Tibetan Royal Year of 2151 | Year of the Wood Dragon

བལ་པོའི་སྲིད་བློན་ལྷ་སར་གཞུང་འབྲེལ་ཕྱོགས་སྐྱོད།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བལ་ཡུལ་གྱི་སྲིད་བློན་ཁ་སང་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ཡོད་པ་ལྟར་དེ་རིང་གངས་རིན་པོ་ཆེ་གཙོས་མ་ཕམ་གཡུ་མཚོར་གནས་སྐོར་བྱ་གཏན་ཁེལ་འདུག

བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཐོན་པར་གཞིགས་ན། བལ་པོའི་སྲིད་བློན་སྐུ་ཞབས་ Pushpa Kamal Dahal ཟླ་བ་འདིའི་ཚེས་ ༢༣ ནས་འགོ་འཛུགས་ཀྱིས་རྒྱ་ནག་ཏུ་རྒྱལ་དོན་སྐྱོར་སྐྱོད་བྱེད་བཞིན་པ་དང་ཁ་སང་རེས་གཟའ་ལྷག་པ་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྟེན་གཞི་བྱས་པའི་ལྷ་ས་གོང་དཀར་གནམ་ཐང་དུ་འབྱོར་འདུག

དེ་རིང་སྲིད་བློན་གྱིས་གངས་རིན་པོ་ཆེ་གཙོས་མ་ཕམ་གཡུ་མཚོར་གནས་སྐོར་བྱེད་ཀྱི་ཡོད་པར་མ་ཟད། རིང་མིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ Wang Junzheng གཙོས་གཞུང་འབྲེལ་མི་སྣ་ཁག་གཅིག་དང་ཐུག་འཕྲད་ཀྱིས་དགོང་ཚིགས་ཐོག་ཕྱོགས་གཉིས་དབར་ཚོགས་འདུ་འཚོགས་རྒྱུ་རེད་འདུག

བལ་པོའི་སྲིད་བློན་གིས་ལྷ་ས་གཙོས་སྟོད་གངས་རིན་པོ་ཆེ་དང་ཉེ་ཁུལ་བོད་ཀྱི་ས་གནས་ཁག་གཅིག་ལ་མ་འགྲོ་གོང་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གི་སྲིད་འཛིན་དང་ཐུག་འཕྲད་བྱས་ནས་ཉིན་གཉིས་ཀྱི་རྗེས་སུ་རྒྱ་ནག་གི་སྲིད་བློན་ Li Qiang དང་ཐུག་འཕྲད་བྱས་ཡོད་པ་དང། འཕྲུལ་རིག་དང་ཚོང་ལས། འབྲེལ་ལམ་མུ་མཐུད་བྱ་རྒྱུ་སོགས་ཀྱི་ཐོག་གྲོས་བསྡུར་བྱས་ཏེ། གྲོས་མཐུན་དོན་ཚན་ ༡༣ ལ་མིང་རྟགས་བཀོད་པའི་ཟུང་སྦྲེལ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་། གྲོས་མཐུན་དོན་ཚན་བདུན་ནི་མོས་མཐུན་གན་རྒྱ་ཞེས་ཁྲིམས་ལུགས་དང་འབྲེལ་བའི་གན་རྒྱ་ལྟ་བུ་མ་ཡིན་པར་ཕྱོགས་ཕན་ཚུན་གྱི་གནད་དོན་གང་རུང་ཐོག་གཉིས་མོས་ཐོག་ནས་བཞག་པའི་ཡིག་ཆ་ཞིག་ཆགས་ཀྱི་འདུག

རྒྱ་བལ་གཉིས་ཀྱི་ཟུང་སྦྲེལ་བསྒྲགས་གཏམ་གྱི་དོན་ཚན་དྲུག་པ་ནང་གསལ་ལྟར་ན་བོད་དང་བོད་པའི་རྩ་དོན་ནི་རྒྱ་ནག་གི་ནང་སྲིད་གནད་དོན་རེད་ཅེས་ད་ལན་བལ་པོའི་གཞུང་གིས་བསྐྱར་དུ་ནན་བརྗོད་བྱས་ཏེ་བལ་ཡུལ་ས་ཐོག་ཏུ་རྒྱ་ནག་དང་ཁ་བྲལ་གྱི་ལས་འགུལ་གང་ཞིག་སྤེལ་མི་ཆོག་པའི་ཁས་ལེན་བྱས་འདུག

