Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཨོསྟྲེ་ལི་ཡའི་རྩོམ་པ་པོ་ཞིག་ལ་གསང་ཉུལ་གྱི་ཉེས་འཛུགས་འོག་སྲོག་ཐོག་ཁྲིམས་ཐག་བཅད་འདུག

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

རྒྱ་ནག་གཞུང་གིས་ཨོསྟྲེ་ལི་ཡའི་རྩོམ་པ་པོ་འབུམ་རམ་པ་ Yang Hengjun ཡཱང་ཧེན་ཇུན་ལགས་སུ་གསང་ཉུལ་གྱི་གྱོད་དོན་འོག་ལོ་ ༢ ནར་འགྱངས་ཐོག་སྲོག་ཐོག་ཁྲིམས་ཐག་གཅད་ཡོད་ཀྱང་། ཁོང་གིས་ད་བར་ནག་ཉེས་ངོས་ལེན་རྩ་བ་ནས་གནང་མེད་པ་རེད་འདུག

རྩ་བའི་རྒྱ་གཞུང་གིས་ Yang Hengjun ཡཱང་ཧེན་ཇུན་ལགས་ཐོག་མར་ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གི་ Guangzhou གོ་ཝང་ཀྲའུ་གནམ་ཐང་ནས་གསར་ཉུལ་གྱི་དོགས་གཞིའི་འོག་འཛིན་བཟུང་བཙོན་འཇུག་བྱས་སྟེ། ཕྱི་ལོ་ ༢༠༢༡ ལོར་ཁོང་ལ་ཉིན་གྲངས་གཅིག་གི་གསང་བའི་ཁྲིམས་བཤེར་ཚོགས་ཡོད་པ་དང་། སྐབས་དེར་དཔྱད་ཁྲ་ཇི་ཡིན་ཡོངས་གྲགས་བྱས་མེད་པ་རེད། རང་ལོ་ ༥༧ སོན་པའི་དམངས་གཙོ་དོན་གཉེར་བ་ Yang ཡཱང་ལགས་རྒྱ་ནག་ཏུ་འཁྲུངས་པའི་ཨོསྟྲེ་ལི་ཡའི་མི་སེར་ཞིག་ཡིན་ཞིང་། དུས་རྒྱུན་སྤྱི་ཚོགས་དྲ་ལམ་ཐོག་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་གནད་དོན་ཁག་འཐེར་འདོན་དང་རྐྱོན་བརྗོད་གནང་གི་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། ཁྲིམས་ལུགས་དབང་འཛིན་བཅས་ཀྱི་སྐོར་ལ་རྩོམ་ཡིག་དང་དགོངས་ཚུལ་སྤེལ་མཁན་ཞིག་ཡིན་པ་རེད།

ཁ་སང་རྒྱ་ནག་ཁྲིམས་ཁང་གིས་ཁོང་ལ་ལོ་གཉིས་ནར་འགྱངས་གིས་སྲོག་ཐོག་ཁྲིམས་བཅད་བཏང་བ་མངོན་གསལ་བྱུང་ཡོད་པ་དང་འབྲེལ། ཨོསྟྲེ་ལི་ཡའི་ཕྱི་སྲིད་བློན་ཆེན་ Penny Wong པེ་ནི་ཝོང་མཆོག་གིས། ཁུལ་དེའི་རྒྱ་ནག་གཞུང་ཚབ་པ་ཆེད་དུ་འབོད་འགུགས་ཀྱིས་རྒྱ་གཞུང་གི་ཐག་བཅོད་དེས་ཨོསྟྲེ་ལི་ཡའི་གཞུང་ལ་བློ་ཕམ་ཤུགས་ཆེར་བྱུང་ཡོད་ཅིང་། མཐའ་གཅིག་ཏུ་དགག་པ་ཡོད་ཅེས་ནན་ཤུགས་ཆེར་གནང་ཡོད་པ་དང་། ཨོསྟྲེ་ལི་ཡའི་གཞུང་གི་ངོས་ནས་དཔོན་རིགས་མཐོ་གྲས་དབར་གྱི་འབྲེལ་ལམ་ནམ་བྱུང་ལ་ Yang ཡཱང་ལགས་གློད་བཀྲོལ་དགོས་སྐོར་དང་།  ཨོསྟྲེ་ལི་ཡའི་མང་ཚོགས་ངོས་ནས་ཀྱང་ཁོང་ནང་མི་ལྷན་དུ་མཉམ་འཛོམས་བྱུང་བའི་རེ་འདུན་གནང་བཞིན་ཡོད་པ་མ་ཟད། དེ་གའི་གཞུང་གི་ངོས་ནས་ཁོང་གི་བདེ་འཇགས་དང་དྲང་བདེན་ཐད་མུ་མཐུད་འབད་གཙོན་གནང་རྒྱུ་ཡིན་པ་གསུངས་འདུག

རྩ་བའི་ Yang Hengjun ཡཱང་ཧེན་ཇུན་ལགས་ལ་ལོ་ ༢ ནར་འགྱངས་ཀྱི་སྲོག་ཐོག་ཁྲིམས་ཐག་བཅད་ཡོད་ཀྱང་། བཙོན་འཇུག་ཁྲོད་ཀུན་སྤྱོད་ཡག་པོ་མངོན་ན་སྲོག་ཁྲིམས་དེ་ལོ་ ༢༥ ཚེ་བཙོན་དུ་འགྱུར་སྲོལ་ཡོད་པ་རེད་འདུག

འདས་པའི་ལོ་ཤས་ནང་ཁོང་གི་གནད་དོན་དེ་ནི་ཨོསྟྲེ་ལི་ཡ་དང་རྒྱ་ནག་ཕྱོགས་གཉིས་དབར་རྙོག་གླེང་གི་གཞིར་གྱུར་ཡོད་པ་དང་འབྲེལ། ཁོང་གི་ལས་རོགས་དང་སློབ་དཔོན་ Chongyi Feng གྲོང་ཡི་ཧྥོང་ལགས་ཀྱིས། འདས་པའི་ལོ་ལྔའི་བཙོན་འཇུག་ཁྲོད་Yang  ཡཱང་ལགས་ཀྱི་གཟུགས་གཞི་གནས་སྟངས་ཧ་ཅང་ཞན་པོར་གྱུར་སྟབས། ཨོསྟྲེ་ལི་ཡའི་གཞུང་གི་ངོས་ནས་རྒྱ་གཞུང་ལ་ཁོང་སྨན་བཅོས་ཆེད་གློད་བཀྲོལ་གཏང་དགོས་པའི་རེ་འདུན་གདོན་དགོས་ཞེས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།