Tibetan Royal Year of 2151 | Year of the Wood Dragon

སྨན་རྩིས་བགྲོ་གླེང་དང་ནད་ཐོག་ལག་ལེན་ཟབ་སྦྱོང་།

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

དེ་རིང་ཕྱི་ཟླ་ ༦ ཚེས་ ༡༢ ནས་ཉིན་གྲངས་གསུམ་གྱི་རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་གོ་སྒྲིག་འོག་སྨན་རྩིས་བགྲོ་གླེང་དང་ནད་ཐོག་ལག་ལེན་ཟབ་སྦྱོང་དབུ་འཛུགས་གནང་སོང་།

དེ་རིང་ནས་དབུ་འཛུགས་ཀྱིས་འདི་ཚེས་ ༡༤ བར་ཉིན་གྲངས་གསུམ་རིང་གི་བགྲོ་གླེང་དང་ཟབ་སྦྱོང་དེའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་བདེ་ལེགས་སྨན་ཁང་གི་སྨན་པ་གཙོ་བོ་དང་། ༸སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་མཆོག་གིས་དབུས་པའི་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས། སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་འགན་འཛིན་སྨན་པ་ནོར་བུ་ཚེ་རིང་ལགས། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་དང་སློབ་ཕྲུག ༸རྒྱལ་བའི་གོ་སྟོན་བརྟན་བཞུགས་ཐོག་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྨན་པ་དང་སློབ་ཟུར་སོགས་ཁྱོན་ཚོགས་བཅར་བ་ ༡༠༠ ལྷག་ལྷན་ཞུགས་གནང་འདུག

དེ་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གསུང་བཤད་ཁྲོད། བོད་ཀྱི་གསོ་བ་རིག་པ་འདི་བཞིན་རྒྱ་གར་དབུས་གཞུང་གི་ཨ་ཡུ་ཤི་ལྷན་ཁང་འོག་ཚུད་ཡོད་སྟབས། གལ་ཆེ་ཤོས་ནི་ང་ཚོའི་ངོ་བོ་མ་བརླག་པར་བྱ་དགོས་གལ་ཡིན་ཞིང་། དེའི་ཆེད་དུ་སྨན་རྩིས་ཁང་གཅིག་པུ་མིན་པར་འབྲེལ་ཡོད་རྣམས་ནས་མཉམ་རུབ་ཐོག་སྲིད་བྱུས་ཤིག་གཏན་འབེབས་གནང་དགོས་གལ་ཡིན་པ་མ་ཟད། བོད་ཀྱི་གསོ་བ་རིག་པ་འདི་བཞིན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སླེབས་ཐུབ་པར་སྤྱི་སྒེར་གཉིས་ནས་འབད་བརྩོན་གནང་དགོས་གལ་ཡིན་པ་གསུངས་སོང་།

དེ་བཞིན་མི་མང་རྣམས་ལ་བོད་ཀྱི་སྨན་དང་རྩིས་ཀྱི་སྐོར་ལ་གོ་རྟོགས་དང་ཤེས་ཡོན་གོང་འཕེལ་སླད་དུ་དྲ་ཚིགས་གསར་པ་ཞིག་བཟོ་དགོས་པ་དང་། དྲ་ཐོག་སློབ་ཁྲིད་ཀྱི་སྡིངས་ཆ་ཤིག་བསྐྲུན་དགོས་པ། ལྷག་པར་གསོ་བ་རིག་པ་གཅིག་པུ་མིན་པར་དེང་དུས་ཕྱི་ལུགས་སྨན་གྱི་ཐོག་ལའང་དོ་སྣང་གནང་དགོས་གལ་ཡིན་པ་སོགས་གསུངས་སོང་།

འདི་ག་རླུང་འཕྲིན་ཁང་ནས་ཐེངས་འདིའི་སྨན་རྩིས་བགྲོ་གླེང་དང་ནད་ཐོག་ལག་ལེན་ཟབ་སྦྱོང་གོ་སྒྲིག་པ་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་འགན་འཛིན་སྨན་པ་ནོར་བུ་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ཐེངས་འདིའི་བགྲོ་གླེང་དང་ཟབ་སྦྱོང་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་བརྟན་བཞུགས་དང་སྟབས་བསྟུན་ནས་ཚོགས་པ་ཞིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་ཡན་ལག་སྨན་ཁང་ནང་འབྲས་ནད་སྐོར་སྨན་བཅོས་བྱེད་ཐབས་དང་དེའི་ཐོག་དཀའ་གནད་མང་པོ་ཞིག་ཤེས་ཐུབ་ཐབས་བཅས་ཡིན་པ་མ་ཟད། ཐེངས་འདིའི་བགྲོ་གླེང་འདི་བཞིན་དུས་ཡུན་རིང་པོ་ཞིག་གི་རྗེས་ལ་ཚོགས་པ་ཞིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་སོང་།

རྩ་བའི་ཐེངས་འདིའི་བགྲོ་གླེང་ཟབ་སྦྱོང་ནང་སྨན་གྱི་བརྗོད་གཞིའི་ཐོག་གཏམ་བཤད་པ་ ༡༥ དང་རྩིས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་པ་ ༢ བཅས་ཁྱོན་ ༡༧ ཡོད་པ་དང་། ཉིན་གསུམ་རིང་ཞོགས་པ་གཏམ་བཤད་དང་། ཉིན་རྒྱབ་བགྲོ་གླེང་དང་དྲི་བ་དྲི་ལན་གྱི་ལས་རིམ་བརྒྱུད་དཀའ་གནད་མང་པོ་ཞིག་གསལ་ཐུབ་རྒྱུའི་འབད་བརྩོན་གནང་གི་ཡོད་པ་རེད་འདུག

གཞན་ཡང་དེ་རིང་གི་དབུ་འབྱེད་མཛད་སྒོའི་ཐོག་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས་པར་སྐྲུན་ཞུས་པའི་དཔེ་དེབ་ཁག་དང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྨན་དགེ་དབོན་པོ་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་རྩོམ་སྒྲིག་གནང་བའི་བརྒྱུད་བཞིའི་འགྲེལ་པ་བཅས་དབུ་འབྱེད་གནང་ཡོད་པ་མ་ཟད། སྨན་དགེ་རྡོ་རྗེ་དགྲ་འདུལ་ལགས་སུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་མངོན་བསྟོད་ཕྱག་འཁྱེར་དང་སྐབས་ལྔ་དྲུག་སྨན་པའི་ཕྱག་རྟགས་གཡུ་ཐོག་སྐུ་བརྙན་གསོལ་སྩལ་གནང་ཡོད་པ་རེད།

གཞི་རྩའི་བགྲོ་གླེང་གི་བརྗོད་གཞི་ལྟ་བུ་ཆ་མཚོན་བོད་ཀྱི་གསོ་བ་རིག་པ་ལས་ཁྲག་འབྲས་ནད་བཅོས་པའི་མྱོང་བ་ཆུ་ཐིགས་དང་། བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར། ནུབ་ཕྱོགས་ཡུལ་གྲུའི་ནང་བོད་སྨན་ལག་ལེན་བྱེད་ཕྱོགས་མྱོང་ཚོར། གསོ་བ་རིག་པ་དང་ཀྲུང་ལུགས་ཀྱི་འབྲས་ནད་སྐོར། བོད་ཀྱི་སྨན་རྩིས་གཉིས་ཟུང་སྦྲེལ་དགོས་པའི་ཕན་འབྲས་བརྗོད་པ་སོགས་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།