Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཁབ་ཉི་ཤུས་བོད་སྐོར་གླེང་བ་དེས་རྒྱལ་སྤྱིའི་སྟེང་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་གསལ་པོར་མངོན་ཡོད།

Tibetan News Headlines

  • འབྲི་ཆུའི་བཞུར་རྒྱུན་དུ་ཁམས་སྡེ་དགེ་ཁུལ་གྱི་དོན་རྐྱེན་དང་འབྲེལ་ནས་གླེང་མོལ།

Saturday 02/03/2024

  • China’s dam projects in Tibet: Social and environmental impact

ཟླ་བ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་བ་ཡོད་པ་དང་། སྐབས་དེར་ཚོགས་མི་རྒྱལ་ཁབ་ཉི་ཤུས་བོད་ནང་གི་གནས་སྟངས་ཐད་ཐུགས་ཚབས་དང་སྦྲགས་འདྲི་རྩད་གནང་བར་རྒྱ་གཞུང་ནས་རྒྱལ་ཚོགས་ལ་ལན་འདེབས་ཁ་གསལ་བྱས་མེད་པའི་གནས་སྟངས་བྱུང་ཡོད།

རྩ་བའི་རྒྱལ་ཚོགས་སུ་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་དེའི་ཐོག་ཨ་རི་དང་ཁེ་ན་ཌས་གཙོས་པའི་རྒྱལ་ཁབ་ ༢༠ ནས་བོད་ནང་གི་གནས་སྟངས་འབུར་བཏོན་དང་སྦྲགས། རྒྱ་ནག་ངོས་ནས་བོད་མིའི་ཐོག་དྲག་གནོན་མཚམས་འཇོག་དགོས་པ་དང་། བཅའ་སྡོད་སློབ་གྲྭ་སྒོ་རྒྱག་དགོས་པ། ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣ་བོད་ལ་གཏོང་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་འདུག་པ་དང་། སྐབས་དེར་རྒྱ་ནག་གཞུང་གི་ངོས་ནས་ལན་འདེབས་ཁ་གསལ་ཞུ་ཐུབ་མེད་པའི་ཁར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་སྐོར་གསུངས་པར་ངོས་ལེན་རྩ་བ་ནས་བྱས་མེད་པ་དང་། རྒྱ་ནག་ངོས་ནས་དེ་གའི་རྩ་ཁྲིམས་གཞིར་བཟུང་ཡུལ་དེའི་མང་ཚོགས་ཀྱི་སྨྲ་བརྗོད་དང་ཆོས་དད་རང་དབང་སྲུང་སྐྱོབ་བྱེད་བཞིན་ཡོད་ཚུལ་སོགས་ཀྱི་ལན་འདེབས་བྱས་ཡོད་པ་རེད།

གནད་དོན་དེ་དང་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས་ཐེངས་འདིའི་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་ཐོག་རྒྱལ་ཁབ་ཉི་ཤུས་བོད་ནང་གི་ཆེས་ཞན་པའི་གནས་སྟངས་ཐད་གླེང་སློང་གིས་ཁྱོན་དགོངས་ཆར་ཁག་ ༢༠ ལྷག་བཏོན་ཡོད་པ་ལུང་འདྲེན་དང་འབྲེལ། དེ་ནི་ཕྱི་ལོ་ ༢༠༡༨ ལོའི་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ཀྱི་རྒྱལ་ཁབ་ ༩ ལས་ལྡབ་གཉིས་ཀྱིས་མང་བ་ཆགས་ཡོད་པ་ཙམ་མ་ཟད། དེས་རྒྱལ་སྤྱིའི་སྟེང་བོད་ཀྱི་གནད་དོན་དེ་བཞིན་དོ་སྣང་གནང་གཞི་གཙོ་བོ་ཞིག་ཆགས་ཡོད་པ་མཚོན་ཐུབ་ཀྱི་ཡོད་སྐོར་གསུངས་སོང་།

Tenzin Lekshay appointed new Spokesman of Central Tibetan Administration on 1 July 2021.

མ་ཟད་ཐེངས་འདིའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་བསྐྱར་ཞིབ་དང་འབྲེལ་ཏེ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཚོགས་མི་རྒྱལ་ཁབ་ཉི་ཤུས་བོད་དོན་སྐོར་གླེང་སློང་གནང་ཡོད་པར་དགའ་བསུ་ཞུ་ཡི་ཡོད་ཅེས་དང་། རྒྱ་གཞུང་གིས་ངེས་པར་དུ་ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་བཏོན་པའི་རྒྱབ་བཉེར་ཁག་ལ་བརྩི་སྲུང་བྱེད་དགོས་གལ་དང་། ལྷག་པར་རྒྱ་གཞུང་ལ་བོད་མི་དང་ཤིན་ཅང་གིས་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་རང་དབང་སྲུང་སྐྱོབ་བྱ་རྒྱུའི་འོས་འགན་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་བོད་ནང་དྲག་པོའི་སྲིད་བྱུས་མཚམས་འཇོག་བྱེད་དགོས་པ་གསུངས་འདུག

