Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་དགུང་གྲངས་བཅུ་ཕྲག་གཅིག་གཉིས་ལྷག་༸སྐུ་འཚོ་བཞུགས་མཛད་རྒྱུར་བཀའ་བཞེས་སྨིན་སྩལ།

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

ཁ་སང་ཕྱི་ཚེས་ ༦ ཉིན་དབུ་འཛུགས་ཀྱིས་གངས་སྐྱིད་ཀྱི་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཚེས་ ༧ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་ ༤༥ ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དེ་རིང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་རྣམས་ལ་བླང་དོར་གྱི་བཀའ་སློབ་བཀའ་དྲིན་སྩལ་བའི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིའི་ཐོག་ལ་སྐྱབས་བཅོལ་བ་བྱས་ནས་སྡོད་མཁན་མི་མང་པོ་ཡོད་པའི་ཁྲོད་ནས་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་སྐྱབས་བཅོལ་བ་རྣམས་སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད་ཅིང་། ང་ཚོ་བོད་མི་རྣམས་ཀྱིས་རང་གི་ཆོས་དང་རིག་གཞུང་བཅས་པ་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པ་དང་། ཆོས་རིག་དེའང་རང་ཉིད་འབའ་ཞིག་གི་དོན་ཙམ་མིན་པར་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཟེར་བའི་ཞི་བདེའི་སེམས་དང་ལྡན་པའི་ཐོག་ནས་སྨོན་ལམ་གནང་དོན་བཞིན་ལག་ལེན་དངོས་ཀྱི་ནང་ལ་ག་ཚོད་ཐུབ་ཐུབ་ཀྱིས་འབད་རྩོལ་གནང་དགོས་གལ་ཡིན་པར་བཀའ་སྩལ་བ་དང་ཆབས་ཅིག ལྷག་དོན་སྔར་གྱི་གཟིམས་ལམ་ཁག་ཏུ་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་མཚན་མ་བྱུང་དོན་ལྟར་ད་དུང་དགུང་གྲངས་བཅུ་ཕྲག་གཅིག་གཉིས་ལྷག་༸སྐུ་འཚོ་བཞུགས་མཛད་རྒྱུ་ཡིན་པར་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་འདུག

དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་བོད་མི་རྣམས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཐོག་ནས་གོ་ལ་སྤྱིར་སྨན་པའི་ཞབས་འདེགས་སྒྲུབ་བཞིན་ཡོད་སྟབས་རྒྱ་ནག་གི་ངོས་ནས་བོད་ནང་ལ་བཙན་གནོན་བྱས་པ་དེ་དག་ཆབ་སྲིད་དང་འབྲེལ་ནས་འགྲེལ་བརྗོད་བྱས་པ་མ་གཏོགས་བཟང་སྤྱོད་ཀྱི་ཐོག་ནས་འགྲེལ་བརྗོད་གང་ཡང་བྱ་ཐབས་མེད་པའི་ཁར་འཛམ་གླིང་གི་མང་ཚོགས་ཀྱི་ངོས་ནས་ཀྱང་བོད་མིར་དགའ་ཞེན་གནང་གི་སྐོར་བཀའ་སྩལ་འདུག

༸གོང་ས་༸སྐྱབས་མགོན་པོ་མཆོག་གིས་བོད་མིའི་ཆོས་རིག་གི་ངོ་ཚབ་མཛད་ཀྱི་ཡོད་པ་ལྟར་ཉིན་ཞག་ཕྲུགས་གཅིག་ནང་བོད་ཀྱི་ཆོས་རིག་ཉམས་བཞེས་མཛད་འབྲས་སུ་ཐུགས་ལྷོད་ལྷོད་ཡོང་གི་ཡོད་པ་བཞིན་རྒྱ་ནག་གི་དཔོན་རིགས་རྣམས་ལའང་མགོན་པོ་མཆོ་གི་ཐུགས་ལ་ཞི་བདེ་ཡོད་པ་ལྟར་ཕལ་ཆེར་དཀའ་བའི་གནས་ཡིན་པར་བཀའ་སྩལ་བ་དང་སྦྲགས་ཏེ། ཁྱེང་རང་ཚོ་སེམས་སྐྱིད་པོ་དང་བག་ཕེབས་ངང་སྡོད་ཨང་ཞེས་ཐུགས་བརྩེ་ཆེན་པོས་ལམ་སྟོན་མཛད་འདུག

མགོན་པོ་༸གང་ཉིད་མཆོག་གིས་ང་ཚོར་རང་སྐྱོང་མིང་དོན་མཚུངས་པ་ཞིག་རྩོད་ཀྱི་ཡོད་ཅེས་བཀའ་སྩལ་བ་དང་སྦྲགས། བོད་མི་རྣམས་རྒྱ་ནག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད་ནས་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་རིག་གཞུང་ལ་བོད་པ་རང་གིས་བདག་པོ་ཆ་ཚང་རྒྱག་ཐུབ་པ་ཞིག་དགོས་ཞེས་བཀའ་སྩལ་མཛད་ཀྱི་ཡོད་པ་སོགས་ལམ་སྟོན་མཛད་འདུག 

རྩ་བའི་ཐེངས་འདིའི་ས་འགོ་རྣམ་པའི་ཚོགས་ཆེན་ཐེངས་ ༡༥ ཐོག་ས་འགོ་རྣམ་པའི་ལས་དོན་གནང་ཕྱོགས་དང་ས་ཁང་སྒྲིག་གཞི། མི་འབོར་བསྐྱར་ཞིབ། འཛིན་སྐྱོང་གི་ལས་དོན་སོགས་གྲོས་བཞི་དོན་ཚན་ཁག་བཅུ་དང་ས་འགོ་རྣམ་པར་གོ་རྟོགས་སྤེལ་རྒྱུའི་དོན་ཚན་ལྔའི་ཐོག་བཀའ་བསྡུར་གནང་རྒྱུ་དང་། འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༤ པའི་གྲོས་ཆོད་ཁག་ལ་ཞིབ་བཤེར་སྙན་སྒྲོན་ཞུ་ཡི་ཡོད་པ་དང་། ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པ་དེ་བཞིན་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༠༦ ནས་ ༠༩ བར་ཉིན་གྲངས་གསུམ་རིང་འཚོག་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།