Tibetan Royal Year of 2151 | Year of the Wood Dragon

ཉིང་ཞ་ཁ་ཆེ་རང་སྐྱོང་ལྗོངས་དང་ཀན་སུའུ་ཞིང་ཆེན་ནང་ཁ་ཆེ་ཆོས་ལུགས་ལ་དམ་བསྒྲགས།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

རྒྱ་དམར་གཞུང་གིས་ཉིང་ཞ་ཧུའི་རིགས་རང་སྐྱོང་ལྗོངས་དང་ཀན་སུའུ་ཞིང་ཆེན་ནང་ཁ་ཆེའི་ལྷ་ཁང་སྲ་བརྟན་ཞེས་པའི་སྲིད་བྱུས་ལག་བསྟར་འོག་ཁུལ་དེར་ལྷ་ཁང་གཏོར་བཤིག་གཙོས་རྒྱ་ནག་ཅན་དུ་བསྒྱུར་ཐབས་བྱེད་བཞིན་པ་སོགས་ཆོས་ལུགས་རང་དབང་རྡོག་རོལ་གཏོང་བཞིན་ཡོད་པར་མངོན་གསལ་དང་སྦྲགས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འཕྲལ་མར་མཚམས་འཇོག་དགོས་ཞེས་གསུངས་འདུག

རྩ་བའི་རྒྱ་དམར་གཞུང་གིས་ཆོས་ལུགས་དང་གྲངས་ཉུང་མི་རིགས་ཐོག་དམ་བསྒྲགས་དེ་སྔ་ནས་བྱེད་བཞིན་ཡོད་པ་དང་ལྷག་པར་ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་ཞི་ཅིན་ཕིང་གིས་ཆོས་ལུགས་དེ་དག་རྒྱ་ནག་ཅན་དུ་བསྒྱུར་རྒྱུའམ་རྒྱ་ནག་གི་ཁྱད་ཆོས་ལྡན་པ་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་ཏེ་ནང་པ་དང་ཁ་ཆེ་གཙོ་བོར་གྱུར་བའི་ཆོས་ལུགས་རང་དབང་ལ་དམ་བསྒྲགས་ཇེ་ཆེར་བྱས་དང་བྱེད་བཞིན་ཡོད་པ་མངོན་གསལ་ཆགས་ཡོད་ཅིང་། ལྷག་དོན་ཕྱི་ལོ་ ༢༠༡༨ ལོར་རྒྱ་གཞུང་དཔོན་རིགས་ཚོར་ཁ་ཆེའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའི་ལྷ་ཁང་འཛུགས་བསྐྲུན་དང་སྒྲིག་འཛུགས་ལ་དོ་དམ་ནན་པོ་བྱེད་དགོས་པ་དང་། ལྷ་ཁང་མང་པོ་བཤིག་དགོས་པ་དང་གསར་བསྐྲུན་ཇེ་ཉུང་ངུ་དགོས་པའི་རྩ་འཛིན་བཀོད་ཁྱབ་བཏང་ཡོད་པ་མ་ཚད་པར་ཉིང་ཞ་ཧུའི་རིགས་རང་སྐྱོང་ལྗོངས་དང་ཀན་སུའི་ཞིང་ཆེན་གཉིས་ནི་རྒྱ་ནག་གིས་བཙན་བཟུང་བྱས་པའི་ཤར་ཏུར་ཀིས་ཏན་རྗེས་ཁ་ཆེ་གནས་སྡོད་བྱེད་ས་མང་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད།

དེ་རིང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བར་རྒྱ་གཞུག་གིས་ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་ཤར་ཏུར་ཀིས་ཏན་ནང་གི་ཁ་ཆེ་ལྷ་ཁང་གསུམ་ཆ་གཉིས་གཏོར་བཤིག་བཏང་ཟིན་པ་དང་། Ningxia ཉིང་ཞ་ཧུའི་རིགས་རང་སྐྱོང་ལྗོངས་ནང་གི་གྲོང་གསེབ་གཉིས་ནང་སྲིད་བྱུས་དེའི་འོག་ལྷ་ཁང་ ༤ རྩ་གཏོར་བཏང་བ་དང་ཆབས་ཅིག ཁང་ཆེན་དང་བ་གམ། དེ་བཞིན་ལྕོག་ཁང་བཅས་གཏོར་བཤིག་བཏང་ཡོད་པ་ཐེར་འདོན་གནང་ཡོད་པ་དེ་ལྟར་ཡང་། རྒྱ་གཞུང་གིས་གནས་ཚུལ་སྦས་གསང་བྱས་ཡོད་རྐྱེན་ཉིང་ཞ་དང་ཀན་སུའུ་ནང་དུ་ཁ་ཆེ་ལྷ་ཁང་ཇི་ཙམ་སྒོ་བརྒྱབ་ཡོད་པ་སོགས་ཀྱི་གནས་ཚུལ་ཁ་གསལ་མེད་པ་རེད།

