Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཉི་ཧོང་ནང་ས་ཡོམ་གྱི་གོད་ཆག་ཕོག་པར་ཐུགས་གསོ་སྩལ་བ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

གཟའ་འཁོར་འདིའི་རེས་གཟའ་ཟླ་བའི་ཉིན་ཉི་ཧོང་ནང་ས་ཡོམ་གྱི་གོད་ཆགས་ཚབས་ཆེ་ཕོག་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནས་ཉི་ཧོང་གི་སྲིད་བློན་ Fumio Kishida མཆོག་གི་མཚན་ཐོག་ཏུ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

དེ་རིང་ཕྱི་ཟླ་ ༡ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང་བཅས་ཀྱི་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་གནང་བའི་མཛད་སྒོའི་ཐོག་དབུ་བཞུགས་མཛད་སྐབས་༸གང་ཉིད་མཆོག་གིས་ཉི་ཧོང་གི་སྲིད་བློན་ Fumio Kishida མཆོག་གི་མཚན་ཐོག་ལ་ཉི་ཧོང་ནང་དུ་ས་ཡོམ་བྱུང་སྟེ་མང་ཚོགས་ཀྱི་ཚེ་སྲོག་ཤོར་བ་དང་མཁར་དངོས་དང་བཀོད་པ་འཛུགས་སྐྲུན་ལ་གཏོར་སྐྱོན་ཕོག་པར་ཐུགས་ཕམ་ཆེན་པོ་བྱུང་ཞེས་བཀའ་བསྩལ་བ་དང་སྦྲགས།  གོད་ཆག་དེའི་འོག་རྐྱེན་འདས་སུ་གྱུར་པ་རྣམས་ཀྱི་ནང་མི་སོགས་ལ་ཐུགས་གསོ་སྩལ་འདུག

དེ་བཞིན་ཉི་ཧོང་གཞུང་གིས་རང་ནུས་གང་ཡོད་ཀྱིས་དབུལ་ཕོངས་ཉམ་ཐག་ཚོར་རོགས་སྐྱོར་གནང་བཞིན་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་དང་མགོན་པོ་༸གང་ཉིད་མཆོག་ད་ལྟའི་ཆར་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་བཀའ་འབྲེལ་དང་སྦྲགས། ཁུལ་དེར་དགེ་འདུན་པའི་སྡེ་དང་ལྷན་དུ་གནས་ཆེན་འདིར་གནས་སྐོར་གནང་མཁན་ཚོས་ས་ཡོམ་གྱི་གནོད་འཚེ་ཕོག་པའི་སྐྱེ་བོ་རྣམས་ཀྱི་ཆེད་དུ་ཤེས་རབ་སྙིང་པོ་གསུང་འདོན་གྱི་ཐོག་ནས་ཐུགས་སྨོན་མཛད་ཡོད་པ་བཀའ་བསྩལ་འདུག

གཞན་ཡང་དེ་རིང་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་༸གོང་ས་མཆོག་་གིས་ཉི་ཧོང་གི་ཁུལ་དུ་ས་ཡོམ་གྱི་གོད་ཆགས་ཚབས་ཆེ་བྱུང་ནས་མི་མང་པོ་རྐྱེན་འདས་སུ་གྱུར་པ་དང་མང་ཚོགས་ཀྱི་སེམས་ནང་དངངས་འཚབ་ཆེན་པོ་བྱུང་ཡོད་པ་བཀའ་བསྩལ་བ་དང་འབྲེལ། ཉི་ཧོང་དེ་ནང་པའི་རྒྱལ་ཁབ་ཞིག་ཡིན་ཞིང་ཚང་མས་ཤེས་རབ་སྙིང་པོ་འདོན་གྱི་ཡོད་སྟབས། རྐྱེན་ངན་འཕྲད་ཡུལ་ཉི་ཧོང་གི་ཆོས་གྲོགས་ཚོར་དམིགས་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་རྒྱུ་དང་འདས་གསོན་ཀུན་ལ་ཐུགས་སྨོན་མཚམས་སྦྱོར་མཛད་སོང་། 

གཞི་རྩའི་རེས་གཟའ་ཟླ་བའི་ཉིན་ཉི་ཧོང་གི་ཕྱི་དྲོའི་ཆུ་ཚོད་ ༤ པ་ཡོལ་ཙམ་ལ་ཡུལ་དེའི་ནུབ་ཁུལ་གྱི་མཚོ་ཁ་རུ་ཡོད་པའི་ Honshu གླིང་ཕྲན་གྱི་ས་གནས་ Ishikawa  འི་ཁུལ་དུ་ས་ཡོམ་འགུལ་ཚད་རིམ་པ་ ༧.༦ ཅན་ཞིག་བྱུང་ནས་ད་བར་མི་གྲངས་ ༤༨ རྐྱེན་འདས་སུ་གྱུར་པ་དང་ཁང་པ་དང་གཞུང་ལམ་སོགས་གཏོར་བཤིག་ཚབས་ཆེན་བྱུང་བ་སོགས་མི་རྒྱུ་གཉིས་ཀར་གནོད་འཚེ་ཚབས་ཆེ་ཕོག་ཡོད་པ་དང་། ཉི་ཧོང་གི་གནམ་གཤིས་རིག་པས་བརྗོད་དོན་ལྟར་ན་ས་ཡོམ་གྱི་རྐྱེན་པས་ཡུལ་དེའི་ནུབ་ཁུལ་གྱི་མཚོ་ཁར་ཡོད་པའི་ Honshu གླིང་ཕྲན་གྱི་རྒྱལ་ས་ Toyama གཙོས་ Niigata གྲོང་ཁྱེར། དེ་བཞིན་ Hokkaido གླིང་ཕྲན་བཅས་ལ་ Tsunami འམ་མཚོ་རླབས་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཨུ་རུ་སུ་དང་བྱང་ཀོ་རི་ཡའི་རྒྱལ་ཁབ་ཀྱི་ས་ཁུལ་ཁག་ཅིག་ཏུའང་མཚོ་རླབས་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།