Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ་བོད་མི་འདུས་སྡོད་གང་སར་༸གོང་ས་མཆོག་གི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཨ་རིར་༸སྐུའི་ཞབས་པུས་ཀྱི་སྨན་བཅོས་གནང་ཕྱིར་ཆིབས་བསྒྱུར་བསྐྱང་གཏན་ཁེལ་བའི་གནས་ཚུལ་ཁྲོད་བོད་མིའི་གནས་སྡོད་ས་གནས་གང་སར་༸གོང་ས་མཆོག་གི་༸སྐུ་ཕྱྭའི་སླད་ཞབས་རིམ་གསོག་སྒྲུབ་ཀྱི་ལས་རིམ་ཚ་ཚ་འུར་འུར་ངང་གནང་འགོ་བཙུགས་འདུག

HHDL long life prayer
Photo: Dolchoek Tsokpa

དེའང་ཁ་ཉིན་ཕྱི་ཚེས་ ༣ ཉིན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་དང་འབྲེལ་བའི་གསལ་བསྒྲགས་ཤིག་བསྐྱངས་པའི་ནང་། མགོན་པོ་༸གང་ཉིད་མཆོག་རིང་མིན་ཨ་རིར་༸སྐུའི་ཞབས་པུས་ཀྱི་སྨན་བཅོས་གནང་ཕྱིར་ཆིབས་བསྒྱུར་བསྐྱང་གཏན་འཁེལ་སྟབས།  ཟླ་བ་འདིའི་ཚེས་ ༢༠ ནས་བཟུང་ཕྱིར་བཞུགས་སྒར་དུ་༸ཞབས་སོར་མ་འཁོད་བར་དུ་མཇལ་བཅར་སོགས་ཀྱི་མཛད་རིམ་གང་ཡང་མེད་པ་དང་མགོན་པོ་༸གང་ཉིད་མཆོག་དྷ་སར་ཕྱིར་ཆིབས་བསྒྱུར་བསྐྱང་མཚམས་སུ་མཛད་རིམ་ཁག་མུ་མཐུད་བསྐྱང་རྒྱུ་ཡིན་པ་བཀོད་ཡོད།

༸གོང་ས་མཆོག་ཨ་རིར་ཞབས་པུས་ཀྱི་སྨན་བཅོས་སླད་ཆེད་ཕེབས་གནང་གཏན་ཁེལ་བའི་གསལ་བསྒྲགས་དང་འབྲེལ་ད་ཆ་བཙན་བྱོལ་བོད་མི་འདུ་སྡོད་གང་སར་༸གོང་ས་མཆོག་གི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་ཀྱི་གྲ་སྒྲིག་ཚ་ཚ་འུར་འུར་ངང་འགྲོ་བཞིན་པའི་ཁྲོད་ཨ་རིའི་ནིའུ་ཡོག་དང་ནིའི་ཇར་སིར་མཚོན་ན། ཁུལ་དེའི་སྒྲོལ་མཆོག་ཚོགས་པས་གོ་སྒྲིག་འོག་ཁ་སང་ས་གནས་ཀྱི་ཕྱི་དྲོའི་ཕྱག་ཚོད་ ༦ ནས་ ༨ བར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་ཡོད།

HHDL long life prayer
Photo: Tibetan Women’s Association

རྩ་བའི་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་སྤེལ་བའི་གསལ་བསྒྲགས་དེའི་ནང་། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཉེ་ཆར་བཀའ་ཡིག་ཕེབས་དོན་བཞིན་༸རྒྱལ་བའི་༸སྐུ་ཕྱྭའི་སླད་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་སྤྱན་འདྲེན་ཞུས་པའི་བཀའ་ལུང་དུ་བོད་འབངས་ཡོངས་ནས་སྨན་བླའི་གཟུངས་སྔགས་འགྲོ་གང་ཆེ་གྲངས་གསོག་སྒྲུབ་དགོས་པའི་བཀའ་གནང་ཡོད་སྟབས། ཆོས་རིག་ལས་ཁུངས་ནས་བོད་མིའི་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྐུ་ཚབ་དོན་གཅོད་རྣམ་པར་སོ་སོའི་ཁྱབ་ཁོངས་ཁག་ལ་གསལ་བསྒྲགས་ནན་ཏན་གྱིས་ཞབས་རིམ་བསྒྲུབ་གལ་ཆེ་བའི་འབོད་སྐུལ་དང་འབྲེལ་ཞབས་རིམ་གྱི་སྒྲུབ་ཐོ་ཆོས་རིག་ལས་ཁུངས་སུ་ཟླ་བ་འདིའི་ཚེས་ ༣༠ ནང་ཚུད་འབུལ་གནང་ཡོང་བ་ཞུ་ཞེས་ཡོངས་ཁྱབ་གནང་འདུག

HHDL long life prayer

གནད་དོན་དེ་དང་འབྲེལ་ཕྱི་ཟླ་ ༥ ཚེས་ ༢༤ ཉིན་བོད་ཀྱི་བེུད་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གཞུང་བསྟན་དགྲ་ལྷ་གནས་ཆུང་ཆོས་རྒྱལ་ཆེན་པོར་༸གོང་ས་མཆོག་དབུས་པའི་བོད་བསྟན་སྲིད་དང་མི་རིགས་ཀྱི་བདེ་ཐབས་སླད་རིམ་གྲོ་གང་ཞིག་འབད་སྒྲུབ་ཞུས་ན་དགེ་མཚན་ཆེ་མིན་གྱི་གསོལ་བ་བཏབ་པའི་བཀའ་ལུང་དུ་བོད་འབངས་ཡོངས་ཀྱིས་འདོད་ཁམས་བདག་མོ་དང་། འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྟོད་པ་དང་འབྲེལ་གཟུངས་སྔགས་ཡི་གེ་དྲུག་མ་གྲངས་གསོག མཧཱ་གུ་རུའི་ཐུགས་དམ་གནད་བསྐུལ་དང་འབྲེལ་བའི་མཧཱ་གུ་རུའི་གཟུངས་སྔགས་གང་མང་། མཎྜལ་བཞི་ཆོག་དང་འབྲེལ་ཏཱ་རེའི་བསྟོད་པ་འགྲོ་གང་ཆེ། གསུང་བྱིན་བདེན་པའི་རྔ་སྒྲ་བཅས་གནད་སྨིན་འབད་སྒྲུབ་ཞུ་དགོས་གལ་ཆེར་གསུངས་སྟབས། སང་བོད་ཟླ་ ༤ ཚེས་ ༣༠ གནམ་གང་སྟེ་ཕྱི་ཟླ་  ༦ ཚེས་ ༦ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༦:༣༠ ནས་ཕྱི་དྲོའི་ཕྱག་ཚོད་ ༤  བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དྷ་ས་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་གཏན་ཁེལ་བ་ལགས་ན་དད་ལྡན་སེར་སྐྱ་གང་མང་ཚོགས་ཆེད་བཅར་ཡོང་བའི་གསལ་བསྒྲགས་སྤེལ་འདུག

དེའི་སྐོར་དྷ་ས་ས་གནས་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཀུན་གསལ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་འདི་ལྟར་འགྲེལ་བརྗོད་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།