Tibetan Royal Year of 2151 | Year of the Wood Dragon

G7 དབུ་ཁྲིད་ཚོར་བོད་ནང་གི་ཛ་དྲག་དཀའ་ངལ་ལ་མཉམ་རུབ་ཀྱིས་གདོང་ལེན་དགོས་པའི་འབོད་སྐུལ་ཞུ་བཞིན་འདུག

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

དེ་རིང་ཕྱི་ཚེས་ ༡༣ ནས་ ༡༥ བར་ཨི་ཊི་ལིའི་ནང་ G7 ཞེས་པའི་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཤིག་ཚོགས་ཀྱི་ཡོད་པ་དང་བསྟུན། G7 དབུ་ཁྲིད་རྣམས་ལ་བོད་དོན་ཐད་ཆིག་སྒྲིལ་བྱོས་ཞེས་པའི་ཛ་དྲག་གི་ཞུ་སྐུལ་གནང་འདུག

G7 Summit 2024
Photo: NewYork Times

དེ་ཡང་ཛ་དྲག་གི་ཞུ་སྐུལ་དེ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གཙོས་བོད་དོན་དང་འབྲེལ་བའི་ཚོགས་པ་འདྲ་མིན་ ༡༤༦  ལས་གྲུབ་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༡༧༤༠༠ ཙམ་མཉམ་སྦྲེལ་གྱིས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་མ་འཚོགས་གོང་གནང་བ་ཞིག་ཆགས་ཀྱི་ཡོད་པ་དང་། ཞུ་སྐུལ་དེའི་ནང་གཙོ་བོ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམས་ལ་རྒྱ་ནག་གཞུང་གིས་བོད་ཐོག་དྲག་གནོན་རྒྱུན་ཆད་མེད་པར་བྱས་ཏེ་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་བཅས་ལ་མཉམ་རུབ་ཀྱིས་ཁ་གཏད་གཅོག་པའི་ལས་འགུལ་ནན་པོ་ཞིག་སྤེལ་དགོས་པ་དང་ཆབས་ཅིག དེ་སྔ་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོས་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་ཡོད་པ་རྣམས་གཞི་རྩར་བཟུང་བའི་ཐོག་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གི་སྐུ་ཚབ་ཡིན་པའི་ཆ་ནས་ངེས་པར་དུ་བོད་རྒྱའི་དཀའ་རྙོག་ལ་གདོང་ལེན་གྱི་འགན་འཁུར་བླངས་ཏེ་ཕུགས་རྒྱང་རིང་པོའི་ཐབས་ལམ་ཞིག་བཙལ་ནས་བཙན་སྐུལ་གནང་དགོས་པའི་འབོད་སྐུལ་ཞུས་འདུག

G7 Summit 2024
Picture: International Tibet Network

དེ་བཞིན་རྒྱ་གཞུང་གིས་བོད་དེ་ལོ་ངོ་བདུན་བཅུ་ལྷག་རིང་བཙན་བཟུང་བྱས་ཤིང་དེའི་དབང་སྒྱུར་ནི་དུས་རབས་ཉི་ཤུ་པའི་མི་སེར་སྤེལ་བའི་རིང་ལུགས་ཀྱི་ལྷག་འཕྲོ་མཐའ་དེ་ཡིན་པ་དང་འདི་ནི་རྒྱ་གཞུང་གིས་ཆེད་གཉེར་བྱས་པའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་རྣམས་བཙན་གྱི་བཏང་སྟེ་སོ་སོའི་སྲོལ་རྒྱུན་དང་འབྲེལ་བའི་འཚོ་ཐབས་ཁག་དང་ཁ་བྲལ་བཏང་གི་ཡོད་པ་དེ་ནས་མཚོན་ཐུབ་ཀྱི་ཡོད་པ་ཐེར་འདོན་གནང་བ་དང་སྦྲགས། བོད་ནང་གི་མི་སེར་སྤེལ་ཡུལ་གྱི་ལམ་ལུགས་འདི་དང་ཁེ་ན་ཌ་དང་ཨ་རི་ལྟ་བུའི་རྒྱལ་ཁབ་ཁག་གི་མི་སེར་སྤེལ་བའི་གཏན་སློབ་ཀྱི་ལམ་ལུགས་གཏོར་བཤིག་ཅན་གཉིས་དབར་ལ་ཐད་ཀར་འདྲ་མཚུངས་ཤིག་ཡོད་པ་གསུངས་འདུག

