Tibetan Royal Year of 2151 | Year of the Wood Dragon

ལོ་གྲངས་ ༤༠ ཡན་གྱི་བོད་པའི་ཨ་ཕ་ཚོའི་དབར་ཕྱི་ཚེས་ ༡༦ ཉིན་ནས་རྐང་སྤོལ་འགྲན་སྡུར་གནང་རྒྱུ།

Tibetan News Headlines

  • North America Tibetans to offer ‘Tenshug’ to the Dalai Lama
  • Tibetans in Canada celebrate Resolve Tibet Act and Canadian parliament motion for Tibet’s self determination
  • Dalai Lama extends congratulations to Ms. Roberta Metsola and Ms. Ursula von der Leyen on EU leadership continuation
  • EU-China ties looking rocky after re-election of Ursula von der Leyen

རེས་གཟའ་ཟླ་བ། ༢༠༢༤།༠༧།༢༢

  • ༸གོང་ས་མཆོག་ལ་བྱང་ཨ་རིའི་བོད་མི་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཞལ་བཞེས་ཐོབ་འདུག
  • ཨ་རིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དང་ཁེ་ན་ཌས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་བར་དགའ་སྟོན།
  • ༸གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་དང་ལྷན་ཚོགས་ཀྱི་ཚོགས་གཙོར་འཚམས་འདྲི་མཛད་འདུག
  • ལྕམ་ Ursula ལགས་ཀྱི་འཛིན་སྐྱོང་འོག་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཁག་ཏུ་འགྲོ་རྒྱུའི་ཚོད་དཔག

རིང་མིན་རྒྱ་གར་བྱང་ཕྱོགས་ཀེ་ལེ་མེན་ཊ་ཝོན་ཁུལ་དུ་རྒྱལ་སྤྱིའི་ཨ་ཕའི་ཉིན་མོ་དང་བསྟུན་ལོ་ངོ་ ༤༠ བརྒལ་བའི་བོད་པའི་ཨ་ཕ་ཚོའི་དབར་རྐང་སྤོལ་རྩེད་འགྲན་ཞིག་གོ་སྒྲིག་ཞུ་ཡི་འདུག དེ་ཡང་རྒྱ་གར་གྱི་ཨུ་ཏར་ཁྣཊ་མངའ་སྡེའི་ལྡེ་ར་ལྡུན་ཁུལ་གྱི་དོན་གྲུབ་གླིང་ཀེལ་མེན་ཊ་ཝོན་གཞིས་ཆགས་སུ་འཚོགས་རྒྱུའི་རྩེད་འགྲན་དེའི་ཐོག་ལ་རྒྱ་གར་གྱི་ས་ཁུལ་ཁག་ ༡༤ ནས་སོ་སོའི་རུ་ཁག་གིས་མཉམ་བཞུགས་གནང་གི་ཡོད་པ་དང་། རྩེད་འགྲན་དེའི་ནང་འཛུལ་བཞུགས་བྱ་རྒྱུའི་ཆ་རྐྱེན་གཙོ་བོ་དེ་རང་ལོ་ ༤༠ ཡན་གྱི་བོད་མི་ཤ་སྟག་ཡིན་དགོས་ཀྱང་། ཡིན་ཅིག་བུ་ཕྲུག་ཡོད་པ་ལ་གོ་གི་མིན་འདུག

APFA 2024

སྤྱིར་རང་ལོ་ ༤༠ བརྒལ་བའི་བོད་མི་ཚོས་རྒྱུན་དུ་རྐང་སྤོལ་སོགས་རྩེད་མོ་སྣ་མང་རྩེ་སྲོལ་ཡོད་ཀྱང་།  བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་ཕན་ཚུན་དབར་ཚུལ་མཐུན་གྱི་གོ་སྒྲིག་འོག་ནས་རྩེད་འགྲན་འདི་ལྟ་བུ་ཞིག་གོ་སྒྲིག་ཞུས་པ་ད་རེས་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།  

ཨ་ཕ་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་གོ་ལོག་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་གསུངས་སྟངས་བྱས་ན།  བོད་པའི་ཨ་མ་ཚོར་གཟུགས་གཞིའི་འཕྲོད་བསྟེན་བདེ་ཐང་ཡོང་ཐབས་སུ་སྒོར་གཞས་སོགས་འཁྲབ་རྒྱུ་ཡོད་ན།   བོད་པའི་ཨ་ཕ་ཚོར་རྐང་སྤོལ་རྩེད་འགྲན་ཐོག་ནས་སོ་སོའི་འཕྲོད་བསྟན་བདག་གཅེས་བྱེད་རྒྱུའི་གོ་སྐབས་ངེས་པར་དུ་དགོས་ཀྱི་ཡོད་སྐོར་གསུངས་ཀྱི་འདུག

