Tibetan Royal Year of 2151 | Year of the Wood Dragon

ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་འཕྲལ་མར་བསྐོ་གཞག་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་དགོས་པའི་ཞུ་འབོད་ལས་འགུལ་དབུ་འཛུགས།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

གཞི་རིམ་མི་མང་རེ་འབོད་ཚོགས་པས་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་འཕྲལ་དུ་བསྐོ་གཞག་ཐུབ་ཕྱིར་བཅའ་ཁྲིམས་བསྐྱར་བཅོས་ངེས་པར་དུ་གནང་རོགས་ཞེས་པའི་ཞུ་འབོད་ལས་འགུལ་དབུ་འཛུགས་དང་སྦྲགས། ལས་འགུལ་སྤེལ་ཕྱོགས་དང་འབྲེལ་ནས་ལས་འགུལ་བ་ཚོས་སྲུང་བརྩི་དགོས་པའི་སྒྲིག་ལམ་ཁག་གསར་འགོད་གསལ་བསྒྲགས་གནང་སོང་།

སང་ཉིན་ཕྱི་ཚེས་ ༡༩ ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ དབུ་འཛུགས་གནང་གི་ཡོད་པ་དང་བསྟུན་དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་མི་མང་ ༥༠༠ ཙམ་འདུ་འཛོམས་ཀྱིས་གཞི་རིམ་མི་མང་རེ་འབོད་ཚོགས་པས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་འཕྲལ་དུ་བསྐོ་གཞག་ཐུབ་ཕྱིར་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་ངེས་པར་དུ་གནང་རོགས་ཞེས་གྲོས་ཚོགས་སུ་ཞུ་འབོད་ཀྱི་ལས་འགུལ་དབུ་འཛུགས་མཛད་སྒོར་སྐུ་མགྲོན་གཙོ་བོར་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་དམིགས་བསལ་སྐུ་མགྲོན་སྤྱི་ཟུར་དང་ཤར་ཡོན་ཏན་རྒྱ་མཚོ་ལགས་དང་སྤྱི་ཟུར་ཚེ་རིང་དཔལ་སྒྲོནལགས། དེ་བཞིན་ཆབ་སྲིད་སློབ་སྟོན་པ་ཕུར་པ་དཔོན་ལགས་ཕེབས་སོང་།

དེ་རིང་གི་མཛད་སྒོ་ཐོག་རྒྱ་གར་གྱི་ས་གནས་ ༢༥ དང་བལ་ཡུལ་གཙོས་ཕྱི་རྒྱལ་ཡུལ་གྲུ་མི་འདྲ་བ་བདུན་ནས་ཁྱོན་མི་མང་ ༥༠༠ མ་ཟིན་ཙམ་ལྷན་ཞུགས་གནང་སོང་བ་དང་། གཞི་རིམ་མི་མང་རེ་འབོད་ཚོགས་པའི་ཚོགས་གཙོ་བསྟན་གཡང་ལགས་ཀྱིས་ཚོགས་པའི་སྐབས་དང་པོ་དང་གཉིས་པ་བཅས་ནས་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཐུབ་ཐབས་སུ་གྲོས་ཚོགས་ལ་མི་མང་གི་ས་རྟགས་དང་ཁ་བྱང་སོགས་འཁོད་པའི་ཞུ་སྙན་ཕུལ་ཡང་ཡིག་འཁྱམ་དུ་ངོས་འཛིན་གནང་སྟེ་ཡ་ལན་གང་ཡང་གནང་མེད་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གས་ཆག་སོང་བར་མི་མང་འ་ཆད་འུ་ཐུག་ནས་ས་གནས་འདྲ་མིན་ཁག་ནས་འདིར་བཅར་རྒྱུའི་དམིགས་ཡུལ་གཙོ་བོ་ནི་ཁྲིམས་ཞིབ་ཁང་སླར་གསོ་ཡོང་ཐབས་ལས་སྒྲིག་འཛུགས་གཏོར་བཤིག་ཆེད་གནང་བ་ཞིག་རྩ་བ་ནས་མིན་པར་གསུངས་སོང་།

