Tibetan Royal Year of 2151 | Year of the Wood Dragon

དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོར་དབུ་བཞུགས་མཛད་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོའི་ཚོགས་མགོན་དུ་དབུ་བཞུགས་མཛད་དེ་ང་ཚོ་བོད་གངས་ཅན་ལྗོངས་ལ་ནང་ཆོས་ཐོག་བསླབ་པ་སློབ་གཉེར་གནང་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་ནི་ཧ་ལས་ཡག་ཞིག་ཡིན་པ་དང་། ཆོས་གྲོགས་ཚོས་མུ་མཐུད་དེ་ཐུན་མོང་མ་ཡིན་པའི་རིགས་པའི་ལམ་ནས་རྟགས་གསལ་གཏོང་བའི་ཕྱག་བཞེས་བཟང་པོ་ཡོད་པ་དེའི་ཐོག་ཐུགས་སྣང་ཆེ་ཙམ་གནང་དགོས་པའི་ལམ་སྟོན་བཀའ་དྲིན་སྩལ་སོང་།  

དེ་རིང་ཕྱི་ཟླ་དང་པོའི་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་སྲུང་ཆོས་རྭ་བའི་ནང་དུ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་སྐབས་བཅོ་ལྔ་པའི་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་འདུག་པ་དང་དེའི་ཚོགས་མགོན་དུ་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་མཆོག་གིས་དབུས་པའི་གདན་ས་གྲྭ་ཚང་ཁག་གི་མཁན་བླ་སྤྲུལ་དགེ་བཤེས་སོགས་ལྷན་ཞུགས་གནང་ཡོད་པ་རེད།

སྐབས་དེར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་བཞེས་མཁན་དང་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས། ནང་པའི་རྒྱལ་ཁབ་གཞན་ཁག་ཅིག་གི་ནང་སྒོམ་རྒྱག་རྒྱུའི་ཐོག་ལ་དོ་སྣང་གནང་བ་ལས་དཔེ་ཆ་བལྟ་རྒྱུ་སོགས་སངས་རྒྱས་ཀྱི་ཆོས་ལ་སློབ་གཉེར་རྒྱག་རྒྱུའི་ཐོག་ལ་དོ་སྣང་དེ་ཙམ་མེད་ཀྱང་། ང་ཚོ་བོད་གངས་ཅན་ལྗོངས་སུ་ནང་ཆོས་ཐོག་བསླབ་པ་སློབ་གཉེར་གནང་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་ནི་ཧ་ལས་ཡག་ཞིག་ཡིན་པ་དང་། ཆོས་གྲོགས་ཚོས་མུ་མཐུད་དེ་ཐུན་མོང་མ་ཡིན་པའི་རིགས་པའི་ལམ་ནས་རྟགས་གསལ་གཏོང་བའི་ཕྱག་བཞེས་བཟང་པོ་ཡོད་པ་དེའི་ཐོག་ཐུགས་སྣང་ཆེ་ཙམ་གནང་དགོས་པའི་ལམ་སྟོན་སྩལ་སོང་།  

མ་ཟད་ཆོས་གྲོགས་ཚང་མས་ཟབ་ཅིང་རྒྱ་ཆེ་བའི་སངས་རྒྱས་པའི་ཆོས་འདི་སྨོན་ལམ་རྒྱག་པ་དང་དད་པ་གཅིག་པོ་མ་ཡིན་པར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་བཞེས་དང་གཞུང་ཆེན་ཁག་ལ་སློབ་གཉེར་གནང་དགོས་པ་བཀའ་སྩལ་ཡོད།

དེ་བཞིན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས། རྗེ་ཙོང་ཁ་པ་ཆེན་པོས་ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་ཞེས་གསུངས་པ་ལྟར། དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་བཞེས་མཁན་ཚོ་རིམ་པས་རྒྱུད་གྲྭ་རྣམ་གཉིས་ལ་ཕེབས་ཏེ་དམ་པའི་ཆོས་སྒྲུབ་པར་འགྲེལ་པ་བཞི་སྦྲགས་ཀྱི་འཆད་ཉན་གནང་ཡག་དེ་ཚོ་གསན་བསམ་ཡག་པོ་གནང་སྟེ་གསང་བདེ་འཇིགས་གསུམ་གྱི་འཆད་ཉན་མ་ཉམས་པ་ཞིག་གནང་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་དྲིན་སྩལ་སོང་།  

གཞི་རྩའི་དེ་རིང་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་བཞེས་མཁན་ཁོངས་སུ་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང་བཅས་ནས་དགེ་ལུགས་རྒྱུགས་སྤྲོད་ཐོན་ཏེ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དམ་འཇོག་ཟིན་པའི་དགེ་བཤེས་ལྷ་རམས་པ་གྲངས་ ༤༡༣ འདུག

༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།