ཨ་ཕ་རྐང་སྤོལ་རྩེད་འགྲན་ཚོགས་ཆུང་ལ་ཐོག་མའི་ཆར་ཨ་ཕ་ཚོའི་ངོས་ནས་རྩེད་འགྲན་དེའི་ཐོག་ཁ་ཡ་གང་འདྲ་བྱེད་ཡོང་བསམ་པའི་ཐེ་ཚོམ་ཞིག་བྱུང་ཡོད་ཀྱང་།   ཐོག་མར་རུ་ཁག་བརྒྱད་ཀྱི་ཡ་ལན་འབྱོར་བ་ནས།  རིམ་པས་བལ་ཡུལ་དང་།  རྡོ་རྗེ་གླིང་། ཀ་ལོན་སྦུག  འབྲས་ལྗོངས་ལ་སོགས་པའི་རྒྱ་གར་གྱི་ས་ཕྱོགས་གང་ས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ད་ཆ་རུ་ཁག་ ༡༤ མཉམ་བཞུགས་བྱས་ཡོད་པ་མ་ཟད།   རུ་ཁག་སོ་སོས་ཧུར་བརྩོན་ཆེན་པོའི་ཐོག་ནས་སྔ་དགོང་ཆར་ཅན་སྦྱོར་བརྡར་ཡང་བྱེད་བཞིན་པ་རེད་འདུག

APFA 2024

འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཉེ་ཆར་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་བསྐྱོད་སྐབས་ཨ་ཕ་ཁག་གཅིག་སྦྱོང་བརྡར་བྱེད་བཞིན་པ་དང་བསྟུན།    རྩེད་འགྲན་པ་ཁག་གཅིག་ལ་ཁ་བརྡ་བྱས་པའི་ཁྲོད་ཚེ་རིང་འཐར་ཕྱིན་ལགས་ཀྱིས་ཁོང་ཚོ་ཕྱི་ཚེས་ ༡༦ གང་མགྱོགས་སླེབས་པའི་དངངས་སྐྲག་དང་བཅས་ངང་སྒུག་བྱེད་བཞིན་ཡོད་པ་གསུངས་འདུག 

ལོ་གྲངས་ ༤༠ ཡན་གྱི་ཨ་ཕའི་རྐང་སྤོལ་རྩེད་འགྲན་དེའི་ཐོག གོ་སྒྲིག་ཚོགས་ཆུང་ངོས་ནས་རྒྱུན་ལྡན་གྱི་རྩེད་འགྲན་ལྟར་སྒྲིག་འཛུགས་དེ་ཙམ་གྱི་དམ་པོ་མེད་པར་གུ་ཡངས་ཆེན་པོའི་ཐོག་ནས།   གལ་སྲིད་ཨ་ཕ་ཞིག་ཐང་ཆད་པ་ཡིན་ན་ངལ་གསོ་རྒྱབ་ཆོག་པ་དང་།  བརྗེ་ཚབ་ལ་ཚད་གཞི་མེད་པར།  རྩེད་འགྲན་པས་ཡང་ནས་ཡང་དུ་རྩེད་ཆོག་གི་ཡོད་པ་བཟོས་འདུག   དེ་ལྟ་བུའི་གུ་ཡངས་ཀྱི་སྒྲིག་གཞིར་ལྟོས་མེད་བདེ་སྐྱིད་གླིང་རུ་ཁག་གི་དཀོན་མཆོག་ལགས་ད་ཆ་རང་ལོ་ ༥༠ ཟིན་ཡོད་ཀྱང་གཟུགས་གཞི་དང་དབུགས་ཐག་བཅས་ཀྱི་ཐ ད་གདེང་ཚོད་ཧ་ཆང་ཆེན་པོ་ཡོད་ཅེས་གསུངས་འདུག ལར་ནས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་རྩེད་འགྲན་སྐབས་རྡབ་སྐྱོན་ཡོང་སྲིད་པའི་བསམ་ཞིབ་ཀྱིས་ནད་པ་འདྲེན་འཁོར་ Ambulance དང་། སྨན་ཞབས།  གསོ་དཔྱད་པ་སོགས་ཀྱི་གྲ་སྒྲིག་ཆ་ཚང་གནང་འདུག

APFA 2024

ཨ་ཕ་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་གོ་ལོག་ཚེ་རིང་ཡེ་ཤེས་ལགས་ཀྱིས་ད་རེས་ཀྱི་རྩེད་འགྲན་དེའི་དམིགས་ཡུལ་གཙོ་བོ་ལོ་ན་རྒན་པ་ཚོའི་འཕྲོད་བསྟེན་ཡིན་སྐོར་གསུངས་པ་དང་།   ད་རེས་ཀྱི་རྩེད་འགྲན་དེའི་ཐོག་རུ་ཁག་ ༡༤ ནས་མཉམ་བཞུགས་གནང་ཡོད་པ་དེས་གོ་སྒྲིག་ཚོགས་ཆུང་ལ་སེམས་ཤུགས་འཕར་མ་ཞིག་སྦྱིན་ཡོད་པ་དང་།   ཐེངས་དང་པོའི་རྩེད་འདྲན་དེ་ཡག་པོ་བྱུང་བ་ཡིན་ན་མ་འོངས་པར་རྩེད་འགྲན་དེ་མུ་མཐུད་གོ་སྒྲིག་ཞུ་རྒྱུའི་མ་ཟད།  སྐབས་དེར་ཕྱི་རྒྱལ་དུ་ཡོད་པའི་བོད་པའི་ཨ་ཕ་ཚོས་ཀྱང་མཉམ་བཞུགས་ཡོང་བའི་རེ་བ་གནང་གི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།