Tibetan Royal Year of 2151 | Year of the Wood Dragon

དོན་གྲུབ་དབང་ཆེན་ལགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་དམིགས་ལ་མིང་འདོན།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ནོར་ཝེའི་ལྗང་ཁུ་ཚོགས་པའི་རྒྱལ་ཡོངས་མགྲིན་ཚབ་པ་ཟུར་པ་དང་སྐྱེས་དངོས་ཚན་རིག་པ་སྐུ་ཞབས་ Rasmus Hansson ལགས་ཀྱིས་ཨ་རིའི་ California  ནང་བཅའ་བཞུགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྐུ་ཞབས་དོན་གྲུབ་དབང་ཆེན་ལགས་ཕྱི་ལོ་ ༢༠༢༢ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་དམིགས་ཁོངས་སུ་མཚན་འདོན་གནང་འདུག ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་ཨོ་ལམ་པིག་རྩེད་འགྲན་གོང་ཙམ་ལ་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་སྐྲུན་གནང་བའི་རྐྱེན་གྱིས་ལོ་དྲུག་རིང་བཙོན་འཇུག་ཉེས་ཆད་བཏང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ལགས་ཀྱིས་འདས་པའི་ཟླ་ཤས་ནང་རྒྱལ་སྤྱིའི་ས་གནས་གང་སར་སྐོར་སྐྱོད་ཀྱིས་པེ་ཅིང་གི་དགུན་དུས་ཨོ་ལམ་པིག་རྩེད་འགྲན་ལ་ངོ་རྒོལ་དང་རྒྱལ་ཁབ་ཁག་གི་གཞུང་སོ་སོར་བོད་དོན་དང་འབྲེལ་བའི་ཞུ་གཏུག་ལས་འགུལ་སྤེལ་བཞིན་པ་ལྟར། ཁོང་ཉེ་ལམ་ནོར་ཝེའི་རྒྱལ་ས་ Oslo ལ་ཕེབས་སྐབས་སྐུ་ཞབས་ Hansson ལགས་ཀྱིས་དབུས་པའི་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་མང་དག་ཅིག་དང་མཇལ་འཕྲད་གནང་ཡོད་པ་རེད།སྐུ་ཞབས་ Hansson ལགས་ཀྱིས་དེ་རིང་ས་གནས་ཀྱི་བརྒྱུད་ལམ་ཁག་ཅིག་ལ་ཁོང་གིས་ད་རེས་དོན་གྲུབ་དབང་ཆེན་ལགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་དམིགས་སུ་མཚན་འདོན་གནང་དོན་གང་ཡིན་སྐོར་ལ་འགྲེལ་བརྗོད་གནང་སྐབས་དོན་གྲུབ་དབང་ཆེན་ལགས་ནི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གདུང་འབོད་མཚོན་པའི་དྲན་ཤིང་ལྟ་བུ་ཞིག་ཡིན་པར་གསུངས་འདུགནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ངོ་དེབ་ཐོག་གསར་འགོད་གསལ་བསྒྲགས་ཤིག་འདོན་སྤེལ་གནང་བར་ད་རེས་སྐུ་ཞབས་ Hansson ལགས་ཀྱིས་དོན་གྲུབ་དབང་ཆེན་ལགས་སུ་དེ་ལྟ་བུའི་ཆེ་བསྟོད་ཞུས་པར་བཀྲིན་ཆེ་ཞེས་ཞུས་པ་མ་ཟད། དེ་ནི་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་ངོས་འཛིན་ཐོབ་པ་ཞིག་ཏུ་འགྲེལ་བརྗོད་གནང་བ་དང་ཆབས་ཅིག