དེ་བཞིན་ཁ་སྔོན་ཕྱི་ཚེས་ ༢༣ ཉིན་ཁབ་གཞན་གྱི་དབང་སྒྱུར་འོག་ལྷུང་བའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྲུང་སྐྱོབ་སླད་རྒྱལ་སྤྱིའི་ཚོགས་པ་ Society  for Threaten people ཞེས་པའི་གོ་སྒྲིག་འོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་བའི་ཐོག་གྲོས་བསྡུར་གནང་ཡོད་པ་དང་འབྲེལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གསལ་བཏོན་གྱིས་ཟུར་ཚོགས་ཤིག་སྐོང་ཚོགས་གནང་ཡོད་འདུག

ལྷན་ཚོགས་དེར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཚན་པའི་འགན་འཛིན་ལྕམ་སྐུ་ Sophie Richardson ལགས་དང་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་འགན་འཛིན་ Vincent Metten ལགས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་བཅས་ནས་མཉམ་ཞུགས་གནང་ཡོད་པ་དང་། གྲངས་ཉུང་མི་རིགས་རྣམས་ཀྱི་སྲུང་སྐྱོབ་སླད་རྒྱལ་སྤྱིའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Hanno Schedler ལགས་སོགས་འབྲེལ་ཡོད་ཁག་གཅིག་ལྷན་ཞུགས་གནང་འདུག

སྐབས་དེར་བོད་མི་སྐུ་ཚབ་རྣམས་ཀྱིས་ཟུར་ཚོགས་གླེང་སྟེགས་བརྒྱུད་རྒྱལ་ཚོགས་དང་རྒྱ་ནག་གཞུང་ལ་བོད་ནང་གི་བོད་མིར་འགྲོ་སྡོད་སྤྱོད་གསུམ་དང་ཆོས་དད་དང་སྨྲ་བརྗོད་རང་དབང་། དེ་བཞིན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བཅས་སྤྲོད་དགོས་པ། བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལས་གཞི་འཕྲལ་མ་ཉིད་དུ་མཚམས་འཇོག་དགོས་པ།རྒྱལ་ཚོགས་ཀྱི་འབྲེལ་ཡོད་མི་སྣས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་སྤྱི་དང་བོད་ནང་གཟིགས་ཞིབ་སླད་གཏོང་དགོས་པ་ཙམ་མ་ཟད། ཉེས་མེད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་བཅས་ཀྱི་བོད་དོན་གཏམ་བཤད་གནང་འདུག

རྩ་བའི་སུད་སི་ཇི་ན་ཝ་ཁུལ་དུ་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ཚོགས་བཞིན་པའི་སྐབས་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་དང་ཡུ་གུར་ལས་འགུལ་བ་ཁག་ཅིག་གིས། རྒྱལ་ཚོགས་ནས་རྒྱ་ནག་ལ་བོད་ནང་གི་གནད་དོན་ཐོག་འདྲི་རྩད་ནན་པོ་གནང་དགོས་པ་དང་། དྲག་པོའི་སྲིད་བྱུས་མཚམས་འཇོག་དགོས་པ། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་ཞེས་ངོ་རྒོལ་སྐད་འབོད་ཡང་གནང་ཡོད་པ་རེད།

ལྷག་དོན་དེ་རིང་རྒྱ་ནག་མི་དམངས་སྤྱི་དམངས་ཚོགས་སྡེ་ཁག་ཅིག་གིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་མཆོག་ལ་ཡི་གེ་ཞིག་བཏང་བའི་ནང་འདས་པའི་དུས་ཡུན་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གཙོས་པའི་གཞན་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་མང་པོ་ཞིག་གིས་རྒྱལ་སྤྱིའི་སྡིངས་ཆ་སྤྱད་ནས་རྒྱ་ནག་ལ་མིང་རྗེས་ངན་པ་བཟོ་ཐབས་ཀྱི་ལས་དོན་སྤེལ་གྱི་ཡོད་ལུགས་དང་། ལྷག་པར་བོད་ནང་གི་བཅའ་སྡོད་སློབ་གྲྭ་དེ་དག་གིས་བོད་ཕྲུག་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་གསར་པ་ཞིག་བསྐྲུན་ཡོད་ལུགས་དང་། བོད་ཁུལ་དུ་འབྲོག་པ་གཞིས་སྤོས་ལས་འཆར་དེས་བོད་མི་རྣམས་ཀྱི་འཚོ་བ་ཡར་རྒྱས་བཏང་ཡོད་ལུགས་ཙམ་མ་ཟད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐུབ་ངེས་ཡིན་ལུགས་སོགས་བཤད་འདུག་ལ། རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་བོད་དང་ཤིན་ཅང་ཁུལ་དུ་རྟོག་ཞིབ་ཆེད་ཡོང་ན་འགྲིག་གི་ཡོད་སྐོར་ཡང་བཤད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།