Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་མེཀ་སི་ཀོའི་བདམས་ཐོན་སྲིད་འཛིན་མཆོག་ལ་འཚམས་འདྲི་མཛད་པ།

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ Mexico མེཀ་སི་ཀོའི་བདམས་ཐོན་སྲིད་འཛིན་ Claudia Sheinbaum མཆོག་ཡུལ་དེའི་བུད་མེད་ཀྱི་སྲིད་འཛིན་ཐོག་མ་དེ་ཆགས་ཀྱི་ཡོད་པར་འཚམས་འདྲི་མཛད་པ་དང་འབྲེལ། ལྷག་པར་འཛམ་གླིང་སྤྱི་དང་བྱེ་བྲག་མེཀ་སི་ཀོའི་ནང་བདེ་སྐྱིད་གོང་འཕེལ་ཆེད་ལས་དོན་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

དེ་ཡང་དེ་རིང་ཕྱི་ཟླ་ ༦ ཚེས་ ༡༤ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན ཆེན་པོ་མཆོག་གིས་སྩལ་བའི་འཚམས་འཕྲིན་དེའི་ནང་། བུད་མེད་ནི་གཞན་གྱི་ཚོར་བ་ལ་སེམས་འཁུར་དང་ཚོར་ཤེས་ཆེན་པོ་ཡོད་པར་ཡིད་ཆེས་མཛད་ཀྱི་ཡོད་པ་དང་། ཡོན་ཏན་དེ་དག་ནི་མགོན་པོ་༸གང་ཉིད་མཆོག་གིས་མ་ཡུམ་སྐུ་མདུན་ནས་བསླབ་ཡོད་པ་བཀའ་སྩལ་དང་འབྲེལ། བྱམས་སྙིང་རྗེའི་ཐོག་བུད་མེད་ནི་གཞན་གྱི་དཀའ་ངལ་ལ་སེམས་ཚོར་ཆེན་པོ་ཡོད་པ་ཚན་རིག་གི་ལམ་ནས་དངོས་བདེན་ར་སྤྲོད་བྱུང་ཡོད་པ་བཀའ་སྩལ་འདུག

༸གོང་ས་མཆོག་གིས་མུ་མཐུད་ནས་བཀའ་སྩལ་དོན་དུ། རྒྱུ་མཚན་དེ་དག་ལ་གཞིགས་ནས་མགོན་པོ་༸གང་ཉིད་མཆོག་དུས་ཡུན་རིང་པོ་ཞིག་ནས་བུད་མེད་ཀྱི་འགོ་ཁྲིད་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། དེ་ནི་སེམས་སྐུལ་ཐེབས་གཞི་ཞིག་ཀྱང་ཡིན་པ་མ་ཟད། འཛམ་གླིང་འདིའི་སྟེང་གལ་ཏེ་བུད་མེད་ཀྱི་འགོ་ཁྲིད་ཇི་ཙམ་མང་བ་བྱུང་ན། དེའི་ཚོད་ཀྱི་ཕན་ཚུན་བསམ་ཤེས་དང་ཞི་བདེ་ཡོང་རྒྱུ་ཡིན་པ་ཐུགས་ཆེས་བརྟན་པོ་མཛད་ཀྱི་ཅེས་བཀའ་སྩལ་ཏེ། འདས་པའི་ལོ་རྒྱུས་ཁྲོད་སྐྱེས་མ་ནི་གཞན་གྱི་བདེ་དོན་སླད་དུ་སེམས་འཁུར་དང་སྙིང་རྗེ་ལྡན་ཡོད་ཀྱང་དམག་ནང་མཉམ་ཞུགས་བྱེད་མཁན་ཕལ་མོ་ཆེ་སྐྱེས་པ་ཕོ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་འདུག

མ་ཟད་མགོན་པོ་༸གང་ཉིད་མཆོག་ Mexico ནང་ཆིབས་བསྒྱུར་མཛད་སྐབས། ཁུལ་དེའི་མི་མང་རྣམས་ནས་མགོན་པོ་༸གང་ཉིད་མཆོག་གིས་གོ་ལ་གཅིག་འགྱུར་གྱི་འདུ་ཤེས་ཐོག་ནས་འགྲོ་བ་མིའི་སྤྱོད་བཟང་གོང་མཐོར་དང་། ཆོས་ལུགས་མཐུན་འབྲེལ་ཡོང་ཐབས་ཀྱི་ཐུགས་བརྩོན་ལ་དོན་སྣང་བྱེད་པ་དེའི་ཐུགས་སྟོབས་སྦྱིན་ཡོད་སྐོར་ཐུགས་དྲན་གསོ་མཛད་དེ། ལྕམ་ Claudia Sheinbaum མཆོག་ནས་འཛམ་གླིང་སྤྱི་དང་ཁྱད་པར་མེཀ་སི་ཀོའི་ནང་བདེ་སྐྱིད་གོང་འཕེལ་ཡོང་སླད། དཀའ་ངལ་ཁག་ལ་གདོང་ལེན་དང་གོ་སྐབས་ཐད་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༨༩ ནང་ Mexico མེཀ་སི་ཀོ་ནང་ཐོག་མ་ཆིབས་བསྒྱུར་མཛད་དེ་ཡུལ་དེའི་སྲིད་འཛིན་ Carlos Salinas de Gortari མཆོག་ལ་མཇལ་འཕྲད་གནང་ཡོད་པ་དང། དེ་ནས་ཕྱི་ལོ་ ༢༠༠༤ དང་ ༢༠༡༡ ༢༠༡༣ བཅས་རིམ་པའི་ཡུལ་དེའི་ནང་ཆིབས་བསྒྱུར་མཛད་ཡོད་པ་རེད།

Mexico བདམས་ཐོན་སྲིད་འཛིན་ལྕམ་ Claudia Sheinbaum མཆོག་ནི། ཕྱི་ལོ་ ༡༩༦༢ ལོར་འཁྲུངས།  ཁོང་ནི་ཡུལ་དེའི་ National Regeneration Movement (Morena) ཆབ་སྲིད་ཚོགས་པའི་ཚོགས་མི་ཞིག་ཡིན་པ་དང་། དེ་སྔོན་ཡུལ་དེའི་ Tlalpan གྲོང་སྡེའི་སྤྱི་ཁྱབ་དང་། མེཀ་སི་ཀོའི་གྲོང་ཁྱེར་སྲིད་གཞུང་གི་གཙོ་འཛིན་ཡང་གནང་མྱོངས་ཡོད་པ་རེད། ཁོང་ལ་ཐེངས་འདིའི་འོས་བསྡུའི་ནང་མེཀ་སི་ཀོའི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་མངའ་སྡེ་ ༣༢ ནས་ ༣༡ ནང་འོས་འདེམས་བྱས་ཡོད་ཅིང་། རྒྱ་ཆ་ ༥༩་༧༦ ཐོབ་པར་བརྟེན་སྲིད་འཛིན་དུ་བདམས་ཐོན་བྱུང་ཡོད་པ་དང་། འདི་ལོ་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ལས་འཁུར་ཞུ་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།