Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བཞེས་པའི་ཕྱག་རྟགས་ཡིན།

Tibetan News Headlines

 • Dalai Lama gives audience to Himalayan Buddhists from Rolwa Ling
 • One household and One file: Surveillance ramped up after anti-dam protests
 • GCM Gold Cup Final and Green Book debacle
 • Taiwan’s parliament passes bill pushing pro-China changes
 • East Turkistan government in exile calls on US to pass Uyghur Policy Act
 • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

 • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
 • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
 • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
 • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
 • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
 • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

ཕྱི་ཟླ་ ༥ ཚེས་ ༡༣ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་འཛིན་རིམ་བཅུ་གཉིས་དང་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་གསལ་བསྒྲགས་གནང་བ་ལྟར། འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ནང་། བཙན་བྱོལ་བོད་མིའི་སློབ་གྲྭ་ ༡༣ དང་སློབ་མ་གྲངས་ ༩༦༢ ནས་མཉམ་བཞུགས་གནང་བའི་ཁྲོད། གོ་པཱལ་པུར་བོད་ཕྲུག་ཁྱིམ་སྡེའི་འབྱུང་རིགས་སྡེ་ཚན་གྱི་སློབ་མ་སྐལ་ལྡན་ཚེ་རིང་ལགས་ནས་བརྒྱ་ ༩༥.༢ དང་། སློབ་མ་རིན་ཆེན་སྐར་མ་མཚོ་མོ་ལགས་ནས་བརྒྱ་ཆ་ ༩༥ བླངས་པའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕུལ་བྱུང་བྱ་དགའ་བཞེས་འདུག

འདི་ག་རླུང་འཕྲིན་ཁང་ནས་སློབ་མ་གཉིས་ལ་བཅར་འདྲི་ཞུས་སྐབས། རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པ་དེ་གཙོ་བོ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་སློབ་གྲྭ་དང་དགེ་རྒན་ལས་བྱེད། དེ་བཞིན་ཕ་མ་སྤུན་མཆེད་ཚོའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་ངོ་སྤྲོད་དང་སྦྲགས། རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠  བདག་གིར་བཞེས་ཀྱི་ཡོད་པ་དང་བསྟུན་ནས་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་ལ་ཕྱག་རྟགས་ཤིག་ཡིན་པ་གསུངས་སོང་།

རྩ་བའི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། འདི་ལོའི་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ནང་མཉམ་ཞུགས་གནང་མཁན་གྱི་སློབ་མ་ ༩༦༢ ནས་སློབ་མ་གསུམ་མ་གཏོགས་ཆ་ཚང་རྒྱུགས་འཕྲོད་ཡོད་པ་མ་ཟད། སློབ་ཁག་ ༡༣ ནས་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ནས་ ༡༠༠ ལེན་མཁན་སློབ་གྲྭ་ཁག་ ༡༡ ཡོད་པ་སོགས། འདི་ལོའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་འདི་བཞིན་འབོར་དང་སྤུས་ཚད་ཀྱི་ཆ་ནས་ཧ་ཅང་ཡག་པོ་བྱུང་ཡོད་སྐོར་ངོ་སྤྲོད་དང་སྦྲགས། ཕུལ་བྱུང་གི་བྱ་དགའ་བཞེས་མཁན་གཉིས་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་འདི་ལོའི་མང་གཙོའི་དུས་ཆེན་ཐོག་ཕུལ་བྱུང་བྱ་དགའི་ཕྱག་ཁྱེར་དང་གློག་ཀླད་ Laptop ཞིག་གནང་རྒྱུ་ཡིན་པ་གསུངས་སོང་།

འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༥ ཡན་ལོན་མཁན་སློབ་མ་གཉིས་ཀ་གོ་པཱལ་པུར་བོད་ཕྲུག་ཁྱིམ་སྡེ་ནས་ཡིན་པ་ལྟར། སློབ་གྲྭའི་ངོས་ནས་ད་ལན་སྤྱི་ཡོངས་ཀྱི་ཡིག་རྒྱུགས་གྲུབ་འབྲས་གཟེངས་སུ་ཐོན་པར་བརྟེན། དེ་རིང་སློབ་གྲྭ་གུང་སེང་ལ་བཞག་འདུག གོ་པཱལ་པུར་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་སྐལ་བཟང་ཕུན་ཚོགས་ལགས་ཀྱིས། གྲུབ་འབྲས་དེ་གོ་ཕཱལ་པུར་བོད་ཕྲུག་ཁྱིམ་སྡེའི་ངོས་ནས་༸གོང་ས་མཆོག་ལ་ཕྱག་རྟགས་ཆུང་ཆུང་ཞིག་ཡིན་སྐོར་ངོ་སྤྲོད་དང་སྦྲགས། དེ་ལྟ་བུའི་གྲུབ་འབྲས་སོན་པར་གཙོ་བོ་སློབ་གྲྭའི་དགེ་རྒན་དང་ལས་བྱེད། དེ་བཞིན་སློབ་མ་དོ་བདག་གིས་སྐུ་ལས་བསྐྱོན་པའི་འབྲས་བུ་ཞིག་ཡིན་པ་གསུང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།