རང་ཉིད་ལ་གུས་བཀུར་ཞུས་པ་དང་གཅིག་མཚུངས་ཡིན་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།