Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཆེས་ཐོག་མའི་བོད་རིག་པའི་འབུམ་རམས་པའི་སློབ་མ་བདུན་ལ་མཇལ་ཁ་སྩལ་བ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཉེ་ལམ་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ཆེས་མཐོའི་གཙུག་ལག་ཁང་གི་ངོས་འཛིན་ཡོད་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཆེས་ཐོག་མའི་བོད་རིག་པའི་འབུམ་རམས་པའི་ཉམས་ཞིབ་པའི་སློབ་མ་བདུན་གྱིས་རང་ཉིད་ཀྱི་ཞིབ་འཇུག་རྩོམ་ཤོག་དང་ངག་རྒྱུགས་ལེགས་གྲུབ་གནང་ཐོག་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་ཟིན་པ་དང་བསྟུན། དེ་རིང་ཟླ་ ༡༢ ཚེས་ ༤ ཉིན་གྱི་སྔ་དྲོ་འབུམ་རམས་པའི་སློབ་མ་བདུན་པོ་དེ་དག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་སོང་།

གསར་འགོད་པས་དེ་རིང་སྔ་དྲོའི་མཇལ་ཁ་གྲུབ་མཚམས་སུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་བསྟན་འཛིན་པ་སངས་ལགས་སུ་མཇལ་ཁ་དང་འབྲེལ་བའི་བཅར་འདྲི་ཞུས་པར་ཁོང་གིས་བོད་ཕྲུག་ཁྱིམ་སྡེའི་ཐད་ཀར་བཏང་འཛིན་འོག་ནས་བོད་རིག་པའི་ཐོག་འབུམ་རམས་པའི་སློབ་མཐར་སོན་པ་ཆེས་ཐོག་མ་དེ་ཆགས་ཡོད་པ་ལྟར་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུ་རྒྱུ་བྱུང་བའི་སྐལ་བཟང་གི་ཉིན་མོ་ཞིག་དང་ལྷག་པར་མགོན་པོ་༸གང་ཉིད་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་འབུམ་རམས་པའི་སློབ་མ་བདུན་གྱི་ཞིབ་འཇུག་རྩོམ་ཤོག་ལ་རྒྱས་གཟིགས་མཛད་སོང་ཞེས་ངོ་སྤྲོད་གནང་བ་དང་ཆབས་ཅིག ཁོང་གིས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ད་བར་གྱི་ལས་བསྡོམས་སྙིང་བསྡུས་སུ་སྙན་སེང་ཞུས་པ་སོགས་གསུངས་སོང་།

དེ་བཞིན་གསར་འགོད་པས་འབུམ་རམས་པ་ཁག་གཅིག་ལ་རང་ཉིད་ཀྱི་ཐུགས་ཚོར་དང་འབྲེལ་ནས་བཅར་འདྲི་ཞུས་པ་བཞིན་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཚད་ལྡན་ངོས་བཞེས་ཡོད་པའི་ཐོག་བཙན་བྱོལ་བོད་མིའི་གནས་བབ་རང་གི་ཐོག་ནས་བོད་རིག་པའི་སློབ་གཉེར་གནང་རྗེས་འབུམ་རམས་པའི་སློབ་ཐོན་གྱི་ཕྱག་འཁྱེར་བཞེས་རྒྱུའི་གོ་སྐབས་བསྐྲུན་ཐུབ་པ་འདི་ནི་ཧ་ཅང་གི་གནད་འགག་ཆགས་ཡོད་ཅེས་གསུངས་པ་དང་འབྲེལ། སླད་མར་འབུམ་རམས་པའི་རྨང་གཞིའི་ཆ་རྐྱེན་འདི་ལྟ་བུ་ལྡན་པའི་ཐོག་ནས་སེར་སྐྱ་ཕོ་མོ་ཁྱད་མེད་ཚོས་ཀྱང་འབུམ་རམས་པའི་སློབ་གཉེར་གནང་དགོས་གལ་ཡིན་པ་དང་། དེའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་ནས་འབྲེལ་ཡོད་ལས་བྱེད་ཚོས་སྐུ་ལས་བསྐྱོན་པ་སོགས་ལ་བརྟེན་ནས་བྱུང་བ་ཡིན་སྟབས་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་སོང་།

