Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ་བོད་མིའི་མང་གཙོ་དང་འབྲེལ་བའི་དཔྱད་གླེང་།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཟླ་ ༩ ཚེས་ ༡༥ ཉིན་མོ་སྟེ་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་རྒྱལ་སྤྱིའི་མང་གཙོའི་ཉིན་མོ་དང་བསྟུན་བཙན་བྱོལ་བོད་མིའི་མང་གཙོ་དང་འབྲེལ་བའི་དྲ་ཐོག་དཔྱད་གླེང་ཞིག་གོ་སྒྲིག་གནང་བའི་ཐོག་ནས་ཉིན་མོ་དེ་སྲུང་བརྩི་ཞུས་སོང་།  

ཕྱི་ཚེས་ ༡༥ ཉིན་རྒྱབ་ཕྱག་ཚོད་ ༣༌༣༠ ནས་ ༥ བར་ཚོགས་པའི་དྲ་ཐོག་དཔྱད་གླེང་དེ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་དང་ Friedrich Naumann Foundation for Freedom འམ་འཇར་མན་རོགས་ཚོགས་ཀྱི་ལྷོ་ཨེ་ཤ་ཡའི་སྡེ་ཚན་གཉིིས་ཟུང་སྦྲེལ་གྱིས་གོ་སྒྲིག་གནང་བ་ཞིག་ཆགས་ཡོད། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དབུས་པའི་འཇར་མན་ནང་གི་རྒྱལ་སྤྱིའི་གུ་ཡངས་ཚོགས་པའི་ཚོགས་གཞོན་དང་འཇར་མན་རོགས་ཚོགས་ཀྱི་ལྷོ་ཨེ་ཤ་ཡའི་འགན་འཛིན་གཅིག་ལྕོགས་སྐུ་ཞབས་ Carsten Klein ལགས། དེ་བཞིན་གསུང་བཤད་གནང་མཁན་ཁོངས་སུ་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Sujeet Kumar ལགས་དང་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་བཅས་དྲ་ལམ་བརྒྱུད་མཉམ་ཞུགས་གནང་ཡོད།

སྐབས་དེའི་དྲྭ་ཐོག་གླེང་མོལ་ཁྲོད་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་བའི་འོག་གསུང་བཤད་གནང་མཁན་རྣམས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་འབྲེལ་བའི་བགྲོ་གླེང་གནང་ཡོད་པ་རེད།

སྐབས་དེར་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Sujeet Kumar ལགས་ཀྱིས་རྒྱལ་སྤྱིའི་མང་གཙོའི་སྤྱི་ཚོགས་ཚང་མར་ཁྱད་ཆོས་མི་འདྲ་བ་མང་དག་ཅིག་ཡོད་པའི་ཁོངས་ནས་བོད་པའི་མང་གཙོར་མཚོན་ན་བཙན་བྱོལ་གྱི་སྤྱི་ཚོགས་ཤིག་ཏུ་མང་གཙོའི་ལམ་སྲོལ་ཕྱག་བསྟར་ཐུབ་པ་ནི་ཁྱད་ཆོས་དམིགས་བསལ་བ་ཞིག་ཆགས་ཡོད་སྟབས་རྒྱ་གར་གཙོས་རྒྱལ་སྤྱིའི་མང་གཙོའི་རྒྱལ་ཁབ་ཁག་གིས་བོད་པའི་མང་གཙོའི་ལམ་སྲོལ་ནས་ལེགས་བྱ་བཞེས་དགོས་པ་མི་ཉུང་བ་ཞིག་ཡོད་ཅེས་གསུངས་འདུག་པ་མ་ཟད། ཁོང་གིས་རྒྱ་གར་དང་བོད་ཀྱི་གནད་དོན་ལས་འཕྲོས་ཏེ་རྒྱ་གར་གྱི་ངོས་ནས་བོད་མིའི་འཚོ་ཐབས་དང་གཞིས་ཆགས་གསར་འཛུགས་སོགས་ལ་རོགས་རམ་གང་ཐུབ་གནང་ཡོད་ཀྱང་། རྒྱ་གར་གཞུང་དང་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ཐོག་ནུས་པ་དེ་ཙམ་སྤུངས་ཐུབ་ཀྱི་མེད་པའི་ཐུགས་ཚོར་བྱུང་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་གར་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ནས་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་བོད་ཕྲུག་རྣམས་བཙན་དབང་ཐོག་གཏན་འཇགས་སློབ་གྲྭ་ཁག་ཏུ་གཏོང་བཞིན་པ་སོགས་གླེང་སློང་གནང་དགོས་པ་དང་དུས་མཉམ་བོད་མིའི་ངོས་ནས་མུ་མཐུད་སྤྱི་ཚོགས་ཀྱི་སྡེ་ཚན་འདྲ་མིན་ཁག་ཏུ་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་གནད་ཆགས་ཡོད་ཅེས་གསུངས་འདུག