ཨ་རིའི་རྒྱལ་ས་ Washington དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བལ་པོའི་སྲིད་བློན་གྱིས་རྒྱ་ནག་ནང་གི་གཞུང་འབྲེལ་སྐོར་སྐྱོད་ཁྲོད་ཕྱོགས་གཉིས་དབར་ཟུང་སྦྲེལ་བསྒྲགས་གཏམ་བཞག་པ་དེ་ནི་གཙོ་བོ་བོད་དང་བོད་མིར་འབྲེལ་ཡོད་ཀྱི་གནད་དོན་ལ་རྒྱ་ནག་གི་ཐེ་བྱུས་དང་བཏང་འཛིན་ཤུགས་ཆེ་རུ་གཏཔང་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པར་མངོན་གསལ་གནང་འདུག

དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་བལ་ཟུང་སྦྲེལ་གྱིས་བཞག་པའི་བསྒྲགས་གཏམ་གྱི་དོན་ཚན་ ༡༣ ཙམ་ཡོད་པ་དེ་ནས་དོན་ཚན་ ༤ ཙམ་བོད་དོན་ལ་ཐད་ཀར་འབྲེལ་བ་ཡོད་པ་དང་བཞི་པོ་དེ་དག་ནི་སྲིད་དོན་དང་ས་མཚམས། འཕྲོད་བསྟེན། ལམ་བཟོ་སོགས་ཀྱི་དོན་ཚན་བཅས་ཡིན་པར་མ་ཟད། ལྷག་དོན་སྲིད་དོན་དང་འབྲེལ་བའི་དོན་ཚན་ནང་བོད་དང་བོད་པའི་རྩ་དོན་དང་། བོད་དོན་ནི་རྒྱ་ནག་གི་ནང་སྲིད་གནད་དོན་རེད་ཅེས་བལ་པོའི་གཞུང་གིས་བསྐྱར་ནན་བྱས་ཏེ་བལ་པོའི་ས་ཐོག་ཏུ་རྒྱ་ནག་ཁ་བྲལ་གཏོང་རྒྱུའི་ལས་འགུལ་གང་ཞིག་སྤེལ་རྒྱུར་དམ་དོན་བྱ་རྒྱུར་ཁས་ལེན་བྱས་ཡོད་པ་དེས་ཤུགས་ལ་བོད་མི་རྣམས་ཀྱི་ངོས་ནས་རྒྱ་གཞུང་གི་དྲག་གནོན་དང་མནར་གཅོད་ཀྱི་བྱ་སྤྱོད་ལ་མི་འདོད་པའི་ཞི་བའི་ངོ་རྒོལ་སོགས་ལས་འགུལ་རིགས་སྤེལ་མི་ཆོག་པ་བཟོས་ཡོད་པར་ཟུར་ཟ་གནང་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་ས་མཚམས་ཀྱི་འབྲེལ་ཡོད་དོན་ཚན་ནང་རྒྱ་བལ་གཉིས་དབར་ཟུང་སྦྲེལ་གྱིས་ལས་འཆར་སྤེལ་རྒྱུའི་གྲོས་མཐུན་བཞག་པ་དེས་ཉེ་བའི་ལོ་ཤས་ནང་བོད་མིར་བལ་ཡུལ་དང་འབྲེལ་ནས་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དེ་ཚོ་ད་དུང་ཆེ་རུ་འགྲོ་ཉེན་དང་། ལྷག་དོན་བལ་པོས་བོད་མི་རྣམས་རྒྱ་མིར་རྩིས་སྤྲོད་སྟངས་གསར་པ་བཟོ་སྲིད་པའི་ཐུགས་འཚབ་ཡོད་སྐོར་གསུངས་ཏེ་བལ་པོའི་གཞུང་གིས་རང་གི་མི་རིགས་ཀྱི་ངོ་བོ་འམ་ཆོས་ལུགས་དང་ཆབ་སྲིད་ཀྱི་ལྟ་བ་སོགས་རྒྱུ་མཚན་དུ་བྱས་ནས་མནར་གཅོད་འོག་ཚུད་སྲིད་པའི་ས་ཆར་མི་དེ་སློག་འཐུས་མེད་པའི་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་ངེས་པར་བརྩི་བཀུར་དང་ལག་ལེན་གནང་དགོས་པར་ནན་བརྗོད་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།