Tibetan Royal Year of 2151 | Year of the Wood Dragon

ཡུ་ནན་ཞིང་ཆེན་ནང་ཁ་ཆེའི་ལྷ་ཁང་གཏོར་བཤིག་རྐྱེན་པས་ཉེན་རྟོག་པ་དང་ཁ་ཆེ་མང་ཚོགས་དབར་གདོང་ཐུག

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་ཁྲིད་འོག་རྒྱ་གཞུང་གིས་ཡུལ་དེའི་མང་ཚོགས་ཀྱི་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ཐོག འདས་པའི་ལོ་ཤས་ནས་ཆོས་ལུགས་རྒྱ་སྒྱུར་འམ་ཀྲུང་གོ་ཅན་དུ་བསྒྱུར་བའི་སྲིད་བྱུས་ལག་བསྟར་ཁྲོད། ཉེ་ལམ་ཡུ་ནན་ཁུལ་གྱི་ཁ་ཆེའི་མང་ཚོགས་དུ་མས་རང་ཉིད་ཀྱི་གནའ་བོའི་ཁ་ཆེ་ལྷ་ཁང་སྲུང་སྐྱོབ་སླད་རྒྱ་ནག་གི་ཉེན་རྟོག་པར་འགོག་རྒོལ་དྲག་པོ་བྱས་པ་དང་འབྲེལ། ད་བར་མི་གྲངས་ ༣༠ ལྷག་ཙམ་འཛིན་བཟུང་བཙན་འཁྲིད་བྱས་པའི་གནས་ཚུལ་ཐོན་འདུག

Aljazeera གཙོས་པའི་བརྒྱུད་ལམ་འདྲ་མིན་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་རྒྱ་གཞུང་གིས་ཡུན་ནན་ཞིང་ཆེན་གྱི་ Tonghai རྫོང་དུ་ཆགས་པའི་ Najiaying ཞེས་པའི་ཁ་ཆེའི་ལོ་རྒྱུས་རང་བཞིན་ལྡན་པའི་ལྷ་ཁང་གི་ལྕོག་མཁར་སོགས་གཏོར་བཤིག་གཏོང་ཐབས་བྱེད་སྐབས། ལྷ་ཁང་གི་ཉེ་འཁོར་དུ་གནས་བཞུགས་ཁ་ཆེ་མང་ཚོགས་དུ་མས་ངོ་རྒོལ་དང་སྦྲགས་ཉེན་རྟོག་པར་རྡོ་ཞུས་པ་སོགས་ཀྱི་གནས་ཚུལ་ཐོན་པ་དང་། སྐབས་དེར་རྒྱའི་ཉེན་རྟོག་པས་ཁ་ཆེ་མི་གྲངས་ཁྱོན ༣༠ ལྷག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། Tonghai རྫོང་གི་ས་གནས་དཔོན་རིགས་ནས་ངོ་རྒོལ་བ་རྣམས་ཀྱིས་མགོ་བཏགས་ཞུས་ཚེ་ཁྲིམས་ཆད་ལྗིད་པོ་མེད་པའི་བརྡ་ཁྱབ་སྤེལ་འདུག རྒྱ་གཞུང་གིས་དེ་ཉིན་ད་དུང་ས་གནས་ཀྱི་གནས་ཚུལ་ཕྱི་གྱར་མི་ཡོང་བའི་སླད་ཁུལ་དེའི་དྲ་རྒྱ་ཡོངས་སུ་བཀག་སྡོམ་བྱས་ཡོད་པ་རེད་འདུག

སྤྱིར་རྒྱ་ནག་གི་ཡུ་ནན་ཞིང་ཆེན་ལྟ་བུ་མཚོན་ན་ Hui ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་སྡོད་གནས་གཙོ་བོ་ཞིག་ཏུ་ཡིན་པ་དང་། ཁོང་རྣམས་ཀྱིས་འདས་པའི་ལོ་ཤས་ནས་ལོ་ངོ་ ༦༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ Najiaying ཁ་ཆེའི་ལྷ་ཁང་དེ་རྒྱ་སྐྱེད་ཀྱིས་དེའི་ཐོག་ཁ་ཆེའི་ཐུན་མིན་ལྕོག་མཁར་བཟོ་བཀོད་མང་པོ་ཆེད་འཛུགས་བྱས་ཀྱང་། ས་ནས་ཁྲིམས་ཁང་གིས་ཕྱི་ལོ་ ༢༠༢༠ ལོར་ལྷ་ཁང་རྒྱ་སྐྱེད་བྱས་པ་དེ་ཁྲིམས་འགལ་ཡིན་ཚུལ་བཤད་དེ། ལྷ་ཁང་གི་ཆ་ཤས་ཤིག་གཏོར་བཤིག་བཏང་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད་འདུག

