Tibetan Royal Year of 2151 | Year of the Wood Dragon

ཀཿཐོག་གཞིས་བྱེས་གཉིས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

འཕགས་ཡུལ་རྙིང་མ་ཀཿཐོག་དགོན་པ་དང་ཁམས་ཀཿཐོག་བོད་མིའི་གཞིས་ཆགས་གཉིས་ཀྱི་འཐུས་མི་ཁག་གཅིག་བཞུགས་སྒར་དུ་ཆེད་བཅར་གྱིས་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་གཏེར་ཆེན་རིག་འཛིན་བདུད་འདུལ་རྡོ་རྗེ་དང་གཏེར་ཆེན་རིག་འཛིན་ཀློང་གསལ་སྙིང་པོ་གཉིས་ཀྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཁོང་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་༸སྐུ་བརྙན་རང་གི་མདུན་དུ་བཤམས་ནས་སྒོམ་ཉམས་བཞེས་གནང་དགོས་གལ་ཡིན་པ་སོགས་ལམ་སྟོན་མཛད་འདུག

དེ་རིང་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་གྱི་སྔ་དྲོ་རྙིང་མ་ཀཿཐོག་དགོན་པའི་དབུ་འཛིན་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་པའི་མཁན་བླ་རྣམ་པ་དང་།དེ་བཞིན་ས་གནས་འགོ་འཛིན་སོགས་འཐུས་མི་ཞལ་གྲངས་ ༡༡༣ ལྷག་བཞུགས་སྒར་དྷརྨ་སཱ་ལཱར་ཆེད་བཅར་གྱིས་༸རྒྱལ་བའི་ཕོ་བྲང་དུ་ཀཿཐོག་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་མདོ་བསྡུས་ཤིག་བསྟར་འབུལ་ཞུས་ཡོད།

༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཟིན་མཚམས་སུ་འདི་གའི་གསར་འགོད་པས་རྙིང་མ་ཀཿཐོག་དགོན་པའི་དབུ་འཛིན་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བའི་བཀའ་འདྲི་ཞུས་པར། རིན་པོ་ཆེ་མཆོག་གིས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ལ་སྔ་ཕྱི་བར་གསུམ་ལ་བརྟན་བཞུགས་བསྟར་འབུལ་ཞུ་འཐུས་ཀྱི་གསོལ་འདེབས་ཞུས་དོན་ལྟར་དེ་རིང་དངོས་སུ་ང་ཚོས་༸གོང་ས༌༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་མཛད་སོང་ཞེས་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་༸སྐུ་བརྙན་རང་གི་མདུན་དུ་བཤམས་ནས་སྒོམ་ཉམས་བཞེས་གནང་དགོས་གལ་ཡིན་པ་སོགས་ལམ་སྟོན་མཛད་ཡོད་པར་གསུངས་སོང་།

རྩ་བའི་ཀཿཐོག་གཞིས་བྱེས་གཉིས་ཀྱི་ཚབ་བྱས་ནས་འཕགས་ཡུལ་རྙིང་མ་ཀཿཐོག་དགོན་པ་དང་ཁམས་ཀཿཐོག་བོད་མིའི་གཞིས་ཆགས་གཉིས་ཀྱི་སྐུ་ཚེའི་ཚེ་སྒྲུབ་གཏེར་ཆེན་རིག་འཛིན་བདུད་འདུལ་རྡོ་རྗེ་དང་གཏེར་ཆེན་རིག་འཛིན་ཀློང་གསལ་སྙིང་པོ་གཉིས་ཀྱི་གསུང་ཚེ་སྒྲུབ་ཁག་ ༡༡ ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༥ ནས་ཕྱི་ཟླ་ ༣ ཚེས་ ༣༠ བར་ཉིན་གྲངས་ ༢༥ རིང་ཀཿཐོག་དགོན་པའི་དབུ་འཛིན་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་དང་། མཁན་ཆེན་རྫི་བླ་བརྩོན་འགྲུས་རྒྱ་མཚོ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་མཁན་སློབ་གྲངས་ ༧༠ ལྷག་གིས་གཞུང་ལྟར་ཚེ་སྒྲུབ་གནད་སྨིན་སྒྲུབ་བཞག་གནང་ཡོད་པ་དང་། དེ་རིང་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྐུ་ཚེའི་ཚེ་སྒྲུབ་གནང་བའི་ཚེ་གཏོར་དང་ཚེ་རིལ། ཚེ་ཆང་།  ཚེ་མདའ། ༸སྐུ་གསུང་ཐུགས་རྟེན་སོགས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གོང་གསལ་བྱིན་རླབས་ཁག་དང་མཎྜལ་རྟེན་གསུམ་འདེབས་འབུལ་གྱིས་བརྟན་བཞུགས་འབུལ་ལམ་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།