བོད་ནང་གི་བོད་མི་རྣམས་རྒྱ་ནག་གི་བཙན་དབང་འོག་དཀའ་སྡུག་མི་སྤྱོད་ལས་འདས་པ་མྱོང་བཞིན་ཡོད་ཀྱང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ངོས་ནས་ད་དུང་ཁུ་སིམ་པོར་བཞུགས་བཞིན་པར་ཐུགས་ཕམ་ཡོད་ཅེས་གསུངས་འདུགདོན་གྲུབ་དབང་ཆེན་ལགས་ཀྱིས་ཁོང་ལ་དེ་ལྟར་ཆེ་བསྟོད་གནང་བའི་སྐོར་གང་ཡང་ཤེས་རྟོགས་བྱུང་མེད་ཀྱང་། གནས་ཚུལ་དེ་འདྲ་ཞིག་ཡོད་ན་དེ་ནི་རྒྱལ་སྤྱིའི་ཁྲོད་བོད་མི་རྣམས་ཀྱི་བདེན་དོན་ལ་ཆ་འཇོག་དང་ངོས་འཛིན་གནང་བ་ཞིག་ཡིན་སྐོར་གསུངས་ཡོད།གཞི་རྩའི་ལོ་ལྟར་ཕུལ་སྲོལ་ཡོད་པའི་ནོ་སྦེལ་གཟེངས་རྟགས་ཁོངས་སུ་ཞི་བདེ་ཙམ་མ་ཡིན་པར་སྨན་དང་རིག་གནས། རྫས་འབྱོར་རིག་པ། དཔལ་འབྱོར་ཚན་རིགས་སོགས་སྡེ་ཚན་འདྲ་མིན་ཁག་ཅིག་ཡོད་པའི་ཁོངས་ནས་ཞི་བདེའི་གཟེངས་རྟགས་དེ་ནོར་ཝེའི་རྒྱལ་ས་ཨོས་ལོར་གནང་སྲོལ་ཡོད་པ་ལས། དེ་མིན་གཞན་ཚང་མ་ Sweden གྱི་རྒྱལ་ས་ Stockholm ནང་གནང་གི་ཡོད་པ་རེད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཞེས་པ་དེ་ནི། ནོར་ཝེའི་གྲོས་ཚོགས་ཀྱིས་བསྐོ་བཞག་གནང་བའི་མི་སྣ་ལྔ་ལས་གྲུབ་པའི་ནོར་ཝེ་ཁུལ་གྱི་ནོ་སྦེལ་ཚོགས་ཆུང་གིས་འདེམས་སྒྲུག་གནང་གི་ཡོད་པ་རེད། ཞི་བདེའི་གཟེངས་རྟགས་དེའི་ཆེད་དེ་སྔ་གཟེངས་རྟགས་དེ་བཞེས་མྱོང་མཁན་དང་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་ལས་ཟུར། ནོ་སྦེལ་ལྟེ་གནས་ཁང་གི་སློབ་སྟོན་པ། གཙུག་ལག་སློབ་གཉེར་ཁང་གི་རིགས་བདག  ཞི་བདེའི་ལྟེ་གནས་ཁང་ཁག་གི་འགོ་འཛིན་སོགས་ཆ་རྐྱེན་ཚང་བའི་མི་སྣ་ཁག་གིས་འབྲེལ་ཡོད་ཚོགས་ཆུང་ལ་སྒེར་སོ་སོའི་འོས་དམིགས་མཚན་ཐོ་གནང་ཆོག་གི་ཡོད་པ་དང་། ནོ་སྦེལ་ཚོགས་ཆུང་གིས་མིང་གཞུང་དེ་དག་ལ་དཔྱད་པ་རིམ་ཁག་གནང་སྟེ་མཐར་མང་མོས་ཐོག་ནས་བདམས་ཐོན་གྱིས་ལོ་ལྟར་ཕྱི་ཟླ་ ༡༠ པའི་ནང་གསལ་བསྒྲགས་དང་། ཕྱི་ཟླ་ ༡༢ ནང་གཟེངས་རྟགས་དངོས་སུ་འབུལ་བཞེས་གནང་གི་ཡོད་པ་རེད། སྔར་ལོ་ཐོག་མའི་མཚན་གཞུང་ནང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཆེད་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཚོགས་སྒེར་འདྲ་མིན་ཁྱོན་ ༣༠༠ ལྷག་བྱུང་འདུགད་རེས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་འོས་དམིགས་སུ་མཚན་འདོན་གནང་མཁན་སྐུ་ཞབས་ Hansson ལགས་ཀྱིས་ཉེ་ཆར་དོན་གྲུབ་དབང་ཆེན་ལགས་དང་ཐུག་འཕྲད་གནང་སྐབས། ཁོང་གིས་རང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོའི་རིང་བོད་ཀྱི་གནད་དོན་ལ་དོ་སྣང་ཆེན་པོ་གནང་ཡོད་པ་དང་ཁོང་གིས་བོད་སྐོར་ལ་ཤེས་རྟོགས་དང་བོད་མི་ཐོག་མར་ཐུག་འཕྲད་ཀྱི་དྲན་ཤེས་ནང་དེ་སྔ་ཕྱི་ལོ་ ༡༩༦༠ ནང་ནོར་ཝེ་ཁུལ་དུ་བོད་པའི་སློབ་ཕྲུག་ ༥༠ ཙམ་གཞིས་སྤོས་གནང་སྐབས་ཨོས་ལོའི་གྲོང་སྡེའི་ཚོགས་ཁང་ནང་ཁོང་རྣམ་པར་སྣེ་ལེན་ཞུས་པ་དེ་གསལ་པོར་ཐུགས་དྲན་གསོས་ཀྱི་ཡོད་པར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།