འོན་ཀྱང་ཧུའི་ཞེས་པའི་ཁ་ཆེའི་རིགས་ཐོག་མཁས་པའི་ Hannah Theaker དང་ David Stroup གཉིས་ཀྱི་ཉམས་ཞིབ་གྲུབ་དོན་ནང་ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་ཉིང་ཞ་ཁུལ་དུ་ཁ་ཆེ་ལྷ་ཁང་གསུམ་ཆ་གཅིག་སྒོ་བརྒྱབ་ཡོད་པར་ཚོད་དཔག་གནང་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཐོག་གི་ངེས་སྟོན་པའི་ལས་ཚབ་ Maya Wang ལགས་ཀྱིས་རྒྱ་ནག་གི་ཁ་ཆེའི་ལྷ་ཁང་སྲ་བརྟན་ཞེས་པའི་སྲིད་བྱུས་དེ་ལག་བསྟར་ཚད་ལྡན་ཞིག་བྱེད་ཀྱི་མེད་པའི་ཁར་ཆོས་ལུགས་རང་དབང་རྡོག་རོལ་ཐོག་ལྷ་ཁང་རྣམས་གཏོར་བཤིག་བཏང་ཡོད་ཅིང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་བསྒྲགས་གཏམ་དོན་ཚན་བཅོ་བརྒྱད་པའི་ནང་དུ་མི་ཚང་མར་བསམ་བློ་དང་རྣམ་དཔྱོད། དེ་བཞིན་ཆོས་ལུགས་རང་དབང་བཅས་ཀྱི་ཐོབ་ཐང་གསལ་བཀོད་ཐོག་ཆོས་ལུགས་གང་དུ་གཏོགས་པའི་སྐྱེས་བུ་དེར་ཆོས་ལུགས་དེ་ཉམས་ལེན་དང་དད་མོས་བྱ་རྒྱུའི་རང་དབང་ཡོད་ཅེས་བཀོད་པ་ལྟར། རྒྱ་གཞུང་གིས་ཆོས་ལུགས་རྒྱ་བསྒྱུར་གྱི་སྲིད་བྱུས་འཕྲལ་མར་མཚམས་འཇོག་དགོས་པ་དང་དེ་འབྲེལ་ཞི་བའི་སྐྱོན་བརྗོད་དང་ངོ་རྒོལ་བ་རྣམས་བཙོན་གྲོལ་དགོས་ཞེས་ནན་བརྗོད་གནང་འདུག

ཕྱི་རྒྱལ་གྱི་སྲིད་གཞུང་དང་ཁ་ཆེའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་མི་ཚོས་ཁ་ཆེའི་ལྷ་ཁང་སྲ་བརྟན་གཏོང་བའི་སྲིད་བྱུས་དང་། གཏོར་བཤིག་གཏོང་བའི་ལས་འགུལ་དེ་དག་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་གཞེན་སྐུལ་དང་སྦྲགས། ཆོས་ལུགས་རྒྱ་བསྒྱུར་གྱི་སྲིད་བྱུས་དེ་ཆོས་ལུགས་དབྱེར་མེད་ཐོག་བཙན་གྱིས་ལག་བསྟར་བྱེད་བཞིན་ཡོད་སྟབས་ཆོས་ལུགས་རང་དབང་ཐོག་བློ་འཚབ་ཡོད་མཁན་གྱི་སྲིད་གཞུང་རྣམས་ནས་གནད་དོན་དེའི་ཐོག་རྒྱ་གཞུང་ལ་ཐད་ཀར་གླེང་སློང་གནང་དགོས་གལ་ཡིན་པ་གསུངས་འདུག

ཨ་རིར་གནས་སྡོད་ཧུའི་ཁ་ཆེའི་རིགས་ཀྱི་ལས་འགུལ་བ་ Ma Ju ཡིས་རྒྱ་གཞུང་གི་སྲིད་བྱུས་འོག་དཀའ་སྡུག་མྱོང་མཁན་གྱི་ཧུའི་ཁ་ཆེ་ཞིག་ལ་འབྲེལ་བ་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པར་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་སྲིད་བྱུས་དེ་ནི་ཁ་ཆེའི་དད་ལྡན་པ་རྣམས་རྒྱ་དམར་གཞུང་ལ་བློ་ཁ་ཕྱོགས་པར་བཟོ་ཐབས་ཀྱི་ཆ་ཤས་ཤིག་ཡིན་ཅིང་། དེ་ལམ་ལྷོངས་ཡོང་ཆེད་ཐོག་མ་རྒྱ་དམར་གཞུང་གི་ལས་བྱེད་ཧུའི་ཁ་ཆེ་རིགས་དཔོན་རིགས་དང་འབྲེལ་བ་བྱེད་ཀྱི་ཡོད་པ་དང་དེ་རྗེས་སློབ་ཕྲུག་དང་གཞུང་གི་ལས་བྱེད་ཚོར་མུ་མཐུད་སོ་སོའི་ཆོས་ལུགས་རྗེས་སུ་འབྲང་ན་སློབ་གྲྭར་ཉེས་ཆད་དང་ལས་ཀ་ཤོར་བའི་ཉེན་ཁ་ཡོད་པར་ནན་སྐུལ་བྱེད་ཀྱི་ཡོད་པ་གསལ་བཀོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།