Tibetan Royal Year of 2151 | Year of the Wood Dragon

༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས།

Tibetan News Headlines

  • Report Card: Sherig Kalon Tharlam Dolma Changra

རེས་གཟའ་སྤེན་པ། ༢༠༢༤།༠༦།༡༦

  • ཤེས་རིག་བཀའ་བློན་མཆོག་དང་ལྷན་འདས་པའི་ལོ་གཉིས་དང་ཕྱེད་ཀའི་ལས་དོན་སྐོར་བཅར་འདྲི།

ཟླ་བ་འདིའི་ཚེས་ ༡༧ ཉིན་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དབུས་པའི་སྐུ་འཁོར་ལྷན་རྒྱས་རྒྱ་གཞུང་གི་བཙན་འཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༢༩ ཧྲིལ་པོ་འཁོར་བའི་དུས་ཚིགས་ཡིན་པ་དང་བསྟུན། ཨ་རི་ཕྱི་སྲིད་ལས་ཁུངས་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་འཕཌ་ཆེན་དགེ་འདུན་ཆོས་ཉི་མ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་འགྲེལ་བརྗོད་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་ཁས་ལེན་དམ་བཅའ་བཞག་པ་ལྟར་ཁོང་ལ་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་བ་ལག་བསྟར་བྱེད་དུ་འཇུག་དགོས་པ་བརྗོད་འདུག

vilnius-protest

དེ་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Matthew Miller ལགས་ཀྱིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གམ་བོད་ཀྱི་ནང་པའི་ཆོས་ལུགས་ཁྲོད་ཀྱི་མི་སྣ་གལ་ཆེན་ཞིག་དགུང་གྲངས་དྲུག་ལ་སོན་སྐབས་བཙན་འཁྲིད་བྱས་མཐར། གར་སོང་ཆ་མེད་དུ་གྱུར་ཏེ་མི་མང་གི་མ་མཇལ་བར་ལོ་ངོ་ཉེར་དགུ་འཁོར་གྱི་ཡོད་ཀྱང་དེའི་ཚབ་ཏུ་རྒྱ་ནག་གཞུང་གིས་བདམས་པའི་སྐུ་ཚབ་ཅིག་མུ་མཐུད་ནས་གོང་འཕེལ་གཏོང་བཞིན་ཡོད་པ་ལུང་འདྲེན་དང་སྦྲགས། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་འགྲེལ་བརྗོད་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་ཁས་ལེན་དམ་བཅའ་བཞག་པ་ལྟར་ཁོང་ལ་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་བ་ལག་བསྟར་བྱེད་དུ་འཇུག་དགོས་པ་བརྗོད་འདུག

vilnius-protest

དེ་བཞིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གིས་རང་ཉིད་ཀྱི་ Twitter དྲྭ་གནས་ཐོག རྒྱ་ནག་གཞུང་གིས་ལོ་ན་དྲུག་ལ་སོན་པའི་༸པཎ་ཆེན་རིན་པོ་ཆེ་བཙན་འཁྲིད་བྱས་ནས་དུས་ད་ལྟའང་ཁོང་མང་ཚོགས་ཁྲོད་མཇལ་རྒྱུ་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གཞུང་གིས་འདེམས་སྒྲུག་བྱས་པའི་སྐུ་ཚབ་ཅིག་མུ་མཐུད་གནས་བཞིན་ཡོད་སྟབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་མེད་དང་སྐུ་ཁམས་བདེ་ཐང་གི་སྐོར་ལ་གང་མགྱོགས་འགྲེལ་བཤད་བྱ་དགོས་པ་དང་། བོད་བརྒྱུད་ནང་བསྟན་ཐེ་བའི་ཆོས་ལུགས་ཚང་མ་རྒྱ་མིའི་སྲིད་དབང་དུ་བསྒྱུར་ཐབས་བྱ་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་འདུག

photo: CTA

ཉིན་མོ་དེ་དང་བསྟུན་ནས་བཙན་བྱོལ་བོད་མི་དང་། བོད་དོན་ལ་རྒྱབ་སྐྱོར་དང་བོད་མིར་དགའ་མོས་གནང་མཁན་ཚོས་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་གནང་རྒྱུ་གཙོས། རིན་པོ་ཆེ་མཆོག་གང་དུ་ཡོད་མིན་དང་སྐུ་ཁམས་བདེ་ཐང་ཡིན་མིན་སོགས་ཀྱི་གནད་དོན་རྟོགས་ཐབས་སླད་འཛམ་གླིང་ས་ཕྱོགས་གང་སར་ལས་འགུལ་གྱི་རྣམ་པ་འདྲ་མིན་སྤེལ་བཞིན་པའི་ཁྲོད། Vilnius བོད་དོན་རྒྱབ་སྐྱོར་ཚོགས་པས་ Vilnius རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་ཞིག་སྤེལ་འདུག་པ་དང་། སྐབས་དེར་ངོ་རྒོལ་བ་རྣམས་ནས་བོད་དང་ལི་ཐུ་ནི་ཡའི་རྒྱལ་ཁབ་ཀྱི་རྒྱལ་དར་བསྣམས་ཏེ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་བཀྲོལ་དགོས་། བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དགོས། བོད་ནང་རིག་གཞུང་རྩ་མེད་གཏོང་རྒྱུ་མཚམས་འཇོག་དགོས་སོགས་ཀྱི་འབོད་ཚིག་བཀོད་པའི་འཕྲེད་དར་བསྣམས་ཏེ་ངོ་རྒོལ་སྐད་འབོད་གནང་བ་དེ་ཡང་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་འགྲེམས་སྤེལ་གནང་ཡོད་པ་རེད་འདུག མ་ཟད་ Vilnius བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ Robertas Mažeika ལགས་ཀྱིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་སྐོར་རྒྱ་གཞུང་ལ་ཤུགས་གནོན་སྤྲོད་དགོས་གལ་འགྲེལ་བརྗོད་དང་སྦྲགས། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་རྒྱབ་སྐྱོར་མཚོན་ཆེད་ཁས་ལེན་དམ་བཅའི་མཚན་རྟགས་འགོད་གནང་ཡོང་བའི་རེ་སྐུལ་ཞུས་འདུག

photo: CTA

འབྲེལ་ཡོད་གསར་གནས།

གསར་གནས།