G7 དབུ་ཁྲིད་རྣམས་ལ་བོད་དོན་ཐད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ་གནང་མཁན་ཁོངས་སུ་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། བོད་རྒྱ་གཉིས་དབར་གྱི་འདས་པའི་འབྲེལ་མོལ་རིམ་པ་དེ་དག་བརྒྱུད་རྒྱ་གཞུང་གིས་རྒྱུན་མཐུད་དེ་གནོན་ཤུགས་ལ་ལན་སློག་བྱས་ཡོད་པ་གསལ་བཏོན་བྱུང་ཡོད་པ་འགྲེལ་བརྗོད་གནང་སྟེ་ G7 ཞེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོས་ངེས་པར་དུ་རྒྱ་གཞུང་ལ་དེ་ལྟ་བུའི་གནོན་ཤུགས་སྤྲོད་རྒྱུར་རང་ཉིད་ལ་ནུས་པ་དང་འགན་ཁུར་ཡོད་པ་མཁྱེན་དགོས་པ་དང་ཆབས་ཅིག སྒྲིན་དབྱངས་གཅིག་གི་ཐོག་ནས་པེ་ཅིན་ལ་བོད་ཀྱི་གནད་དོན་འདི་བོད་མི་ཚོ་དང་ལྷན་དུ་གྲོས་མོལ་ཁོ་ནར་བརྟེན་ནས་དྲང་བདེན་ངང་ཐག་གཅོད་གནང་ཐུབ་ཅེས་གསལ་འདོན་དགོས་པ་གསུངས་འདུག

Claudio Cardelli

ཨི་ཊ་ལི་དང་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Claudio Cardelli ལགས་ཀྱིས། པེ་ཅིང་སྲིད་གཞུང་གིས་བོད་མི་རིགས་ཀྱི་རིག་གཞུང་དང་། ཁོར་ཡུག བོད་ཀྱི་སྤྱི་ཚོགས་བཅས་ལ་གཏོར་བཤིག་གཏོང་རྒྱུའི་སྲིད་ཇུས་དེ་མཚམས་འཇོག་མེད་པར་མུ་མཐུད་གནས་མུས་ཡིན་པ་དང་དེའི་ཁྲོད་བོད་ནང་རྒྱ་གཞུང་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་བརྒྱུད་ནས་བོད་ཕྲུག་ས་ཡ་གཅིག་ལྷག་གི་མདུན་ལམ་བརྩི་མེད་རྡོག་རོལ་ཤུགས་ཆེར་གཏོང་བཞིན་པ་དང་སྡེ་དགེ་ཁུལ་དུ་ཆགས་པའི་ཀམ་ཏོག་ཆུ་རགས་ཀྱིས་གྲོང་གསེབ་ཡོངས་རྫོགས་ཆུའི་འོག་ཏུ་འཐིམ་པར་བྱེད་རྒྱུ་ཡིན་པའི་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་འཇུག་གི་ཡོད་པ་བཅས་ནི་བོད་མིའི་ངོ་བོ་དང་རིག་གཞུང་། ཁོར་ཡུག་བཅས་པ་རྩ་མེད་བཟོ་རྒྱུའི་ཐད་བསམ་བློ་ཞིབ་ཚགས་བཏང་བའི་ལས་འཆར་ཡུན་རིང་པོ་ཞིག་གི་དཔེ་མཚོན་གསར་ཤོས་དེ་རེད་ཅེས་གསུངས་ཏེ་འཛམ་གླིང་མི་མང་གིས་ལས་འགུལ་སྤེལ་ནས་འདི་དག་ལ་ངོ་རྒོལ་ཤུགས་ཆེ་གནང་དགོས་རྒྱུའི་དུས་ལ་བབས་ཡོད་ཅེས་ནན་བརྗོད་གནང་འདུག

