Tibetan Royal Year of 2151 | Year of the Wood Dragon

ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་མི་ལོ་དྲུག་ཅུ་འཁོར་བའི་དུས་སྟོན།

Tibetan News Headlines

  • བོད་ནང་ཕྱི་རྒྱལ་གསར་འགོད་པ་བསྐྱོད་རྒྱུར་མུ་མཐུད་དམ་དྲག་བྱེད་བཞིན་པ་མངོན་གསལ།
  • BJP ཚོགས་པའི་འོས་བསྡུའི་བསྒྲགས་གཏམ་ནང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་འབྲས་ལྗོངས་ནང་དུ་གདན་འདྲེན་ཞུ་ཐབས་གནང་རྒྱུ་ཡིན་པ་གསུངས་འདུག
  • སྲིད་བློན་ Modi མཆོག་གིས་རྒྱ་ནག་དང་ལྷན་འབྲེལ་ལམ་དམ་གཟབ་འཛིན་རྒྱུ་གལ་ཆེ་ཡིན་པ་གསུངས་འདུག
  • རྒྱ་གཞུང་གིས་ཁེ་ན་ཌའི་འོས་བསྡུའི་ནང་ཐེ་གཏོགས་ཡོད་པ་མངོན་གསལ།
  • རྒྱ་གཞུང་གིས་ཨ་རིའི་ཚོང་ལས་ཁང་གཉིས་ལ་སྲིད་དོན་ཉེས་ཆད་འགེལ་བ།
  • ༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸རྒྱལ་བ་སྨན་རིའི་སྒྲུབ་ཆེན་ཐེངས་ ༣༤ པ་འཚོགས་བཞིན་འདུག
  • བཙན་བྱོལ་བོད་མིའི་གནས་སྟངས། Karuna ངལ་གསོ་ཁང་གི་སྐོར་ལ་བཅར་འདྲི།

Friday 12/04/2024

  • China has allowed only FCCC journalist inside the ‘Tibet Autonomous Region in 2023: Report
  • Sikkim BJP manifesto promises return passage for Gyalwa Karmapa
  • India-China border situation needs to be addressed urgently: PM Modi
  • China meddled in past two Canada elections but results not impacted , says Justin Trudeau
  • China sanctions 2 US defence companies over supporting arms sales to Taiwan
  • 34th Menri Grand ‘Drubchen’ begins in Yungdrung Bon monastery in Dolanji
  • DIASPORA FEATURE: Karuna Retirement Home

༸སྐྱབས་རྗེ་ཞིང་གཤེགས་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༦༣ ལོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་ཕྱག་བཏབ་པའི་སྔ་འགྱུར་རྙིང་མའི་གདན་ས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་འདི་ལོར་དབུ་བརྙེས་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་བ་དང་རྣམ་གྲོལ་གླིང་གི་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་མི་ལོ་ ༣༠ འཁོར་བའི་དུས་སྟོན་སྲུང་བརྩི་ཞུས་སོང་།

ཁ་སང་སྔ་འགྱུར་རྙིང་མའི་གདན་ས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་སྔ་དྲོའི་ཕྱག་ཚོད་ ༩ ཐོག་དབུ་འཛུགས་གནང་བའི་དུས་སྟོན་གྱི་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། བལ་ཡུལ་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་གྱི་སྐུ་ཚབ་མཁན་པོ་འཆི་མེད་ཚེ་རིང་ལགས། རྒྱ་གར་འབྲས་ལྗོངས་དགོན་པའི་ལྷན་ཁང་གི་དྲུང་ཆེ་འབུམ་རམས་པ་རྡོ་རྗེ་ལགས། རྣམ་གླིང་དབུ་འཛིན་གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག གདན་སའི་མཁན་རིན་པོ་ཆེ། ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། གདན་སའི་གྲྭ་བཙུན་སྡེ་བཅས་ཉེ་འཁོར་གྱི་གཞིས་མི་སྟོང་ཕྲག་མང་པོ་ལྷན་འཛོམས་གནང་འདུག

གདན་སའི་དབུ་འཛིན་གྱིས་ཐེག་མཆོག་རྣམ་གྲོལ་གླིང་དབུ་བརྙེས་ནས་མི་ལོ་ ༦༠ འཁོར་བའི་དུས་སྟོན་དང་འབྲེལ་བའི་འཚམས་འདྲིའི་གསུང་བཤད་གནང་སྐབས་སྐུ་མགྲོན་རྣམས་ལ་འཚམས་འདྲི་གནང་བ་དང་སྦྲགས། དགོན་པའི་ཆེས་མཐོའི་འགན་འཛིན་མཁན་པོ་ཚེ་དབང་རྒྱ་མཚོ་ལགས་ནས་ཐེག་མཆོག་རྣམ་གྲོལ་གླིང་ཕྱག་བཏབ་མཁན་༸སྐྱབས་རྗེ་ཞིང་གཤེགས་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་གཉན་འཕྲང་ཅན་གྱི་དུས་སྐབས་སུ་བོད་ཀྱི་ཆོས་དང་རིག་གཞུང་སོགས་མི་ཉམས་གོང་འཕེལ་དང་། བསྟན་འགྲོའི་བདེ་སྐྱིད་ལ་ཆེད་དམིགས་ཀྱིས་མི་ལོ་དྲུག་ཅུ་ལྷག་གི་རིང་མཛད་པ་ཇི་ལྟར་བསྐྱངས་ཡོད་པའི་སྐོར་གྱི་མཛད་རྣམ་སྙིང་བསྡུས་སུ་ངོ་སྤྲོད་གནང་ཡོད།

དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་རྣམ་གཉིས་ཀྱིས་གསུང་བཤད་ཁྲོད་གཙོ་བོ་༸སྐྱབས་རྗེ་ཞིང་གཤེགས་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་བསྟན་འགྲོ་སྤྱི་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་ཆོས་མི་ཉམས་གོང་འཕེལ་སླད་སྐུ་ངལ་འཛེམས་མེད་ཀྱིས་བཤད་སྒྲུབ་འདི་ཉིད་ཕྱག་བཏབ་པར་མངོན་བསྟོད་ཞུས་པ་དང་ཆབས་ཅིག སླད་མར་དགོན་པའི་དགེ་འདུན་པ་རྣམས་ནས་རིན་པོ་ཆེ་མཆོག་གི་མཛད་བཟང་ལ་མིག་དཔེ་ཡར་ལྟ་གནང་སྟེ་བསྟན་འགྲོའི་དོན་དུ་ལྷག་བསམ་རྣམ་པར་དག་པའི་ཐོག་ནས་སྤྱི་སྨན་ཞབས་འདེགས་ཞུ་དགོས་པའི་ཞུ་སྐུལ་གནང་སོང་།

༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་ནས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་མི་ལོ་ ༦༠ ཧྲིིལ་པོ་འཁོར་བ་དང་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་བགྲང་བྱ་ ༣༠ འཁོར་བའི་དུས་སྟོན་མཛད་སྒོ་གཟབ་རྒྱས་འཚོགས་འཆར་ཡོད་ཀྱང་། ཉེ་ལམ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐུར་འདེབས་ཀྱི་མཚན་སྨད་ཞུས་པའི་གནས་ཚུལ་བྱུང་ཡོད་སྟབས་རྐང་བྲོ་གླུ་གཞས་གཟིགས་འབུལ་གྱི་མཛད་རིམ་ཡོངས་རྫོགས་ཕྱིར་བཤོལ་གནང་སྟེ་ཆོས་ཕྱོགས་ཁོ་ན་དང་འབྲེལ་བའི་དུས་སྟོན་སྲུང་བརྩི་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།