བགྲོ་གླེང་ཐོག་མཉམ་ཞུགས་གནང་བའི་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་བཙན་བྱོལ་བོད་མིའི་ཐུན་མོང་མ་ཡིན་པའི་མང་གཙོའི་ཁྱད་ཆོས་སྐོར་ངོ་སྤྲོད་གནང་སྐབས་ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་པ་ནས་བཟུང་སྟེ་ད་བར་འཛམ་གླིང་ནང་སྐྱབས་བཅོལ་བའི་སྤྱི་ཚོགས་དུ་མ་ཡོད་པའི་ནང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི་མང་གཙོའི་ལམ་ལུགས་ཆ་ལག་ཚང་བ་ལོངས་སུ་སྤྱོད་ཅིང་རྒྱལ་ཁབ་ཀྱི་བདེན་དོན་འཐབ་རྩོད་དང་ཆོས་རིག་དང་། སྐད་ཡིག་བཅས་པ་གཅེས་སྐྱོང་གནང་ཐུབ་པའི་སྤྱི་ཚོགས་དམིགས་བསལ་ཅན་དུ་གྱུར་ཡོད་པ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པོའི་རླབས་ཆེན་གྱི་དགོངས་གཞི་དང་དུས་ནས་དུས་སུ་ལམ་སྟོན་སྩལ་བའི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་པར་འགྲེལ་བརྗོད་དང་སྦྲགས། ད་ཆ་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དེར་དངོས་ཡོད་གནས་སྟངས་དང་མང་གཙོའི་ལྟ་གྲུབ་དང་མཐུན་པའི་དུས་བསྟུན་བསྒྱུར་བཅོས་དགོས་གལ་གཟིགས་ཀྱི་ཡོད་པ་དང་། དེའང་ད་ལྟ་ཡོད་བཞིན་པའི་སྤྱི་ལྷན་གྱི་སྒྲུབ་ཆའི་ཐད་བོད་ཆོལ་གསུམ་གྱི་སྐུ་ཚབ་མཚོན་པའི་སྤྱི་འཐུས་ཀྱི་ཞབས་སྟེགས་དེ་ཉིད་རྒྱུན་གནས་གནང་གནད་ཡིན་པ་དེ་ལྟར་ནའང་། ཕྱི་རྒྱལ་ཁག་ཏུ་བཞུགས་པའི་བོད་མིའི་གྲངས་འབོར་ལ་གཞིགས་པའི་སྤྱི་འཐུས་ཀྱི་སྒྲུབ་ཆ་མང་དུ་གཏོང་དགོས་པ་དང་དེ་བཞིན་དེ་སྔའི་བཅའ་ཁྲིམས་དང་འབྲེལ་བའི་ངལ་བ་ཁག་སླད་མར་མི་འཕྲད་ཆེད་བཅའ་ཁྲིམས་ལ་བསྐྱར་བཅོས་ཀྱི་ཐབས་ལམ་ཞིག་འཚོལ་ཞིབ་གནང་དགོས་པའི་དགོངས་ཚུལ་གནང་འདུག

བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ནང་ཆོས་དང་མང་གཙོའི་དབར་ཐུན་ཆའི་སྐོར་ངོ་སྤྲོད་གནང་སྐབས་གང་ཟག་ཞིག་ནང་ཆོས་ཉམས་ལེན་པ་ཚད་ལྡན་ཞིག་ཡིན་ཚེ་མང་གཙོའི་གལ་འགངས་མཁྱེན་པའི་ཐོག་ནས་དེ་དོན་དངོས་ལག་བསྟར་ཐོག་འབད་བརྩོན་གནང་ངེས་རེད་ཅེས་གསུངས་པར་མ་ཟད། ལྷག་དོན་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ནང་ཆོས་ཉམས་ལེན་གནང་མཁན་གྲྭ་བཙུན་རྣམས་ཚོས་ནང་སེམས་རྒྱུད་ལ་བསྒྱུར་བཅོས་གནང་བར་འབད་བརྩོན་དགོས་པ་ལས་ཆབ་སྲིད་ནང་མཐའ་གཅིག་ཏུ་ལྷུང་རྒྱུ་མེད་པའི་གཞེན་སྐུལ་དང་སྦྲགས་ཏེ་ཁོང་སྒེར་གྱི་ངོས་ནས་མགོན་པོ་༸གང་ཉིད་མཆོག་གིས་ཉེ་ལམ་ནས་ཆབ་སྲིད་ཀྱི་༸སྐུ་དབང་ཡོངས་རྫོགས་ཕྱིར་བསྡུ་གནང་བའི་དགོས་དམིགས་དེ་དག་ལ་ཐུག་སྲིད་པར་དགོངས་ཀྱི་ཡོད་པའི་དགོངས་ཚུལ་གནང་འདུག

