Tibetan Royal Year of 2151 | Year of the Wood Dragon

བཅའ་ཁྲིམས་བསྐྱར་བཅོས་ཀྱིས་མཚོན་པའི་གནད་དོན་མང་དག་ཐོག་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་ཐུགས་རེ་ཡོད་ཅེས་གསུངས་འདུག

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་མི་ནི་སོ་ཊའི་བོད་མི་མང་ཚོགས་དང་མཇལ་མོལ་སྐབས་བོད་མི་མི་རེ་ངོ་རེརེ་དང་བླངས་དཔྱ་དངུལ་ལག་དེབ་ཡོད་དགོས་པ་མ་ཟད་དཔྱ་དངུལ་ཆད་མེད་ཕུལ་དགོས་གལ་ཡིན་པ་གསུངས་པ་འབྲེལ། ད་ཆ་སྤྱི་འཐུས་ཀྱི་གྲུབ་ཆ་ཚང་བའི་གནས་སྟངས་འོག་རིང་མིན་ཟླ་ ༡༢ ནང་གྲོས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཚོགས་དུས་བསྐྱང་གཏན་ཁེལ་བ་དང་། ཕྱི་ཟླ་ ༣ པའི་གྲོས་ཚོགས་ཚོགས་དུས་བདུན་པར་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་མཚོན་པའི་གནད་དོན་མང་དག་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་ཐུབ་པའི་ཐུགས་རེ་ཡོད་ཅེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ན་ཌ་དང་རྒྱལ་ས་ཨོ་ཊ་ཝ་གཉིས་ནང་གཟའ་འཁོར་གཅིག་རིང་གནད་ཡོད་མི་སྣ་ཁག་དང་ལྷན་དུ་མཇལ་འཕྲད་སོགས་ཀྱི་མཛད་རིམ་ཁག་ལེགས་གྲུབ་རྗེས་ཁ་ཉིན་ཨ་རི་མི་ནི་སོ་ཊར་ཆེད་ཕེབས་ཀྱིས་ས་གནས་བོད་མི་རྣམས་ལ་གསུང་བཤད་དང་དྲི་བ་དྲིས་ལན་སོགས་ཀྱི་ལས་རིམ་གནང་འདུག

སྲིད་སྐྱོང་མཆོག་གིས་སྐབས་དེར་བཀའ་ཤག་སྐབས་ ༡༦ པའི་ཕྱག་ལས་གནང་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་སྲ་བརྟན་བཟོ་ཐབས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་རྒྱུན་གནས་ཐུབ་ཐབས། དེ་བཞིན་གཞོན་སྐྱེས་གཙོས་བོད་མི་མང་ཚོགས་ནས་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་དང་ཤེས་རྟོགས་དགོས་གལ། རྒྱལ་སྤྱིའི་སྟེང་བོད་དོན་གནས་བབ་མཐོ་རུ་གཏོང་ཐབས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་འདུག

སྲིད་སྐྱོང་མཆོག་གིས་ས་གནས་མང་ཚོགས་དང་མཇལ་འཕྲད་གནང་སྐབས་བཙན་བྱོལ་བོད་མིའི་གྲངས་འབོར་ཚད་ལྡན་དང་སྒྲིག་འཛུགས་ནས་མཐུན་རྐྱེན་ཚད་ལྡན་ཡོང་རྒྱུ། དེ་བཞིན་མ་འོངས་ལས་གཞི་རྣམས་དངོས་ཡོད་གནས་སྟངས་དང་མཐུན་པ་ཞིག་ཡོང་བར་མང་ཚོགས་ཀྱིས་ས་གནས་སོ་སོའི་མི་འབོར་གྲངས་བཤེར་གྱི་ལས་གཞི་ནང་ཚགས་ཚུད་ཐོག་མཉམ་ཞུགས་གནང་གལ་ཡིན་པར་གསུངས་འདུག་པ་མ་ཟད། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་ཚོགས་དུས་ ༥ པའི་དགོངས་དོན་གཞིར་བཟུང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་བཞུགས་བོད་མི་རྣམས་ལ་དཔྱ་ཁྲལ་ཆག་ཡང་གནང་ཡོད་སྟབས་ད་ཆ་དང་བླངས་དཔྱ་དངུལ་ལག་དེབ་དེ་བོད་མི་མི་རེ་ངོ་རེར་ཡོད་དགོས་པ་དང་དེའང་དཔྱ་དངུལ་ཆད་མེད་ དུས་ཐོག་ཕུལ་དགོས་པའི་རེ་སྐུལ་གནང་འདུག

དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཆེད་བོད་དེ་དེ་སྔ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་བཞེངས་ཕྱོགས་རང་གནས་ཐོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་སྐྱོད་གནང་བཞིན་ཡོད་པ་དང་ལྷག་དོན་འདས་པའི་ཟླ་ཤས་ནང་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་བརྒྱུད་བོད་ནང་གི་ཛ་དྲག་གནས་སྟངས་མཚོན་པའི་བོད་དོན་དྲིལ་བསྒྲགས་གང་ཐུབ་གནང་ཡོད་པ་སོགས་ངོ་སྤྲོད་ཞིབ་རྒྱས་གནང་རྗེས། མང་ཚོགས་ཀྱི་བཀའ་འདྲིར་ལན་འདེབས་གནང་སྐབས་བོད་མི་གཅིག་གིས་ཉེ་ཆར་སྐབས་ ༡༦ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་མཇུག་སྐྱོང་གནང་མ་ཐུབ་པར་བློ་ཕམ་གནང་བ་དང་སྦྲགས་སྤྱི་འཐུས་རྣམ་པའི་ཕུགས་བསམ་ལ་རེ་བ་སྟོང་ཟད་དུ་གྱུར་ཡོད་པར་གསུངས་ཏེ། སྲིད་སྐྱོང་མཆོག་ལ་བོད་མིའི་གཞིས་སྒར་ཁག་གི་ས་གཞི་བསྡུ་ལེན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཐད་ནས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་ད་ཆ་སྤྱི་འཐུས་ཀྱི་གྲུབ་ཆ་ཚང་བའི་གནས་སྟངས་ལ་བརྟེན་ནས་གྲོས་ཚོགས་ཚོགས་དྲུག་པའི་མཇུག་སྐྱོང་ཚོགས་དུས་དེ་བཞིན་རིང་མིན་ཟླ་ ༡༢ ཚེས་ ༢༥ ནས་ ༢༩ བར་བསྐྱང་གཏན་ཁེལ་ཡོད་པ་དང་གོང་ཞུས་གནད་དོན་ཐད་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་མཇུག་སྐྱོང་བྱུང་བའི་གནད་དོན་ཁག་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོར་ཕུལ་ཟིན་ཡོད་ཅེས་གསུངས་འདུག

སྲིད་སྐྱོང་མཆོག་ལ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བདེ་སྐྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བཀའ་འདྲི་ཞུས་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་ཁང་ཐོབ་པའི་གཞིས་མིའམ་དེའི་སྡོད་གཅིག་ནང་མི་སུ་རུང་གཅིག་ལས་མ་ཉུང་བ་གཞིས་ཁང་སོ་སོའི་ནང་ལོ་གཉིས་རེར་ཉུང་མཐར་ཟླ་བ་གཅིག་གནས་སྡོད་གནང་དགོས་གལ་ཡིན་པར་གསུངས་འདུག

གང་ཟག་གཞན་ཞིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་བར་བཙན་བྱོལ་བོད་མིའི་གྲངས་འབོར་བསྡུ་ལེན་གྱི་ལས་གཞིའི་གཉེར་གནད་དང་འབྲེལ་དཔྱ་ཁྲལ་མ་ཕུལ་མཁན་བོད་མི་རྣམས་ཀྱི་ཐོ་གཞུང་དགོས་གལ་གཟིགས་ཀྱི་མེད་ཅེས་དང་སྒྲིག་འཛུགས་ཀྱི་ངོས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་རྣམས་ལ་ད་དུང་དཔྱ་ཁྲལ་ཆག་ཡང་གནང་ཐུབ་མིན་གྱི་བཀའ་འདྲི་ཞུས་ཡོད།

སྐབས་དེར་སྲིད་སྐྱོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མི་རྣམས་ལ་མཐུན་རྐྱེན་ཚད་ལྡན་བསྐྲུན་རྒྱུ་དང་། དེ་བཞིན་མ་འོངས་ལས་གཞི་རྣམས་རྒྱུ་མཚན་ལྡན་པ་དང་དངོས་ཡོད་གནས་སྟངས་དང་མཐུན་པ་ཞིག་ཡོང་བར་གཙིགས་ཆེར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་པ་དང་ཆབས་ཅིག ལས་གཞི་དེའི་ནང་དཔྱ་དངུལ་གནང་མིན་ལ་ལྟོས་མེད་བཙན་བྱོལ་དུ་བཞུགས་པའི་བོད་མི་ཡོད་དོ་ཅོག་ཡོངས་བསྒྲིལ་གནང་གནད་ཆགས་ཡོད་པས་ལས་གཞི་དེར་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་གནང་འདུག  པར་ཁག་གི་བདག་དབང་མི་ནི་སོ་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ།

འབྲེལ་ཡོད་གསར་གནས།

གསར་གནས།