དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ས་ཕལ་མོ་ཆེ་བའི་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་འོག་མང་ཚོགས་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པའི་ཁྲོད་འདིར་དེ་རིང་སྔ་དྲོ་ཚོུད་ ༦ པ་ནས་དབུ་འཛུགས་ཀྱིས་ཉིན་རྒྱབ་བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་གདན་སའི་འདུས་མང་ཡོངས་ཀྱིས་གཞིས་བཞུགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་སྒྲོལ་མའི་གཟུངས་སྔགས་གསོག་སྒྲུབ་བཅས་ཀྱི་མཆོད་འབུལ་སྨོན་ལམ་ཞིག་ཚོགས་འདུག
སེར་བྱེས་མཁས་སྙན་གྲྭ་ཚང་གིས་དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་གཅིག་ཏུ་ཏོག་གསར་གློ་ཚད་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ཁྲོད་ནས་རྣམ་པར་རྒྱལ་ཕྱིར་མཆོད་འབུལ་སྨོན་ལམ་དང་ཞལ་འདོན་གསོག་སྒྲུབ་གནང་བཞིན་འདུག
གཞིས་བཞུགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་པ།
Tibetan News Headlines
- ༸གོང་ས་མཆོག་གིས་བོད་དང་ཁ་ཆེ་དབར་དམིགས་བསལ་འབྲེལ་བ་ཡོད་པར་བཀའ་སྩལ་བ།
- གྲོས་ཚོགས་ཀྱི་ལས་ཉིན་ལྔ་པ་ཆ་ཚང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོར་བཏང་ཡོད།
- སུད་སིར་བོད་མི་གཙོས་སྐྱབས་བཅོལ་ཞུ་མི་རྣམས་ཀྱི་དཀའ་ངལ་སེལ་ཆེད་གྲོས་ཆོད་གཏན་འབེབས།
- རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༦ དབུ་འཛུགས།
- སྦེལ་འཇམ་གཞུང་གིས་ནང་ཆོས་དེ་ཉིད་གཞུང་འབྲེལ་ཆོས་བརྒྱུད་གྲས་སུ་ངོས་འཛིན།
- བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་སཱི་ཤེས་ཡོན་ཟབ་ཁྲིད།
Monday 20/03/2023
- Dalai Lama meets with Muslim scholars, speaks on common values between Islam and Buddhism
- 11th Public Accounts Committee presents report to Parliament
- Swiss National Council approves motion seeking relief for asylum seekers
- Tibetan Opera ‘Shoton’ festival begins in Mundgod Tibetan settlement
- Belgium officially recognises Buddhism as a non-denominational religion
- SEE Learning conducts workshop for North America’s weekend Tibetan language and culture teachers
(Visited 8 times, 1 visits today)
(Visited 206 times, 1 visits today)