Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་འཛམ་གླིང་འདིའི་ཐོག་བརྩེ་བ་མ་འདང་བར་རྙོག་དྲ་ཡོང་གི་ཡོད་པ་བཀའ་སྩལ་འདུག

Tibetan News Headlines

 • Dalai Lama gives audience to Himalayan Buddhists from Rolwa Ling
 • One household and One file: Surveillance ramped up after anti-dam protests
 • GCM Gold Cup Final and Green Book debacle
 • Taiwan’s parliament passes bill pushing pro-China changes
 • East Turkistan government in exile calls on US to pass Uyghur Policy Act
 • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

 • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
 • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
 • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
 • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
 • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
 • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

དེ་རིང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འགོ་ཁྲིད་དང་བདེ་སྐྱིད་ཞིབ་འཇུག་ཁང་གིས་གོ་སྒྲིག་ཞུས་པའི་འཇིག་རྟེན་ལས་འདས་པའི་སྐོར་གྱི་ཚོགས་འདུ་ཚོགས་མགོན་དུ་དབུ་བཞུགས་མཛད་དེ་འཛམ་གླིང་འདི་སྟེང་ཕན་ཚུན་བརྩེ་བ་མ་འདང་བར་རྙོག་དྲ་ཡོང་གི་ཡོད་པ་བཀའ་སྩལ་འདུག

དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཨ་རིའི་སྙན་གྲགས་ཅན་གྱི་ Harvard Kennedy གཙུག་ལག་སློབ་ཆེན་གྱི་འགོ་ཁྲིད་དང་བདེ་སྐྱིད་ཞིབ་འཇུག་ཁང་གིས་གོ་སྒྲིག་ཞུས་པའི་ཉིན་དང་པོའི་ཚོགས་འདུའི་ཐོག་དབུ་བཞུགས་མཛད་ཡོད་པ་དང་། སྐབས་དེར་གཙུག་ལག་སློབ་ཆེན་དེའི་སློབ་དཔོན་ཆེན་མོ་ Arthur Brooks གཙོས་པའི་མཁས་པ་ཁག་གཅིག་དང་ཞིབ་འཇུག་སློབ་མ་བཅས་ཁྱོན་མི་གྲངས་ ༢༠ ཙམ་ལྷན་ཞུགས་གནང་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ང་ཚོ་ཚང་མར་ཨ་མའི་བརྩེ་བའི་བསྐྱངས་པའི་ཉམས་མྱོང་དེ་ཡོད་པ་དང་། དེ་ལྟ་བུའི་ཉམས་མྱོང་དེ་བསམ་བློའི་ནུས་པ་གོང་འཕེལ་མ་ཕྱིན་པའི་སྔ་རོལ་ནས་ཡོད་སྟབས། ཉམས་མྱོང་གཏིང་ཟབ་ཤོས་དེ་ཡིན་པ་བཀའ་སྩལ་དང་འབྲེལ། དེ་ནི་མི་ཙམ་མིན་པར་དུད་འགྲོ་སེམས་ཅན་ཚོ་ལའང་ཨ་མའི་བརྩེ་བ་དེ་གལ་ཆེན་པོ་ཞིག་ཡིན་པ་རེད་ཅེས་བཀའ་སྩལ་འདུག

དེ་བཞིན་སློབ་དཔོན་ཆེན་མོ་ Arthur Brooks ལགས་ཀྱིས་༸གོང་ས་མཆོག་ལ་རྒྱུ་མཚན་གང་གི་ཕྱིར་མི་གཅིག་གི་གཅིག་ལ་བྱམས་བརྩེ་གནང་ཀྱི་མེད་པ་དང་། དེ་འཐུས་ཤོར་ག་བ་ལ་འགྲོ་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། མགོན་པོ་༸གང་ཉིད་མཆོག་གིས་བརྩེ་བས་ང་ཚོའི་སེམས་ལ་ཞི་བདེ་ཡོང་གི་ཡོད་པའི་ཐོག་ལ་དོ་སྣང་དེ་ཙམ་མེད་པར་སྤྱི་ཚོགས་ནང་ཆགས་སྡང་གི་ཐོག་ནས་ཕན་ནུས་གཏོགས་ཙམ་ཡོད་དུས་བརྩེ་བ་ལ་སྣང་ཆུང་བྱེད་པ་ལྟ་བུ་ཆགས་ཀྱི་འདུག་ཅེས་བཀའ་སྩལ་དང་འབྲེལ། བརྩེ་བ་ཡོད་ན་སོ་སོའི་སེམས་ནང་ཞི་བདེ་ཡོང་རྒྱུ་དང་། མི་ཀུན་ལ་རང་བཞིན་གྱི་སེམས་ཐག་ཉེ་བོ་ཡོང་རྒྱུ་ཡིན་ཞིང་། འཛམ་གླིང་འདིའི་ཐོག་བརྩེ་བ་མ་འདང་པར་བརྟེན་རྙོག་དྲ་ཡོང་གི་ཡོད་པ་དང་། ལྷག་པར་དཔེ་ཆའི་ནང་མ་འགྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཞེས་གསུངས་ཀྱི་ཡོད་པ་བཞིན། ང་ཚོ་བོད་པ་ལྟ་བུ་ཆ་མཚོན་ན་བོད་པ་ཚོར་སྡུག་པོ་གཏོང་མཁན་རྣམས་ལ་དེ་ལྟར་བསམ་བློ་བཏང་ནས་སེམས་ནང་བརྩེ་བ་ཡོང་གི་ཡོད་པ་བཀའ་སྩལ་འདུག

གཞི་རྩའི་ Harvard གཙུག་ལག་སློབ་ཆེན་གྱི་འགོ་ཁྲིད་དང་བདེ་སྐྱིད་སློབ་གསོའི་སློབ་དཔོན་སྐུ་ཞབས་ Arthur Brooks ལགས་སྔ་ལོའི་ཕྱི་ཟླ་ ༣ པའི་ནང་དུའང་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸རྒྱལ་བའི་ཕོ་བྲང་ནང་༸གོང་ས་མཆོག་དང་ལྷན་ཡང་དག་པའི་དབུ་ཁྲིད་དང་བདེ་སྐྱིད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་དང་བཀའ་འདྲི་དགོངས་སྐོར་གྱི་མཛད་རིམ་ཞིག་ཚོགས་ཡོད་པ་མ་ཟད། ཁོང་གིས་ཐེངས་འདིའི་ཉིན་གྲངས་གཉིས་ཀྱི་ཚོགས་འདུ་དེ་དབུ་འབྱེད་སྐབས། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལྟར། ཚན་རིག་དང་། བསམ་བློ། ནང་དོན་རིག་པའི་ཐོག་ནས་མི་ཕན་ཚུན་བར་འབྲེལ་ལམ་གོང་མཐོར་དང་ཞེ་བདེ་བསྐྲུན་རྒྱུ་དེ་ཡིན་ཞིང་། དེ་འཛམ་གླིང་ནང་དར་ཁྱབ་གཏོང་རྒྱུ་འབད་བརྩོད་བྱེད་བཞིན་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།