༸གོང་ས་མཆོག་དང་ཐུགས་འདྲིས་ཟབ་པའི་ཡེ་ཤུའི་ཆོས་དཔོན་ Bill Crews ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

དེ་རིང་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༤ ཚེས་ ༩ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཨོ་གླིང་རྒྱལ་ཁབ་ཀྱི་ཡེ་ཤུའི་ཆོས་དཔོན་ Bill Crews མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཞུས་འདུག

མཇལ་ཁ་གྲུབ་མཚམས་ཆོས་དཔོན་ཁོང་གིས་འདི་གའི་གསར་འགོད་པས་དྲི་བར་ལན་འདེབས་ཁྲོད།  ཆོས་དཔོན་ཁོང་ནི་ལོ་ངོ་ ༤༠ ལྷག་རིང་༸གོང་ས་མཆོག་དང་ཐུགས་འདྲིས་ཟབ་པོ་ཡོད་པའི་གྲོགས་པོ་ཞིག་ཡིན་པ་དང་།  ལོ་ལྟར་ཁོང་ནས་༸གོང་ས་མཆོག་མཇལ་འཕྲད་ཞུ་རྒྱུའི་འབད་བརྩོན་གནང་གི་ཡོད་པ་འགྲེལ་བརྗོད་ཀྱིས།  དེ་སྔ་༸མགོན་པོ་མཆོག་ནས་ཨོ་གླིང་དུ་ཁོང་གི་ཡེ་ཤུའི་མཆོད་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད་སྐོར་དང་འབྲེལ།  སྐབས་དེར་ཁོང་དང་༸གང་ཉིད་མཆོག་གིས་ཉམ་ཐག་ཁྱིམ་མེད་མི་གྲངས་ ༤༠༠ ལ་ཟས་སྦྱིན་གནང་ཡོད་པ་དང་།  ༸གོང་ས་མཆོག་གིས་དེ་དུས་ཉམ་ཐང་ཚོར་༸གང་ཉིད་མཆོག་ཀྱང་ཁྱིམ་མེད་ཡིན་ཞེས་བཀའ་སྩལ་བར་ཁོང་ཚོས་ཚང་མས་ཧ་ཅང་དགའ་པོ་གནང་སོང་ཅེས།  ཁོང་གི་སྐུ་ཚེའི་ནང་༸གོང་ས་མཆོག་མཇལ་འཕྲད་བྱུང་བ་དེ་ཧ་ཅང་གི་གཟི་བརྗིད་ཆེན་པོར་ངོས་འཛིན་གནང་གི་ཡོད་པ་དང་།  ༸གང་ཉིད་མཆོག་ནི་ད་ལྟའི་འཛམ་གླིང་འདིའི་ནང་གི་སྐྱེས་ཆེན་དམ་པ་ཆེ་ཤོས་གྲས་ཤིག་ཡིན་པ་གསུང་སོང་།  

ཆོས་དཔོན་ཁོང་གིས་ད་དུང་ཁ་སང་ཕྱི་ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་སྐོར་དང་འབྲེལ།  ཆོས་དཔོན་ཁོང་ནི་བོད་མིའི་གྲོགས་པོ་ཡག་པོ་ཤིག་ཡིན་པ་དང་།  ད་ལྟའི་བོད་མིའི་སྒྲིག་འཛུགས་གཙོས་པའི་བོད་མིའི་འདུ་སྡོད་ས་གནས་ཁག་སྲ་བརྟན་ཡར་རྒྱས་ཧ་ཅང་ཕྱིན་འདུག་སྐོར་སྲིད་སྐྱོང་དང་གླེང་མོལ་བྱུང་ཡོད་པ་འགྲེལ་བརྗོད་ཀྱིས།  ཁོང་གིས་དགོངས་ཚུལ་ལ་ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་བཞིན་སྔར་ལྷག་སྙིང་སྟོབས་ཆེ་རུ་འགྲོ་འདུག་ཅེས་དང་།  རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་ལེགས་སྐྱེས་ཡག་ཤོས་དེ་ནི་བོད་མིའི་ཆོས་དང་རིག་གཞུང་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བཅུག་ཡོད་པ་དེ་ཡིན་པར།  ད་ལྟའི་འཛམ་གླིང་འདི་བཞིན་བོད་མིའི་ཆོས་རིག་དགོས་མཁོ་ཡོད་སའི་གནས་བཟང་ཤོས་དེ་ཡིན་པ་གསུངས་སོང་། 

བོད་མིའི་གཞོན་སྐྱེས་ཚོར་ཆོས་དཔོན་ཁོང་གིས་དུས་ནམ་ཡང་རེ་བ་བརླག་རྒྱུ་མེད་པའི་སྐུལ་མ་གནང་སོང་བ་དང་།  མཐར་ཐུག་ན་རྒྱ་ནག་གཞུང་དེ་བཞིན་རིམ་པས་རླུང་ལྟར་ཡལ་འགྲོ་ངེས་ཡིན་པ་མ་ཟད། བོད་མིའི་ནང་བསྟན་ཆོས་ཀྱི་རང་བཞིན་དེ་དུས་རྟག་ཏུ་གནས་རྒྱུ་ཡིན་པ་གསུངས་སོང་། 

རྩ་བའི་ Bill Crews མཆོག་ཡེ་ཤུའི་ཆོས་དཔོན་ཞིག་ཡིན་པའི་ཐོག་འཛམ་གླིང་ཁྲོད་ཀྱི་ཉམ་ཐག་ཁྱིམ་མེད་ཚོར་ཤེས་ཡོན་དང་ཟས་སྦྱིན་སོགས་ཀྱི་རོགས་རམ་གནང་མཁན་ཞིག་ཀྱང་རེད་འདུག  ཁོང་གིས་ཆེད་འཛུགས་གནང་བའི་ཐེབས་རྩ་ The Rev, Bill Crews Foundation ཞེས་པ་དེས་ད་བར་ལོ་ངོ་ ༣༠ ལྷག་རིང་སྐྱབས་མེད་མགོན་མེད་ས་ཡ་མང་པོར་རོགས་སྐྱོར་གནང་ཡོད་པ་དང་།  ཨོ་གླིང་དུ་མཚོན་ན་ལོ་ལྟར་ཉམ་ཐག་ཚོར་ཞལ་ལག་འབུམ་ལྔ་བགོས་འགྲེམས་གནང་གི་ཡོད་པ་མ་ཟད།  ཐེབས་རྩའི་ལས་བྱེད་འཛམ་གླིང་ཁྲོད་ཀྱི་དམག་འཁྲུག་ཤོར་སའི་ཁུལ་དུ་ཕྱིན་ནས་གནོད་འཚེ་ཕོག་མཁན་ཚོ་ལ་ཡང་རོགས་རམ་གནང་གི་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།