རྒྱ་གཞུང་གིས་ཆོས་ལུགས་རྒྱ་བསྒྱུར་གྱི་སྲིད་བྱུས་འོག་ཁ་ཆེའི་ལྷ་ཁང་གི་ཐུན་མིན་བཟོ་དབྱིབས་ཁག་གཏོར་བཤིག་བཏང་དང་གཏོང་མུས་བཞིན།  བོད་ནང་མཚོན་ནའང་། འདས་པའི་ལོ་དུས་ནང་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ཐོག་དམ་བསྒྲགས་དང་དྲག་གནོན་ཇེ་ཤུགས་ཆེ་རུ་བཏང་སྟེ་བོད་མི་རྣམས་དགོན་སྡེ་ཁག་ཏུ་མཆོད་མཇལ་འགྲོ་རྒྱུར་བཀག་སྡོམ་དང་། ལྷ་སར་གནས་མཇལ་དུ་བསྐྱོད་རྒྱུར་དམ་བསྒྲགས། དེ་བཞིན་ནང་བསྟན་ཆོས་བརྒྱུད་ཀྱི་མཚོན་དོན་མང་པོ་གཏོར་བཤིག་བཏང་བའི་གནས་ཚུལ་སྔ་རྗེས་མང་པོ་བྱུང་ཡོད་པ་རེད། དེའི་ཁོངས་ཕྱི་ལོ་ ༢༠༢༡ ལོར་ཁམས་དཀར་མཛེས་ཁུལ་བྲག་མགོ་རྫོང་ཐོག་ཏུ་ཡོད་པའི་བྲག་མགོ་དགའ་ལྡན་རྣམ་རྒྱལ་གླིང་དགོན་པའི་སློབ་གྲྭ་སྒོ་རྒྱག་བཅུག་པར་མ་ཟད། དགོན་པའི་ཉེ་འཁྲིས་ཀྱི་སྐུ་བརྙན་ཆེན་པོ་གཉིས་དང་། མ་ཎི་དུང་འཁོར་ ༤༥ ཡས་མས་ཤིག་ཡོད་པ་ཡོད་དོ་ཅོག་གཏོར་བཤིག་དང་། ༢༠༡༦ ལོར་བོད་གསེར་རྟ་ཁུལ་གྱི་ཆོས་སྡེ་བླ་རུང་སྒར་གྱི་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་འབུད་བཏང་སྟེ། གྲྭ་ཤག་ཁག་གཏོར་བཤིག་བཏང་རྐྱེན་ཆོས་སྡེ་དེར་ད་ཆ་ནང་ཆོས་སློབ་གཉེར་བ་ལས་ཡུལ་སྐོར་སྤྲོ་འཆམ་པ་མང་བ་ཆགས་ཡོད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད།

མ་ཟད་ཉེ་ཆར་ཕྱི་ཟླ་ ༥ ཚེས་ ༡  ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢༌༢༣ བར་གྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་བབ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་ཡུལ་དེའི་མི་སེར་རྣམས་ཀྱི་ཆོས་དད་རང་དབང་མུ་མཐུད་རྡོག་རོལ་བཏང་ཡོད་པ་མངོན་གསལ་དང་སྦྲགས། བོད་བརྒྱུད་ནང་བསྟན་དང་ཡུ་གུར་ཁ་ཆེའི་ཆོས་ལུགས་པ། དེ་བཞིན་ཡེ་ཤུའི་རྣམ་དག་ཆོས་ལུགས་པ་རྣམས་ལ་ཆེས་དྲག་གནོན་བྱས་ཡོད་པ་འགྲེལ་བརྗོད་ཀྱིས་རྒྱ་ནག་དེ་སླར་དམིགས་བསལ་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འབོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།