Tibetan Royal Year of 2151 | Year of the Wood Dragon

ཇར་མ་ནི་གཞུང་གིས་རྒྱ་ནག་དེ་བཞིན་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཚབས་ཆེན་པོ་ཆགས་ཡོད་པ་ཐེར་འདོན།

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

ཇར་མ་ནི་གཞུང་གིས་ཡུལ་དེའི་བདེ་འཇགས་དང་འབྲེལ་བའི་འཐབ་བྱུས་ཡིག་ཆ་ཐེངས་དང་པོ་ཡོངས་གྲགས་གནང་བའི་ནང་རྒྱ་ནག་གིས་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགོས་དམིགས་བསྒྲུབ་ཆེད་ཨེ་ཤེ་ཡའི་ནང་དབང་ཤུགས་ཇེ་ཆེར་སྤེལ་བཞིན་པ་འགྲེལ་བརྗོད་དང་སྦྲགས། རྒྱལ་ཁབ་དེ་ནི་རྒྱལ་སྤྱིའི་བདེ་འཇགས་ཐད་ཉིན་རེ་བཞིན་ཉེན་ཚབས་ཆེ་ཆེར་འགྲོ་བཞིན་པ་ཐེར་འདོན་གནང་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་ཇར་མ་ནིའི་གཞུང་གིས་ཡུལ་དེའི་གྲོས་ཚོགས་སུ་ཐེངས་དང་པོ་རྒྱལ་ཡོངས་བདེ་འཇགས་དང་འབྲེལ་བའི་འཐབ་བྱུས་ཡིག་ཆ་དེ་ཡོངས་གྲགས་གནང་ཡོད་པ་དང་། དེའི་ནང་རྒྱ་ནག་ནི་ཇར་མ་ནིའི་ཚོང་རོགས་དང་། འགྲན་རྩོད་པ། དེ་བཞིན་འཐབ་བྱུས་ཀྱི་འགྲན་ཟླ་ཞིག་ཡིན་པ་གསལ་བཀོད་དང་འབྲེལ། རྒྱ་གཞུང་གིས་རྒྱལ་སྤྱིའི་ལམ་ལུགས་ལ་འགྱུར་བ་གཏོང་ཐབས་ཁྲོད། ཇར་མ་ནིའི་རྒྱལ་ཁབ་ཀྱི་རྩ་ཆེ་རིན་ཐང་ལ་རྡོག་རོལ་དང་ལྷག་པར་ཡུལ་དེའི་ཁེ་ཕན་ལ་དོ་ཕོག་ཤུགས་ཆེ་གཏོང་བཞིན་ཡོད་སྐོར་བཀོད་འདུག་པ་མ་ཟད། ཇར་མ་ནིའི་སྲིད་བློན་སྐུ་ཞབས་ Olaf Scholz མཆོག་གིས་སྤྱི་བསྒྲགས་དེའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག རྒྱ་གཞུང་གིས་ཆེད་དུ་གཉེར་ནས་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགོས་དམིགས་བསྒྲུབ་ཐབས་སླད་དཔལ་འབྱོར་གྱི་དབང་ཤུགས་ཇེ་ཆེར་སྤེལ་བའི་བརྒྱུད་ས་གནས་དང་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཚབས་ཆེན་པོ་བཟོ་བཞིན་པ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཡང་ཚབས་ཆེན་གཏོང་བཞིན་ཡོད་པ་སྐྱོན་བརྗོད་གནང་འདུག

སྲིད་བློན་སྐུ་ཞབས་ Olaf Scholz མཆོག་གིས་སྐབས་དེར་ད་དུང་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་མུ་མཐུད་གོང་འཕེལ་འགྲོ་ངེས་དང་། ང་ཚོའི་ངོས་ནས་སྤྱིར་རྒྱལ་སྤྱིའི་ཚོང་འབྲེལ་དང་དཔལ་འབྱོར་ལམ་ལུགས་ཁྲོད་རྒྱ་ནག་དེ་བཞིན་ཐ་དད་དུ་འཇོག་རྒྱུ་མེད་པ་དེ་ལྟར་ཡང་། བརྒྱུད་རིམ་དེའི་ཁྲོད་རྒྱལ་སྤྱིའི་བདེ་འཇགས་ཐད་དཀའ་ངལ་དུ་མ་ཞིག་བྱུང་བཞིན་པའི་གནད་དོན་དེའང་སྣང་མེད་དུ་འཇོག་ཐུབ་ཐབས་མེད་སྐོར་གསུངས་པ་མ་ཟད། ཇར་མ་ནིའི་ངོས་ནས་རྒྱ་ནག་དང་ཐ་དད་དུ་གནས་རྒྱུ་འདོད་ཀྱི་མེད་ལ་དཔལ་འབྱོར་ལམ་ལུགས་ཀྱི་གྱོང་གུད་དང་ཉེན་ཚབས་ཀྱང་འདོད་ཀྱི་མེད་ཅེས་འགྲེལ་བརྗོད་གནང་འདུག

