Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ Ramaphosa མཆོག་ལ་མཚམས་འདྲི་མཛད་འདུག

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ Cyril Ramaphosa མཆོག་སླར་ཡར་སྲིད་འཛིན་དུ་བདམས་ཐོན་བྱུང་བར་མཚམས་འདྲི་མཛད་འདུག

Ramaphosa

དེ་ཡང་དེ་རིང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས་ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་མཆོག་ལ་མཚམས་འདྲིའི་ཕྱག་བྲིས་དེ་འདོན་སྤེལ་གནང་བའི་ནང་དུ། མགོན་པོ་༸གང་ཉིད་མཆོག་གིས་ལྷོ་ཨ་ཧྥེ་རི་ཁ་འདི་བཞིན་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་ལམ་ལུགས་མཇུག་སྒྲིལ་བྱས་པ་ནས་བཟུང་དམངས་གཙོ་སྲ་བརྟན་གྱི་རྒྱལ་ཁབ་ཞིག་ཏུ་འགྱུར་ཡོད་པ་དང་། ཡུལ་དེའི་ནང་རིག་གཞུང་དང་། སྐད་ཡིག་ཆོས་ལུགས་སྣ་མང་ཞིག་ཞི་བདེ་བག་ཕེབས་ངང་གནས་ཡོད་པའི་མི་རིགས་སྣ་མང་གི་སྤྱི་ཚོགས་ཞིག་ཡིན་པ་དེ་གཞན་གྱི་དམིགས་དཔེ་འོས་པར་འགྱུར་ཡོད་སྐོར་དང་འབྲེལ། སྲིད་འཛིན་ Cyril Ramaphosa ཁོང་གི་དབུ་ཁྲིད་འོག་རྒྱལ་ཁབ་འདི་མུ་མཐུད་ནས་དར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་བསྐྱོད་ཐུབ་པ་དང་། ཁེ་དབང་ཞན་པའི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏང་བར་འབད་བརྩོན་གནང་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་པ་བཀའ་སྩལ་ཏེ། སྲིད་འཛིན་ཁོང་གི་མ་འོངས་ལས་དོན་མཐའ་དག་ལམ་ལྷོང་དང་ལྷོ་ཨ་ཕི་རི་ཀའི་མང་ཚོགས་ཀྱི་མངོན་འདོད་བསྒྲུབ་ཐུབ་པའི་ཐུགས་སྨོན་མཛད་བཞིན་ཡོད་པ་བཀའ་སྩལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།