Tibetan Royal Year of 2151 | Year of the Wood Dragon

གཉན་ནད་རེག་དུག་གི་ནད་རྟགས་ཡོད་མེད་ངེས་པར་དུ་བརྟག་དགོས།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡ ནི་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་འམ་ World AIDS Day ཞེས་ འཛམ་བུ་གླིང་ཁྱོན་ཡོངས་སུ་གཉན་ནད་རེག་དུག་གི་ཉིན་མོར་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། དེ་རིང་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་དང་ཀུན་ཕན་ནད་གསོ་ཁང་གཉིས་ཟུང་སྦྲེལ་ཐོག་གཉན་ནད་རེག་དུག་གི་བརྟག་དཔྱད་དང་གོ་རྟོགས་ཀྱི་ལས་འགུལ་སྤེལ་ནས་ཉིན་མོ་དེ་སྲུང་བརྩི་གནང་ཡོད།

གཉན་ནད་རེག་དུག་ཕོག་པའི་ནད་པ་རྣམས་ལ་རྒྱབ་སྐྱོར་དང་། མང་ཚོགས་ཁྲོད་ནད་གཞི་དེ་དང་འབྲེལ་བའི་སྔོན་འགོག་དང་ནད་གཞིར་ལྟ་ཚུལ་ནོར་བ་ཡོད་པ་རྣམས་ལ་དོགས་སེལ་སོགས་ཀྱི་གོ་རྟོགས་སྤེལ་སྐབས་སུ་གཉན་ནད་རེག་དུག་གི་ནད་རྟགས་ཡོད་མེད་ངེས་པར་དུ་བརྟག་དགོས་པའི་སྐུལ་མ་གནང་སོང་།

འཕྲོད་བསྟེན་ལས་ཁུངས་དང་ཀུན་ཕན་ནད་གསོ་ཁང་གཉིས་མཉམ་འབྲེལ་ཐོག་དེ་རིང་སྔ་དྲོ་ཚོུད་ ༡༠ ཐོག་མེག་གྷན་ཁྲོམ་གཞུང་དུ་གཉན་ནད་རེག་དུག་ཕོག་པའི་ནད་པ་རྣམས་ལ་རྒྱབ་སྐྱོར་དང་། མང་ཚོགས་ཁྲོད་ནད་གཞི་དེ་དང་འབྲེལ་བའི་སྔོན་འགོག་དང་ནད་གཞིར་ལྟ་ཚུལ་ནོར་བ་ཡོད་པ་རྣམས་ལ་དོགས་སེལ་གནང་ཐབས་སོགས་ཀྱི་གོ་རྟོགས་ཀྱི་གོམ་བགྲོད་ལས་འགུལ་སྤེལ་བ་མ་ཟད། ཁྲོམ་གཞུང་དུ་བདེ་ལེགས་སྨན་ཁང་གི་འཕྲལ་སེལ་བརྟག་དཔྱད་ཁང་གི་ཆེད་བཙུགས་ཀྱིས་ས་གནས་ཀྱི་མང་ཚོགས་རྣམས་ལ་རིན་མེད་གཉད་ནད་རེག་དུག་བརྟག་དཔྱད་གནང་བཞིན་འདུག

གསར་འགོད་པས་ལས་འགུལ་སྣེ་ཁྲིད་གནང་མཁན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་པ་ཀརྨ་བསོད་ནམས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནང་གཉན་ནད་རེག་དུག་གིས་མནར་བའི་བོད་མི་ཁྱོན་ ༦༠ ཙམ་ཡོད་པ་དང་། སྤྱིར་གཉན་ནད་རེག་དུག་གི་ནད་གཞི་དེར་བཅོད་ཐབས་མེད་པ་དེ་ལྟར་ཡང་། དུས་ཐོག་ཏུ་ནད་གཞི་ར་འཕྲོད་བྱུང་བ་དང་སྨན་བཅོས་སོགས་ཀྱི་མཐུན་འགྱུར་གནང་ཚེ་ནད་པ་རྣམས་མི་གཞན་ལྟར་མི་ཚེ་རིང་པོ་སྐྱེལ་ཐུབ་ཀྱི་ཡོད་པ་ལྟར་དེ་རིང་ཁོང་རྣམས་ནས་མང་ཚོགས་ལ་གོ་རྟོགས་ཀྱི་ལས་རིམ་དང་མཉམ་དུ་སྔ་དྲོ་ཚོུད་ ༡༠ ནས་ཉིན་དགུང་ཚོུད་ ༡ བར་མེག་གྷན་ཁྲོམ་གཞུང་དང་། དེ་རྗེས་ཚོུད་ ༢ ནས་ ༤ བར་འཕྲོད་བསྟེན་ལས་ཁུངས་ཀྱི་ཡན་ལག་སྨན་ཁང་ཁག་ཏུ་བརྟག་དཔྱད་ཀྱི་ལས་རིམ་ཁག་མུ་མཐུད་སྤེལ་རྒྱུ་ཡིན་པ་གསུངས་སོང་བ་དང་ཆབས་ཅིག ལྷག་པར་དུ་ཁོང་གིས་མང་ཚོགས་རྣམས་ནས་གཉན་ནད་རེག་དུག་གི་ནད་རྟགས་ཡོད་མེད་ངེས་པར་དུ་བརྟག་དཔྱད་གནང་དགོས་པའི་སྐུལ་མ་བསྐྱར་ནན་གནང་སོང་།

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་དྲ་གནས་ཐོག་དེ་འབྲེལ་འཁོད་པར་གཞིགས་ན། འཛམ་གླིང་ཁྲོད་ད་བར་གཉན་ནད་རེག་དུག་གི་ནད་གཞི་ཕོག་རྐྱེན་མི་ས་ཡ་བཞི་ལྷག་གི་ཚེ་སྲོག་ཤོར་ཟིན་པའི་ཁོངས་ནས་སྔ་ལོ་གཅིག་པོར་མི་དྲུག་འབུམ་སུམ་ཁྲི་ཙམ་ནད་གཞིའི་འོག་རྐྱེན་འདས་སུ་གྱུར་ཡོད་པ་དང་། རྒྱལ་ཁབ་ཁག་གཅིག་ཏུ་དེང་སྐབས་ནད་གཞི་དེ་ཁྱབ་གདལ་འགྲོ་བཞིན་ཡོད་པ་ལྟར། སྔ་ལོའི་ལོ་མཇུག་བར་འཛམ་གླིང་ནང་གཉན་ནད་རེག་དུག་གི་ནད་གཞི་ཕོག་པ་མི་ས་ཡ་ ༣༩ ཙམ་བྱུང་ཡོད་པ་དང་འདས་ལོ་ནང་ནད་པ་གསར་པ་ས་ཡ་ ༡་༣ བྱུང་ཡོད་པ་སོགས་མངོན་གསལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།