རྩ་བའི་སྤྱི་བསྒྲགས་དེ་ནི་རྒྱ་ནག་གི་སྲིད་བློན་ Li Qiang ཡུལ་དེའི་ནང་སླེབ་ལ་ཉེ་བའི་འཚམས་སུ་འདོན་སྤེལ་གནང་བ་ཞིག་ཆགས་ཀྱི་ཡོད་ཅིང་། ཇར་མ་ནི་དང་རྒྱ་ནག་བར་ཚོང་གི་ཐོག་ནས་འབྲེལ་ལམ་ཟབ་མོ་ཡོད་པར་བརྟེན། སྤྱི་བསྒྲགས་དེའི་ནང་འཇར་མ་ནི་དང་རྒྱ་ནག་བར་འབྲེལ་བ་མུ་མཐུད་གནས་པའི་ཐོག་ཕན་ཚུན་འབྲེལ་ལམ་བརྒྱུད་རྒྱལ་སྤྱིའི་དཀའ་ངལ་མང་དག་ཅིག་སེལ་ཐུབ་རྒྱུ་ཡིན་སྟབས། དཀའ་ངལ་དེ་དག་གི་ཐོག་ཕྱོགས་གཉིས་ནས་མཉམ་ལས་ཀྱིས་གོ་སྐབས་དང་གདམ་ཀ་རྣམས་དམ་བཟུང་བྱ་དགོས་གལ་ཡིན་པ་འཁོད་འདུག

གཞི་རྩའི་ཇར་མ་ནི་འདི་བཞིན་རྒྱ་ནག་ལ་ལྟོས་ཤས་ཆེ་བའི་དབང་གིས་ཟླ་བ་འགའ་ཤས་ནས་བཟུང་ཁུལ་དེའི་གཞུང་གིས་རྒྱ་ནག་ནས་ཚོང་ཟོག་ནང་འདྲེན་ཐད་ལ་འགྱུར་བཅོས་གཏོང་ཐབས་གནང་བཞིན་ཡོད་པ་དང་འབྲེལ། ཇར་མ་ནིའི་ཚོང་ལས་ཁང་ཆེ་ཁག་གིས་རྒྱ་ནག་ནང་ཚོང་ར་ཆེན་པོ་ཡོད་པའི་གནད་དོན་དང་འབྲེལ་སེམས་འཚབ་ཀྱི་རྣམ་པ་བཏོན་ཡོད་པ་དེ་ལྟར་ཡང་། ཇར་མ་ནིའི་ཕྱི་སྲིད་བློན་ཆེན་ Annalena Baerbock མཆོག་གིས། མ་འོངས་པར་གལ་ཏེ་རྒྱ་ནག་ལ་དཀའ་ངལ་ཆེན་པོ་ཞིག་བྱུང་ཚེ་ཇར་མ་ནིའི་གཞུང་གིས་ཁུལ་དེའི་ཚོང་ལས་ཁང་ཆེ་ཁག་དེ་དག་ལ་རོགས་རམས་བྱ་རྒྱུ་ཁག་པོ་ཡིན་སྐོར་ཉེན་བརྡ་བཏང་འདུག དེ་བཞིན་ཁོང་དང་སྲིད་བློན་ Scholz མཆོག་གཉིས་ཀས་ཉེ་ལམ་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་གྱི་གནད་དོན་དང་འབྲེལ། ཇར་མ་ནི་ལ་གནས་སྟངས་གང་འདྲ་ཆགས་ཡོད་པའི་ཐོག་བློ་སྐྱེད་ལེན་དགོས་སྐོར་དང་ཆབས་ཅིག ཕྱི་སྲིད་བློན་ཆེན་མཆོག་གིས་ཇར་མ་ནི་དང་རྒྱ་ནག་ཕྱོགས་གཉིས་ཀའི་མཐུན་ཕྱོགས་གྱི་གནད་དོན་ཐོག་ཡར་རྒྱས་གཏང་དགོས་གལ་ཡིན་པ་གསུངས་འདུག

གཞན་ཡང་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་གྱི་གནས་དོན་དང་འབྲེལ་ཇར་མ་ནི་ལ་ཉེན་ཚབས་ཆེན་པོ་ཞིག་ཏུ་འགྱུར་ཡོད་པ་མ་ཟད། ད་ལྟའི་ཆར་ཨུ་རུ་སུ་འདི་ཉིད་ཡུ་རོབ་རྒྱ་མཚོ་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་ཉེན་ཚབས་ཆེ་ཤོས་ཤིག་ཏུ་ངོས་འཛིན་གསལ་བཏོན་གནང་འདུག

འབྲེལ་ཡོད་གསར་གནས།

Sunday 16/06/2024

Saturday 15/06/2024

Friday 14/06/2024

གསར་གནས།