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོ་ནང་བོད་རིགས་གཞོན་སྐྱེས་ཀྱི་མཉམ་ཞུགས་གནང་ཕྱོགས་དང་འབྲེལ་ཏེ་བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་དེ་བོད་མི་གཙོས་སྐྱབས་བཅོལ་མང་ཚོགས་གཞན་ལ་བློ་སྐྱེད་གསར་པ་དང་ཚོད་ལྟ་གནང་ཡུལ་གྱི་དཔེ་མཚོན་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་དང་ལྷག་དོན་གཞོན་སྐྱེས་ནས་མང་གཙོའི་གནང་སྒོར་མཉམ་ཞུགས་གནང་རྒྱུ་དེས་གཞུང་དེ་ཉིད་ཀྱི་མང་གཙོའི་ལམ་སྲོལ་ལ་ལེགས་བཅོས་དང་དེ་བཞིན་ཛ་དྲག་ཅན་གྱི་ངལ་བ་ཁག་སེལ་རྒྱུར་དགེ་མཚན་ཆེན་པོ་ལྡན་ཡོད་སྟབས་དེ་ལྟར་ཡོང་ཐབས་སུ་གཞོན་སྐྱེས་ཚོར་དམིགས་བསལ་གྱི་འོས་འགན་ཡོད་པའི་དྲན་སྐུལ་གནང་བར་མ་ཟད། རྒྱ་གར་དེ་མང་གཙོ་སྣེ་ཁྲིད་གནང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་རྒྱ་གཞུང་གི་གཉའ་གནོན་འོག་མནར་གཅོད་མྱངས་དང་མྱོང་བཞིན་པའི་མང་ཚོགས་ལ་སྲུང་སྐྱོབ་གནང་རྒྱུའི་འགན་དབང་ཡོད་པ་དང་ལྷག་དོན་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་དེ་རྒྱ་དཀར་ནག་དབར་བར་གནས་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་ཀྱང་། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་རྒྱ་གར་གྱི་བར་གནས་མངའ་སྡེ་མང་དག་ཅིག་རྒྱ་ནག་གི་བཙན་འཛུལ་འོག་ཚུད་པ་མ་ཚད་པར་རྒྱ་གར་གྱི་ས་མཚམས་ས་ཁུལ་ཏུ་དཀའ་ངལ་དུ་མ་ཞིག་བཟོ་བཞིན་ཡོད་པར་འགྲེལ་བརྗོད་གནང་སྟེ་ད་ཆ་རྒྱ་གར་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་ལ་རྣམ་པར་གསལ་བའི་རྒྱབ་སྐྱོར་ཐོག་ནས་སྲིད་བྱུས་ཤིག་གཏན་འབེབས་གནང་དགོས་གལ་སོགས་ཀྱི་གཏམ་བཤད་བྱས་འདུག

རྩ་བའི་གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ཉིན་ཚོགས་པའི་དྲྭ་ཐོག་དཔྱད་གླེང་གི་དབུ་འབྱེད་གསུང་བཤད་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ལ་༸ཞབས་སོར་བདེ་བར་འཁོད་ནས་ལོ་གཅིག་ཙམ་ལས་མ་སོང་བའི་མཚམས་སུ་བཙན་བྱོལ་བོད་མིའི་ལས་དོན་ཚང་མ་མང་གཙོའི་ལམ་སྲོལ་ཐོག་ཕེབས་རྒྱུའི་སྲོལ་བཟང་གཏོད་གནང་མཛད་པ་སོགས་ངོ་སྤྲོད་དང་སྦྲགས། བར་སྐབས་ཤིག་ལ་བཙན་བྱོལ་བོད་མིའི་མང་གཙོའི་ལས་དོན་ཐོག་དཀའ་ངལ་འགའ་ཞིག་འཕྲད་ཡོད་ཀྱང་སྤྱི་ཡོངས་ནས་ལས་དོན་བྱེད་ཕྱོགས་ཁག་མང་གཙོ་ཚད་དང་ལྡན་པ་ཞིག་གི་ཐོག་ནས་ཕེབས་བཞིན་ཡོད་པ་གསུངས་ཏེ་སླད་མར་བཙན་བྱོལ་བོད་མིའི་མང་གཙོར་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལེགས་བཅོས་གནང་དགོས་གལ་ཡིན་པ་གསུངས་ཡོད་།

འབྲེལ་ཡོད་གསར་གནས།

གསར་གནས།