Tibetan Royal Year of 2151 | Year of the Wood Dragon

ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་གྲུབ་འབྲས་དང་ eu4tibet གྱི་ལས་འགུལ།

Tibetan News Headlines

  • ‘Tibet I Care’ ཞེས་པའི་ཚོགས་པའི་སྐོར་གླེང་མོལ།

རེས་གཟའ་སྤེན་པ། ༢༠༢༤།༠༦།༢༩

  • In conversation with the founders of ‘Tibet I Care’ on the organization’s commitment to building a compassionate society

ཉེ་ལམ་ཕྱི་ཟླ ༦ ཚེས ༦ ནས ༩ བར་ཡོ་རོབ་རྒྱལ་ཁབ་ཁག་ཏུ་ཡོ་རོབ་མཐུན་ཚོགས་སུ་གྲོས་ཚོགས་འཐུས་མིའི་ཞབས་ཀྱག་ ༢༧༠ དང་འབྲེལ་ནས་འོས་བསྡུ་ལས་རིམ་ཞིག་གནང་ཡོད་པ་དང་། འོས་བསྡུའི་ལས་རིམ་དེ་དང་བསྟུན་ནས་སྐུ་ཚབ་དོན་གཅོད་ཁང་གསུམ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་ནས་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༩ ནས་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཆེད་མ་འོངས་ལངས་ཕྱོགས་འཛིན་རྒྱུ་དམ་བཅའ་འཇོག་རྒྱུའི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་ལྟར།

eu4tibet

ཡོ་རོབ་མཐུན་ཚོགས་ཀྱི་འོས་བསྡུའི་གྲུབ་འབྲས་ཀྱང་རིམ་པའི་འཐོན་བཞིན་ཡོད་སྟབས། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་འགྱུར་མེད་ཀྱིས་བེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་སུ་ཡོ་རོབ་མཐུན་ཚོགས་ཀྱི་འོས་བསྡུའི་གྲུབ་འབྲས་དང་འབྲེལ་ནས་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཆེད་མ་འོངས་ལངས་ཕྱོགས་འཛིན་རྒྱུ་དམ་བཅའ་འཇོག་པའི་ལས་འགུལ་དེ་གང་འདྲ་བྱུང་མིན་དང་ལས་འགུལ་དེར་མཚན་རྟགས་བསྐྱོན་མཁན་གྱི་ཁོངས་ནས་འཐུས་མི་ཇི་ཙམ་འོས་འདེམས་བྱུང་ཡོད་མིན། དེ་བཞིན་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ད་ལྟའི་འབྲེལ་ལམ་དང་བོད་མིར་གོ་སྐབས་སོགས་ཀྱི་སྐོར་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པ་ཞིག་གོང་གི་སྒྲ་སྒམ་ནས་གསན་རོགས་གནང་།

Rigzin Choedon Gekhang

འབྲེལ་ཡོད་གསར་གནས།

གསར་གནས།