འབུམ་རམས་པ་སྨན་ཤར་བློ་གྲོས་ཀྱིས་ཡུན་རིང་ནས་རེ་སྒུག་གནང་བའི་དེང་དུས་ཀྱི་ཤེས་ཡོན་ལམ་སྲོལ་དང་མཐུན་པའི་འབུམ་རམས་པའི་བསླབ་པ་མཐར་སོན་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གིས་དེང་རབས་དང་མཐུན་པའི་ཐོག་ནས་བོད་རིག་པའི་འབུམ་རམས་པའི་སློབ་གཉེར་གནང་དགོས་གལ་ཡིན་པར་ངོས་བཞེས་གནང་གི་འདུག་ཅེས་གསུངས་པ་མ་ཟད། སླད་མར་བོད་རིག་པའི་ཐོག་ཕྱག་ལས་སྔར་ལྷག་གནང་རྒྱུའི་སེམས་འགུལ་ཐེབས་ཡོད་པ་སོགས་གསུངས་སོང་།

དེ་མཚུངས་སུ་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཀྱང་རང་ཉིད་ཀྱི་སྐད་ཡིག་ཐོག་འབུམ་རམས་པའི་སློབ་གཉེར་བྱ་རྒྱུ་བྱུང་བར་དགའ་ཚོར་དང་ལྷག་པར་དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་རྩ་ཆེན་པོར་ངོས་འཛིན་གནང་གི་ཡོད་པ་སོགས་གསུངས་ཡོད།

གཞན་ཡང་། དེ་རིང་སྔ་དྲོ་རྒྱ་གར་དབུས་གཞུང་གི་སྤྱི་ཚོགས་དྲང་བདེན་དང་ཡར་རྒྱས་ཀྱི་བློན་ཆེན་སྐུ་ཞབས་ Ramdas Athawale མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རིང་མིན་ཟླ་བ་འདིའི་ཚེས་ ༡༦ ཉིན་ནང་པའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀྲིན་མཛད་གནང་ཡོང་བའི་གདན་ཞུ་གསོལ་འདེབས་ཞུས་འདུག གསར་འགོད་པས་མཇལ་ཁ་གྲུབ་མཚམས་སུ་སྐུ་ཞབས་ Ramdas Athawale མཆོག་ལ་བཀའ་འདྲི་ཞུས་པར་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་ནང་པའི་རྗེས་འབྲང་པ་ས་ཡ་དུ་མ་ཡོད་པའི་ནང་པའི་དབུ་ཁྲིད་ཅིག་དང་། མགོན་པོ་༸གང་ཉིད་མཆོག་རྒྱ་གར་གྱི་ཧི་མཱ་ཅལ་མངའ་སྡེར་ཡུན་རིང་༸སྐུ་བཞུགས་མཛད་ཀྱི་ཡོད་པ་མ་ཟད། རྒྱ་གར་གཞུང་མང་གཉིས་ནས་མགོན་པོ་མཆོག་ལ་རྒྱབ་སྐྱོར་དང་དད་གུས་ཆེས་ཆེར་ཞུས་དང་ཞུ་བཞིན་ཡོད་སྐོར་སོགས་ངོ་སྤྲོད་གནང་བ་དང་ཆབས་ཅིག ཁོང་གིས་ད་དུང་མཇལ་ཁའི་སྐབས་༸གོང་ས་མཆོག་གིས་ང་དང་ཁོ། ངའི་རྒྱལ་ཁབ། ངའི་ཆོས་ལུགས། ངའི་སྤྱི་ཚོགས་ཞེས་རིམ་པ་གཉིས་པའི་ཐོག་ནས་དགོངས་པ་བཞེས་རྒྱུ་མེད་པའི་ལམ་སྟོན་མཛད་ཡོད་སྐོར་གསུངས་སོང་ལ། དེ་བཞིན་ཁོང་གིས་རིང་མིན་ ༡༢ ཚེས་ ༡༦ སྟེ་རྒྱ་གར་གྱི་རྩ་ཁྲིམས་གསར་བཟོ་གནང་མཁན་དང་སྤྱི་ཚོགས་དྲང་བདེན་དང་ཕོ་མོ་འདྲ་མཉམ་བཅས་ཀྱི་ཐོག་ཆེས་མཛད་རྗེས་སྙན་གྲགས་ཆེ་བའི་རྒྱ་གར་གྱི་དབུ་ཁྲིད་ Dr.B.R. Ambedkar དམ་པ་མཆོག་གི་རྗེས་དྲན་གྱི་ནང་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཞིག་འཚོགས་གཏན་ཁེལ་ཡོད་སྟབས། བསླབ་པ་མཐར་སོན་གྱི་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀྲིན་མཛད་གནང་ཡོང་བའི་གདན་ཞུའི་གསོལ་འདེབས་ཇི་ལྟར་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་ཞེས་གསུངས་ཡོད། ༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།