
དེ་རིང་ཕྱི་ཟླ་ ༦ ཚེས་ ༢༩ ཉིན་སྔ་༸དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཀམ་རའོ་སྒ་པ་བོད་མིའི་གཞིས་ཆགས་ཀྱི་ས་གནས་བདེ་དོན་ཚོགས་པའི་ཚོགས་གཙོ་གྲའུ་དཔོན་གྱི་བུ་མོ་གྲའུ་ཚེ་བརྟན་བུ་འཁྲིད་ལགས་དང་སྒ་སྐྱེ་རྒུ་ས་སྐྱ་བརྩེ་ཆེན་བསམ་གྲུབ་གླིང་དགོན་པའི་འགན་འཛིན་ཀུན་དགའ་ཚེ་རིང་ལགས་ཀྱིས་གཙོས་པའི་དགེ་འདུན་པ་དང་། གཞིས་མི་ཁྱོན་མི་གྲངས་ ༩༠ ལྷག་ལ་དམིགས་བསལ་མཇལ་ཁ་བཀྲིན་སྩལ་འདུག