དེབཞིན་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་གནས་ཚུལ་ཅི་འདྲ་ཞིག་ཡིན་རུང་དང་ཐོག་གནས་ཚུལ་དེ་དང་འབྲེལ་བའི་གོ་རྟོགས་ཡག་པོ་དགོས་གལ་དང་། གནས་ཚུལ་ཡོངས་རྫོགས་རྟོགས་ནས་གང་ལ་ལག་པ་འཆང་དང་མི་འཆང་རང་ཉིད་ནས་ཐག་གཅོད་གནང་དགོས་སྐོར་གསུངས་པ་དང་འབྲེལ། ད་ཆར་བཙན་བྱོལ་གཞུང་གི་གནས་སྟངས་དེ་ཕྱོགས་གཅིག་ནས་བལྟས་ན་གཉིད་མི་ཁུག་པའི་གནས་སྟངས་ཤིག་ཡོད་སྟབས། མ་འགྲིག་པ་དེ་འགྲིག་པར་བཟོ་རྒྱུ་མིའི་ལག་ན་ཡོད་པ་དང་།  ཆོལ་ཁ་དང་ཆོས་བརྒྱུད་དབར་འཐེན་འཁྱེར་གནང་རྒྱུ་དེ་ཕན་ཐོགས་གང་ཡང་མེད་པས་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་རྒྱལ་ཁབ་དང་མི་རིགས། རིག་གཞུང་བཅས་པར་སྨན་པའི་ཕྱག་ལས་གནང་དགོས་པར་མ་ཟད། བོད་ཀྱི་སྐད་ཡིག་དང་ནང་ཆོས་ལ་ཐུགས་སྣང་གནང་རྒྱུ་ནི་དེ་བས་ཀྱང་གལ་གནད་ཆེན་པོ་ཡིན་པ་གསུངས་སོང་།

རླུང་འཕྲིན་ཁང་གིས་གཞི་རིམ་མི་མང་རེ་འབོད་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས་སུ་ལས་འགུལ་དང་འབྲེལ་བའི་བཅར་འདྲི་ཞུས་པར་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་ནང་བྱུང་མྱོང་མེད་པའི་མང་གཙོའི་ཀ་བ་ནང་གི་གལ་ཆེ་ཤོས་ཆེས་མཐོ་ཁྲིམས་ཞིབ་ཁང་ནུས་མེད་བཟོས་པ་དེ་ཉིད་སླར་གསོ་ཡོང་ཐབས་སུ་མི་མང་གི་རང་བཞིན་ལས་འགུལ་ཞིག་ཡིན་པ་དང་། ལས་འགུལ་དེ་གྲོས་ཚོགས་ཚོགས་དུས་དྲུག་པ་སྐབས་སུ་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་ས་གནས་ཉེན་རྟོག་ལས་ཁུངས་དང་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་གཉིས་ལ་སྙན་སེང་ཞུས་པ་ཞིག་ཡིན་པ་དང་། སང་ཉིན་ཕྱི་ཚེས་ ༡༩ ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ དབུ་འཛུགས་གནང་གི་ཡོད་སྟབས་གྲོས་ཚོགས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་འཕྲལ་མར་བསྐོ་གཞག་ཐུབ་ཕྱིར་བཅའ་ཁྲིམས་བསྐྱར་བཅོས་ངེས་པར་དུ་གནང་དགོས་པ་དང་དེ་ལྟར་མ་གནང་ཚེ་མུ་མཐུད་ནས་ལས་འགུལ་སྤེལ་རྒྱུ་ཡིན་པར་གསུངས་སོང་།

གཞི་རིམ་མི་མང་རེ་འབོད་ཚོགས་པས་ལས་འགུལ་དེ་སང་ཉིན་ནས་གྲོས་ཚོགས་མཇུག་སྒྲིལ་མ་གནང་བར་དུ་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་སྔ་དྲོ་ཚོུད་ ༩ ནས་ ༥ བར་གནང་རྒྱུ་དང་། ལས་འགུལ་ས་ཚིགས་སུ་ཕེབས་སྐབས་བང་སྒྲིག་ནས་ཞལ་འདོན་གསུང་རྒྱུ་གཙོས་གྲོས་ཚོགས་ར་བའི་མདུན་དུ་ཕེབས་ནས་སྐད་འབོད་མི་ཆོག་པ། དེ་བཞིན་ལས་འགུལ་སྤེལ་སའི་ས་ཚིགས་སུ་གྲོས་ཚོགས་ཀྱི་ལས་རིམ་གཟིགས་ཏེ་བཞུགས་དགོས་པ་སོགས་སྒྲིག་ལམ་བཅུ་གྲངས་ཤིག་གཏན་འབེབས་གནང་འདུག

གཞི་རྩའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་ཚོགས་དུས་ ༥ པའི་ཐོག་གྲོས་ཆོད་གཏན་འབེབས་བྱུང་བ་བཞིན་མི་གྲངས་ལྔ་ལས་གྲུབ་པའི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ངོས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་པའི་ཐོག་གསལ་ཁ་དགོས་ངེས་ཀྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་ཇི་དགོས་དང་དེ་འབྲེལ་ཁྲིམས་སྒྲིག་གཞན་ཁག་ལ་བསྐྱར་བཅོས་ཇི་དགོས་སོགས་ལ་བསྐྱར་ཞིབ་དང་ཟིན་བྲིས་བཟོ་བཀོད་ཀྱི་ལས་དོན་ཁག་འདི་ལོའི་ཕྱི་ཟླ་ ༥ ནས་དབུ་འཛུགས་ཟིན་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།