Tenzin Kunga

ཡང་དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་ཀྱིས། བོད་ནང་གི་བོད་མི་ཚོས་རང་ཉིད་ཐོག་ཉེན་ཁ་དང་བཙན་གནོན་གྱི་གནས་སྟངས་ཇི་འདྲ་ཞིག་ཡོད་མེད་ལ་མ་ལྟོས་པར། མུ་མཐུད་ནས་རྒྱ་ནག་གི་སྲིད་དབང་སྒེར་སྤྱོད་ཀྱི་ལམ་ལུགས་ལ་ཁ་གཏད་བཅག་ནས་འགོག་རྒོལ་གནང་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཁོང་རྣམ་པའི་གཞི་རྩའི་ཐོབ་ཐང་དང་རང་དབང་གི་འཐབ་རྩོད་ལ་རྒྱལ་སྤྱིའི་ངོས་ནས་ངེས་པར་དུ་རྒྱབ་སྐྱོར་གནང་སྟེ་བོད་རྒྱའི་དཀའ་རྙོག་སེལ་བར་ཐབས་ལམ་ཞིག་དགོས་ཀྱི་ཡོད་པ་དང་སྟོབས་ཆེན་རྒྱལ་ཁབ་བདུན་པོས་རང་ཉིད་ཀྱི་ནུས་པ་བེད་སྤྱོད་བཏང་ནས་བོད་དོན་གླེང་དགོས་སྐོར་གསུངས་འདུག

མ་ཟད་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲིལ་བསྒྲགས་དང་ཞིབ་འཇུག་འགན་འཛིན་ John Jones ལགས་ཀྱིས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་སྲིད་གཞུང་ཁ་ཤས་ཀྱིས་དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་ཐོག་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་ཡོད་ཀྱང་དེ་གླེང་སློང་ཙམ་མིན་པར་དཀའ་ངལ་དེ་གཏན་དུ་སེལ་བའི་ཐབས་ལམ་ཞིག་གི་ཕྱོགས་སུ་གོམ་པ་དང་པོར་གྱུར་དགོས་པ་གསུངས་འདུག

G7

གཞི་རྩའི་དེ་རིང་ནས་ཉིན་གྲངས་གསུམ་རིང་ཨི་ཊ་ལིའི་མངའ་ཁུལ་ Apulia ནང་ G7 སྟོབས་ཆེན་རྒྱལ་ཁབ་བདུན་སྟེ་ཨ་རི་དང་དབྱིན་ཡུལ། ཁེ་ན་ཌ་དང་ཕ་རན་སི། འཇར་མ་ནི་དང་ཨི་ཊ་ལི། ཉི་ཧོང་། དེ་བཞིན་ཡོ་རོབ་མཐུན་ཚོགས་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་ཚོགས་ཤིག་ཚོགས་ཀྱི་ཡོད་པ་དང་། སྔ་ལོ་ ༢༠༢༣ ལོའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ཚོགས་འདུ་མཇུག་སྒྲིལ་དང་འབྲེལ་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་ཡོད་པའི་ནང་། རྒྱ་ནག་གིས་ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་སྤེལ་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་འབྲེལ་ཏེ་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲོད་འགན་ཁུར་ཡོད་པའི་རྒྱལ་ཁབ་ཅིག་བྱ་དགོས་ཞེས་སྐུལ་མ་གནང་བར་མ་ཟད་བོད་དང་ཤིན་ཅང་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་མུ་མཐུད་ཐུགས་འཚབ་གནང་བཞིན་ཡོད་པར་བསྐྱར་ནན་གནང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༢ ལོའི་ G7 དབུ་ཁྲིད་རྣམས་ཀྱིས་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་ཀྱི་རྣམ་པ་བསྟན་པ་དང་སྦྲགས་ཏེ་བོད་ནང་རང་དབང་ཐོག་སྐོར་བསྐྱོད་ཆོག་པའི་དགོས་འདུན་མངོན་གསལ་གནང་བའང་བྱུང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།